ArchiveAboutContact

Category: Special News

Special News

མི་དབང་མངའ་ཞབས་མཆོག་གིས་ ཀུ་ཝེཊ་ལུ་ཡོད་མི་ འབྲུག་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༡ པའི་ཚེས་ ༡༧ གྱི་ཕྱི་རོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀུ་ཝེཊ་ལུ་ སྡོད་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ད་རེས་ནངས་པར་ ཀུ་ཝེཊ་ལུ་ སྡོད་མི་དང་ ལཱ་འབད་མི་ འབྲུགཔ་ ༣,༥༠༠ ལྷགཔ་ཅིག་རྩིས་ཏེ་ གཱལཕ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ནང་ འབྲུག་མི་ ༥,༣༠༠ དེ་ཅིག་ཡོདཔ་ཨིན་པས། མི་དབང་མཆོག་གིས་ སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ ཀུ་ཝེཊ་གི་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ འབྲུག་རྒྱལ་ཁབ་ཀྱི་ ཆ་རོགས་རྙིང་ཤོས་ཅིག་ཨིན་མི་ ཀུ་ཝེཊ་གི་ བློན་ཆེན་བགྲེསཔ་དང་ཡང་ མཇལ་ཕྲད་མཛད་གནང་འདུག་པའི་གནས་ཚུལ།

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཀུ་ཝེཊ་རྒྱལ་ཁབ་ནང་གཟིགས་སྐོར།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཟླ་ ༡ པའི་ཚེས་ ༡༦ ལས་ འགོ་བཟུང་སྟེ་ ཀུ་ཝེཊ་རྒྱལ་ཁབ་ནང་ གཟིགས་སྐོར་གྱི་དོན་ལས་ ཆིབས་བསྐྱོད་གནང་ཡི། མི་དབང་མངའ་ཞབས་མཆོག་ ཀུ་ཝེཊ་ལུ་ཕེབསཔ་ད་ ཀུ་ཝེཊ་གི་ བརྒྱུད་འཛིན་རྒྱལ་སྲས་ མི་དབང་ཤེག་མི་ཤཱལ་ ཨཱལ་ཨཱ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་གིས་ བ་ཡཱན་ཕོ་བྲང་ནང་སྦེ་ ཕེབས་བསུ་ཞུ་ནུག། མི་དབང་མཆོག་གིས་ གཟིགས་སྐོར་སྐབས་ལུ་ ཀུ་ཝེཊ་གི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་དང་ མཇལ་འཕྲད་མཛད་གནང་ནི་ཨིནམ་མ་ཚད་ ཀུ་ཝེཊ་ལུ་ཡོད་མི་ འབྲུག་པའི་མི་སྡེ་དང་ཡང་ མཇལ་འཕྲད་མཛད་ནི་ཨིན་པས། དུས་ཅི་གི་ ལོ་འདི་ཁར་ འབྲུག་དང་ ཀུ་ཝེཊ་གི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་ ༤༠ འཁོརཝ་ཨིན་པའི་གནས་ཚུལ།

gyalchi
Special News

ཀུར་སྟོད་ཨའུ་ཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་སྨན་བླའི་ ལོ་བསྟར་སྒྲུབ་ཆེན།

རང་ཟླ་ ༡༡ པའི་ཚེས་ ༡༥ སྤྱི་ཟླ་ ༡ པའི་ཚེས་ ༦ ལས་ ཀུར་སྟོད་ཨའུ་ཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ དགེ་འདུན་པ་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ སངས་རྒྱས་སྨན་བླའི་ ལོ་བསྟར་སྒྲུབ་ཆེན་ ཐེངས་ ༤ པ་ གནངམ་ཨིན་པས།དེ་ཡང་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་འདི་ནང་ ནད་ཡམས་མུ་གེ་ཚུ་ཞི་སྟེ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་ ཐུགས་དོན་ཡིད་བཞིན་དུ་ འགྲུབ་ཐབས་ལུ་དང་ མི་སེར་ག་ར་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་པས།ཤར་དར་བརྒྱད་ཀྱི་ མི་སེར་ཚུ་གིས་ སྦྱིན་བདག་འབད་དེ་ ཉིན་གྲངས་ ༩ གི་རིང་ལུ་གནང་མི་ སྒྲུབ་ཆེན་དེ་ སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

gyalchi
Special News

བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལམ་སེལ་ལས་འགུལ་ཐོག་ལས་ བཟོ་སྐྲུན་འབད་མི་ མོང་སྒར་ཀུ་རི་ཆུ་ཟམ་དང་ རྒྱལ་པོའི་ཞིང་གི་ གཞུང་ལམ་འགོ་འབྱེད།

དེ་ཚེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལམ་སེལ་ལས་འགུལ་ཐོག་ལས་ བཟོ་སྐྲུན་འབད་མི་ མོང་སྒར་ཀུ་རི་ཆུ་ཟམ་དང་ རྒྱལ་པོའི་ཞིང་གི་གཞུང་ལམ་ ཀི་ལོ་མི་ཊར་ ༧.༣ གསར་བསྐྲུན་འབད་མི་ འགོ་འབྱེད་མཛད་གནང་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོ་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ མཛད་གནང་ཡོདཔ་ཨིན་པས།གཞུང་ལམ་དེ་ རྒྱ་སྐྱེད་དང་འབྲེལ་ གནས་ཚད་མཐོ་དྲགས་སྦེ་ བསལ་ཡོད་མི་དེ་ཡང་ མོ་བཏབ་ཐོག་ལུ་ སྤུས་ཚད་ཅན་གྱི་ འཁོར་ལམ་སེལ་ནི་དང་ བཟོ་སྐྲུན་ལས་སྡེའི་ནང་ ཐབས་ལམ་དྲག་ཤོས་ཚུ་སྤེལ་ནི་ དེ་ལས་ རྒྱལ་ཁབ་གོང་འཕེལ་ལུ་ དགོས་མཁོ་ཆེ་བའི་ རིག་རྩལ་དང་ ལག་ལེན་འཐབ་མི་ཚུ་ གང་མང་བཟོ་ཐབས་ལུ་ཨིན་པས།འཁོར་ལམ་ལས་འགུལ་དེ་ བདེ་སྲུང་གིས་ ཞབས་ཏོག་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ཚུ་ནང་ བདེ་སྲུང་གིས་ རྫོང་ཁག་ ༢༠ ལུ་ ཆུའི་ལས་འགུལ་ཚུ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་པའི་ཤུལ་ལས་ འགོ་བཙུགས་ནུག།ལས་འགུལ་དེ་ཡང་ ལམ་སེལ་དང་འབྲེལ་བའི་ ལཱ་ཚུ་ནང་ བདེ་སྲུངཔ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་བཏང་སྟེ་ མ་འོངས་པ་ལུ་ ལག་ཤེསཔ་དང་ རིག་རྩལ་ཅན་གྱི་ […]

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དམག་སྦྱོང་མཇུག་བསྡུའི་རྟེན་འབྲེལ་ནང་ཆིབས་བསྐྱོད།

སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ ཕོ་སྐྱེས་ཀྱི་ དམག་སྦྱོང་ཐེངས་ ༧༨ པ་དང་ ཨམ་སྲུའི་དམག་སྦྱོང་ཐེངས་ ༢ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ ཆིབས་བསྐྱོད་གནང་ནུག།དེ་ཡང་ ལོ་ངོ་ ༡ གི་ དམག་སྦྱོང་མཇུག་བསྡུ་མི་ ཕོ་ ༡༥༡ དང་ མོ་ ༡༤༩ འབད་མི་ དམག་མི་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ ས་ཁོངས་ཚུ་ནང་ རྒྱལ་གཞུང་འབྲུག་གི་དམག་སྡེ་འོག་ལུ་ ཕྱག་ཞུ་ནི་ཨིན་པས།མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམག་སྦྱོང་མཇུག་བསྡུ་མི་ཚུ་ལུ་ གསུང་བཤད་གནང་པའི་ནང་གསལ་ དུས་རབས་ ༢༡ པའི་ནང་ སྲུང་སྐྱོབ་ཀྱི་ ཁྱད་ཆོས་མ་འདྲཝ་ ལེ་ཤ་ཅིག་ཡོད་པའི་ནང་ལས་ ས་མཚམས་སྲུང་སྐྱོབ་ཀྱིས་མ་དོ་བར་ དཔལ་འབྱོར་སྲུང་སྐྱོབ་དང་ འཕྲུལ་རིག་ཡོངས་འབྲེལ་སྲུང་སྐྱོབ་ བཟའ་འཐུང་དང་ སྡོད་གནས་སྲུང་སྐྱོབ་ དེ་ལས་ གནམ་གཤིས་འགྱུར་བ་དང་ རང་བཞིན་རྐྱེན་ངན་ཚུ་དང་འབྲེལ་བའི་ སྲུང་སྐྱོབ་ཚུ་ཡོད་ཟེར་ཨིན་པས།དེ་མ་ཚད་ སྲུང་སྐྱོབ་ཀྱི་ ཐབས་ལམ་དེ་ཡང་ ནད་མ་འོངམ་ལས་ རིམ་འགྲོ་དང་ ཆུ་མ་འོངམ་ལས་ཟམ་ཟེར་ […]

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ལུ་གནང་པའི་གསུང་བཤད།

ནོར་བུ་བཟང་མོ་དང་ ལྷག་པ་གྲུབ་བ།ཁྱེད་མི་སེར་ཚུ་ ཁ་ཙ་ཕྱི་རོ་ཆུ་ཚོད་ ༩ དང་ ༡༠ ལས་ར་ ཅང་གླིང་མའི་ཐང་ནང་འཛོམས་ནི་ འགོ་བཙུགས་ནུག་ཟེར་གོ་ཡི། དེ་སྦེ་ ནུབ་ཅིག་ར་ བསྒུགས་སྡོད་མི་དེ་ ད་རེས་ ག་ནི་བ་ རྩ་ཅན་ཨིན་པའི་ རྒྱལ་ཡོངས་དུས་ཆེན་ནང་ བཅའ་མར་གཏོགས་ནི་གི་ མནོ་བསམ་བཏང་སྟེ་ འོང་ཡོདཔ་ལས་ ཁྱེད་ཆ་ཁྱབ་ལུ་ རྒྱབ་སྐྱོར་དང་ ཁྱོད་རའི་ཁ་ཐུག་ལས་ཡང་ ཡིད་ཆེས་དང་ དཔའ་ཉམས་བསྐྱེད་མི་འདི་ལུ་ ངེའི་ཁ་ཐུག་ལས་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་སྦོམ་ཡོད།ད་རེས་ རྒྱལ་ཡོངས་དུས་ཆེན་འདི་ ཅང་གླིང་མི་ཐང་ནང་ རྐྱངམ་ཅིག་ལུ་མིན་པར་ རྫོང་ཁག་ ༢༠ གི་ མི་སེར་ག་ར་ རྒྱང་མཐོང་ནང་ མཇལ་ནི་སྦེ་དང་ ཡང་ཅིན་ རྟེན་འབྲེལ་ཐང་ནང་ འཛོམས་ཞིནམ་ལས་ དགའ་སྟོན་བརྩི་སྲུང་ཞུ་སར་ སྡོད་སྡོདཔ་འོང་། འབྲུགཔ་ལ་ལུ་ཅིག་ ཕྱི་རྒྱལ་ལས་ཕར་ སྡོད་མི་ཚུ་གིས་ཡང་ གློག་རིག་ཡོངས་འབྲེལ་ཐོག་ལས་སྦེ་ མཇལ་སྡོད་དོ་ཡོདཔ་ལས་ ད་རེས་ཀྱི་ ཉིནམ་འདི་ཁར་ འབྲུག་པའི་མི་སེར་ཆེ་འབྲིང་ཆུང་ ༣ ག་ར་ ང་བཅས་ཀྱི་ སེམས་ཁར་དྲན་ཏེ་ཡོད། ད་རེས་ ག་ནི་བ་ཉམས་དགའ་བའི་ […]

gyalchi
Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ལུ་ གུ་རུ་མཚན་བརྒྱད་དང་ ཐོད་ཕྲེང་རིགས་ལྔའི་བཀའ་དབང་།

སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ ཐང་རྫོང་ནང་སྦེ་ ཕྱོགས་ཀྱི་བླ་སྤྲུལ་དང་ མཁན་སློབ་ཚུ་གིས་གཙོས་པའི་ འཕགས་པའི་དགེ་འདུནམ་དང་ སྒོམ་ཆེན་ ཨ་ཌེམ་ དེ་ལས་ དད་ཅན་གྱི་ མི་སེར་ཁྲི་ཕྲག་སྦེ་ འཛོམས་མི་ཚུ་ལུ་ གུ་རུ་མཚན་བརྒྱད་དང་ ཐོད་ཕྲེང་རིགས་ལྔའི་ བཀའ་དབང་གནང་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༤ ལས་ འགོ་བཙུགས་ཏེ་ བདུན་ཕྲག་ ༡ གི་རིང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤུ་ན་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ འཚོགས་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
Special News

སྤ་རོ་སྤང་སྦིས་ས་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་ནང་ལས་ སློབ་ཕྲུག་སྡེ་ཚན་དང་པའི་ མཐར་འཁྱོལ་རྟེན་འབྲེལ།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤ་རོ་སྤང་སྦིས་ས་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་ནང་ལས་ སློབ་ཕྲུག་སྡེ་ཚན་དང་པའི་ མཐར་འཁྱོལ་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།དེ་ཡང་ སྤྱི་ལོ་ ༢༠༢༢ ལུ་ ཁྲིམས་དོན་མཐོ་རིམ་ཤེས་ཚད་དང་ མཐོ་རིམ་གོང་མའི་ རྒྱལ་ཡོངས་ཁྲིམས་དོན་གྱི་ ཤེས་ཚད་ཌི་པཱོལ་མའི་ སྦྱོང་བརྡར་མཐར་འཁྱོལ་མི་ སློབ་ཕྲུག་ ༢༥ ཡོད་མི་ཚུ་ སྤྱི་ལོ་ ༢༠༡༧ ལུ་ སྤེལ་ཁང་འགོ་དང་པ་ གཞི་བཙུགས་འབདཝ་ད་ འཛུལ་ཞུགས་འབད་མི་ སློབ་ཕྲུག་སྡེ་ཚན་དང་པ་ཨིན་པས།རྟེན་འབྲེལ་སྐབས་ལུ་ མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ མཐར་འཁྱོལ་གྱི་དོན་ལུ་དང་ འབྲུག་རྒྱལ་ཁབ་ཀྱི་ ཡར་འཕེལ་ཅན་གྱི་ རེ་འདུན་ཚུ་ འགྲུབ་ནི་ལུ་ ཕན་ཐོགས་ཀྱི་དོན་ལས་ སློབ་ཕྲུག་ཚུ་གིས་ མཐོ་རིམ་དང་ ཁྱད་རིག་ཤེས་ཡོན་ཚུ་ འཕྲོ་མཐུད་དེ་ར་ སྦྱང་དགོ་པའི་ བཀའ་སློབ་ཡང་གནང་ནུག།འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་དེ་ སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ བཀའ་ཁྲིམས་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ […]

gyalchi
Special News

སྐྱབས་རྗེ་མཆོག་གིས་ སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་ གཙུག་ལག་ཁང་ལུ་ བཀྲིས་རབ་གནས།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ ར་མེ་སྟོད་ལུ་ གསར་བཞེངས་འབད་མི་ སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་ གཙུག་ལག་ཁང་ལུ་ བཀྲིས་རབ་གནས་གནང་ནུག།ཐོག་ཚད་ ༩ འབད་མི་ གཙུག་ལག་ཁང་གི་ ས་བླངས་རྟེན་འབྲེལ་དེ་ཡང་ སྤྱི་ལོ་ ༢༠༡༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མཛད་གནང་ཡོདཔ་ཨིན་པས།སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༠༩ ལུ་ སྒོ་འབྱེད་རྟེན་འབྲེལ་ མཛད་གནང་མི་ བརྟན་འབྲུག་གྲྭ་ཚང་དེ་ བརྟན་འབྲུག་མདོ་སྔགས་ཆོས་གླིང་ དགོན་འཛིན་གྲྭ་ཚང་སྦེ་ མཚན་གསོལ་མཛད་གནང་པའི་ཁར་ དགོན་ཁང་ཅིག་ལུ་ཡང་ བཀྲིས་རབ་གནས་ མཛད་གནང་པའི་ཤུལ་ལུ་ ས་གནས་དེ་ཁར་འཛོམས་མི་ མི་སེར་ཚུ་ལུ་ ཚེ་དབང་ཅིག་ཡང་གནང་ནུག།དེ་མ་ཚད་ དབང་འདུས་རྫོང་ཁག་ ཐེད་ཚོ་རྒེད་འོག་ལས་ སྐྱེས་ལོ་ ༤༣ འབད་མི་ བླམ་སངས་རྒྱས་མཁའ་འགྲོ་དེ་ གོ་གནས་ཡར་སེང་ཐོག་ལུ་ མཁན་པོ་སྦེ་ བསྐོ་བཞག་མཛད་དེ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཐིམ་ཕུ་དཀར་སྦིས་ས་ལས་ སྐྱེས་ལོ་ […]

gyalchi
Special News

མི་དབང་མཆོག་གིས་ མི་ངོམ་ ༥༧༩ ལུ་ འབྲུག་པའི་མི་ཁུངས་ཀྱི་ སྐྱིད་སྡུག་གནང་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ མི་ངོམ་ ༥༧༩ ལུ་ འབྲུག་པའི་མི་ཁུངས་ཀྱི་ སྐྱིད་སྡུག་གནང་ནུག། དེ་བསྒང་ མི་ཁུངས་ཐོབ་མི་ཚུ་གིས་ ཁས་བླངས་དམ་བཅའ་ཞུ་བའི་ཁར་ མི་དབང་མངའ་ཞབས་མཆོག་གི་ ཞལ་མཇལ་ནི་གི་ གོ་སྐབས་ཡང་ ཐོབ་ཡོདཔ་ཨིན་པས། ད་ཚུན་གྱི་རིང་ལུ་ མི་དབང་མཆོག་གིས་ སྐྱིད་སྡུག་ཚུ་ གནང་པའི་ནང་གསེས་ལས་ མི་ངོམ་ ༢༥,༠༠༠ དེ་ཅིག་ལུ་ འབྲུག་པའི་མི་ཁུངས་ཀྱི་ སྐྱིད་སྡུག་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས་་།

gyalchi
Online now: 34 Today: 469 Total visitors: 3146