ArchiveAboutContact

Category: National News

National News

ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྣམ་ཅོ་བརྟག་དཔྱད་ཁང་འགོ་འབྱེད།

སྒྲོལ་མ་ཡེ་ཤེས་དང་བདེ་སྐྱིད་ཆོས་སྒྲོན།སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྣམ་ཅོ་བརྟག་དཔྱད་ཁང་ འགོ་འབྱེད་འབད་མི་དེ་གིས་ རྒྱལ་ཁབ་ནང་ ཨ་ལོ་རྣམ་ཅོ་མ་གོ་བའི་ གནད་དོན་བཀག་ནི་ཚུ་ དུས་ཚོད་ཁར་ བདའ་ཟུན་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།དེ་ཡང་ གསོ་བ་ལྷག་ཁག་གིས་ ཡུ་ཨེན་འཕྲུལ་རིག་དངུལ་ཁང་དང་ མེ་ཊོ་ནིག་ལེབཛ་ཇི་ཨེན་ཨར་ས་འུནཌ་དང་ ཨཱཛ་ཊི་ཡ་ གོང་འཕེལ་ལས་ཚབ་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཞི་བཙུགས་འབད་ནུག།འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ མིག་ཏོ་སྐྱོན་ཅན་གྱི་ ལས་རིམ་འོག་ལུ་ མིག་ཏོ་ཁར་ སྐྱོན་ཕོག་མི་ ཨ་ལོ་བརྒྱ་ཆ་ ༩༩.༤ དེ་ཅིག་ བརྟག་དཔྱད་འབད་དེ་ མིག་ཤེལ་ཚུ་ བྱིན་ཡོདཔ་ལས་ ལས་རིམ་དེ་གི་དོན་ལུ་ གྲུབ་འབྲས་སྦོམ་ཅིག་ཨིན་ཟེར་བཤད་ནུག།དེ་མ་ཚད་ སྤྱི་ལོ་ ༢༠༡༩ ལུ་ རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ སྲིད་བྱུས་ཆ་འཇོག་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་བསུབ་ནི་གི་ དམིགས་ཡུལ་དང་གཅིག་ཁར་ དབང་པོ་སྐྱོན་ཅན་སྦོམ་ཤོས་ཅིག་ཨིན་མི་ མིག་ཏོ་མ་མཐོང་མི་དང་ རྣམ་ཅོ་མ་གོ་ ༢ ཀྱི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།རྒྱལ་ཁབ་ནང་ སྔོན་འགོག་འབད་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ཏེ་ […]

gyalchi
National News

མཉམ་འབྲེལ་གྲོས་སྟོན་ཞལ་འཛོམས།

ད་རིས་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ རྒྱལ་སྤྱི་གངས་རི་གོང་འཕེལ་གཅིག་བསྒྲིལ་ལྟེ་བ་དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ ༢ ཀྱི་བར་ན་ ཐིམ་ཕུ་ལུ་སྦེ་  སྤྱི་ལོ་ ༢༠༢༣ ལས་ ༢༠༢༦ གི་ བར་མཚམས་དམིགས་དོན་འཆར་གཞི་ བརྩམ་ནི་གི་ ལས་འཆར་ ༥ པའི་ མཉམ་འབྲེལ་གྲོས་སྟོན་ཞལ་འཛོམས་ འཚོགས་ཡོད་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

སྤྱི་ལོ་ ༢༠༢༢ ལུ་ ཞི་གཡོག་སྔོན་འགྲོའི་ ཆོས་རྒྱུགས་ཀྱི་དོན་ལས་ ཐོ་བཀོད་འབད་མི་ སློབ་ཕྲུག་མར་འབབ།

སྒྲོལ་མ་ཡེ་ཤེས་དང་བདེ་སྐྱིད་ཆོས་སྒྲོན།ད་རིས་ སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ ཞི་གཡོག་སྔོན་འགྲོའི་ ཆོས་རྒྱུགས་ཀྱི་དོན་ལས་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁག་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ སློབ་ཕྲུག་ཡོངས་བསྡོམས་ ༣,༨༨༤ གིས་ ཐོ་བཀོད་འབད་ཡོདཔ་ད་ ཆོས་རྒྱུགས་དེ་ཡང་ ཐིམ་ཕུ་དང་ མོང་སྒར་རྫོང་ཁག་ ༢ ཀྱི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༡ དང་ཕྱདཔ་ད་ དུས་ཅི་ སློབ་ཕྲུག་ ༧༡༥ དེ་ཅིག་གིས་ མར་ཕབ་སོང་ཡོདཔ་ད་ དེ་སྦེ་ མར་ཕབ་འགྱོ་མི་དེ་ ན་གཞོན་མང་ཤོས་ཅིག་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་བའི་ཤུལ་ལས་ ཨཱཛ་ཊེ་ལི་ཡ་ལུ་ འགྱོ་ནི་སྦེ་ ཆོས་རྒྱུགས་ཀྱི་དོན་ལུ་ གྲ་སྒྲིག་མེད་ནི་དེ་གིས་ ཐོ་བཀོད་མ་འབདཝ་ འོང་ནི་མས་ཟེར་ ན་གཞོན་ཚུ་གིས་ བཤདཔ་ཨིན་པས།དེ་མ་ཚད་ ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་མ་འབད་མིའི་གྲས་ཁར་ མང་ཤོས་ཅིག་ར་ ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ཨིནམ་ད་ དེ་ཡང་ མཐོ་རིམ་སློབ་གྲྭའི་ མཐར་འཁྱོལ་རྟེན་འབྲེལ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༢༡ […]

gyalchi
National News

ད་ལས་ཕར་ ཞི་གཡོགཔ་དང་ ལས་བྱེདཔ་ཚུ་ལུ་ དམིགས་བསལ་གྱི་ ངལ་གསོ་མི་འཐོབ་ནི།

བདེ་སྐྱིད་ཆོས་སྒྲོན་དང་སྒྲོལ་མ་ཡེ་ཤེས།རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཞི་བཀོད་བསྐྱར་བཟོ་དང་ ལེགས་སྒྱུར་འབད་མི་དང་འཁྲིལ་ཏེ་ ཞི་གཡོགཔ་དང་ ལས་བྱེདཔ་ག་ར་ལུ་ ད་ལས་ཕར་ དམིགས་བསལ་གྱི་ ངལ་གསོ་མི་འཐོབ་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྱབ་སྤེལ་གནང་མི་ ཡིག་ཚང་བཀའ་རྒྱའི་ནང་ བཀོད་ཡོདཔ་ད་ གལ་སྲིད་ དམིགས་བསལ་གྱི་ ངལ་གསོ་ཞུ་དགོ་པ་ཅིན་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་ ༢༠༡༨ ཅན་མ་དང་འཁྲིལ་ཏེ་ དགོངས་ཞུ་འབད་དགོ་ཟེར་བཀོད་ནུག།དེ་མ་ཚད་ ཡིག་ཚང་བཀའ་རྒྱ་དེ་ཡང་ དེ་འཕྲལ་ལས་ ལག་ལེན་འཐབ་དགོཔ་སྦེ་ ཡིག་ཚང་བཀའ་རྒྱའི་ནང་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

རྒྱལ་ཁབ་ནང་ ཡོངས་འབྲེལ་མཐུན་རྐྱེན་ ཨིན་ཊར་ནེཊ་ སྤྱོད་འཐུས་མར་ཕབ།

སྤྱི་ཟླ་ ༨ པའི་ཚེས་ ༡ ལས་ ཡོངས་འབྲེལ་མཐུན་རྐྱེན་ ཨིན་ཊར་ནེཊ་ ཨེམ་བི་པི་ཨེཛ་རེར་ སྤྱོད་འཐུས་དངུལ་ཀྲམ་ ༥༥༠ རེ་ལུ་ མར་ཕབ་འབད་ཡོདཔ་ད་ ཧེ་མར་འབད་བ་ཅིན་ ཨིན་ཊར་ནེཊ་ ཨེམ་བི་པི་ཨེཛ་རེ་ལུ་ སྤྱོད་འཐུས་དངུལ་ཀྲམ་ ༡,༣༥༠ རེ་ གནས་དོ་ཡོདཔ་ཨིན་པས།དེ་འབདཝ་ལས་ ད་ལས་ཕར་ གཞུང་གིས་ ཟླ་རིམ་བཞིན་དུ་ ཨིན་ཊར་ནེཊ་སྤྱོད་འཐུས་ དངུལ་ཀྲམ་ ༡༣,༡༠༧.༢༠༠ དེ་རེ་འབདཝ་ད་ ལོ་བསྟར་དངུལ་ཀྲམ་ ༡༥༧,༢༨༦,༤༠༠ དེ་རེ་ གསོག་འཇོག་འབད་ཚུགས་ཟེར་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།དེ་སྦེ་ མར་ཕབ་འབད་མི་དེ་ཡང་ འབྲུག་བརྒྱུད་འཕྲིན་ཚད་འཛིན་གྱིས་ ཡོངས་འབྲེལ་ཚུ་ག་ར་ ཨོབ་ཊི་ཀཱལ་ ཕའི་བར་ཟེར་མི་ ་མཐུན་རྐྱེན་དང་ སྦྲེལ་མཐུད་འབད་ནི་དེ་གིས་ཨིནམ་ད་ ད་ལས་ཕར་ ཨིན་ཊར་ནེཊ་ ལག་ལེན་འཐབ་མི་ གཞན་ཚུ་ལུ་ཡང་ ཨེམ་བི་པི་ཨེཛ་རེ་ལུ་ སྤྱོད་འཐུས་དངུལ་ཀྲམ་ ༥༥༠ རེ་སྦེ་ འཐོབ་ནི་ཨིན་པས།དེ་བཟུམ་སྦེ་ བཀྲིས་བརྒྱུད་འཕྲིན་གྱི་ ཡོངས་འབྲེལ་གླར་སྤྱོད་ཀྱི་ ཚད་གཞི་བསྐྱར་ཞིབ་འབད་མི་དེ་ཡང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ […]

gyalchi
National News

ལྷོ་ཀོ་རི་ཡ་གིས་ འབྲུག་ལུ་ གློག་ཤུགས་སྣུམ་འཁོར་ ༤ རྩིས་སྤྲོད།

སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ འབྲུག་གི་དོན་ལས་ ལྷོ་ཀོ་རི་ཡའི་གཞུང་ཚབ་ ལི་ཇང་ཀེ་འུན་གྱིས་ ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་ལུ་ ཧུན་ཌའི་ཀོ་ན་ཟེར་མི་ གློག་ཤུགས་སྣུམ་འཁོར་ ༤ རྩིས་སྤྲོད་འབད་ནུག། སྣུམ་འཁོར་དེ་ཡང་ འབྲུག་ལུ་ ལྷོ་ཀོ་རི་ཡ་གཞུང་གིས་ སྤྱི་ལོ་ ༢༠༢༡ གི་ ལས་འགུལ་ཆུང་བའི་ གྲོགས་རམ་འོག་ལས་ བྱིན་ཡོདཔ་ད་ སྤྱི་ལོ་ ༢༠༡༦ ལས་ཚུར་ ཧུན་ཌའི་ཀོ་ན་རྩིས་ཏེ་ ཀོ་རི་ཡ་གཞུང་ལས་ སྣུམ་འཁོར་ ༢༢ ཐོབ་སྟེ་ཡོདཔ་ཨིན་པས། ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་གྱིས་ གློགས་ཤུགས་སྣུམ་འཁོར་ ༤ ལུ་བརྟེན་ཏེ་ གཞུང་གིས་ ནག་རྫས་མར་ཕབ་ཀྱི་ སྐྱེལ་འདྲེན་ལམ་ལུགས་ ཡར་དྲག་གཏང་ནི་སྦེ་ འབད་རྩོལ་བསྐྱེད་མི་ལུ་ ལྷན་ཐབས་འབྱུང་འོང་ཟེར་བཤད་ནུག། སྣུམ་འཁོར་རྩིས་སྤྲོད་ཀྱི་ རྟེན་འབྲེལ་སྐབས་ལུ་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

gyalchi
National News

རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ངོས་འཛིན།

དུས་ཅི་ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༦ པ་ཚུན་འབདཝ་ད་ འདས་པའི་ཟླ་ངོ་ ༦ གི་རིང་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ གསོ་བའི་ལྷན་ཁག་ལས་ གསལ་སྟོན་འབད་མི་ སྙན་ཞུ་ཅིག་ནང་ བཀོད་ཡོདཔ་ད་ དེ་སྦེ་ ནད་འབུབ་ཐོབ་མི་ཚུ་ཡང་ ཕོ་སྐྱེས་ ༡༩ དང་ ཨམ་སྲུ་ ༢༡ ཨིན་པས། དེ་སྦེ་ ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ སྐྱེས་ལོ་ ༢༥ ལས་ ༤༥ གི་བར་ན་འབད་མི་ བརྒྱ་ཆ་ ༧༠ དང་ སྐྱེས་ལོ་ ༥༠ ཡན་ཆད་འབད་མི་ བརྒྱ་ཆ་ ༥༠ སྐྱེས་ལོ་ ༢༠ ལས་ […]

gyalchi
National News

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ ཆོས་འཁོར་དང་པ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན།

ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ ཆོས་འཁོར་དང་པ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་ཨིན།དེ་འབདཝ་ལས་ དུས་ཅི་ རང་ཟླ་ ༦ པའི་ཚེས་ ༤ འདི་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ཕོག་ཡོདཔ་ལས་ དད་ལྡན་མི་མང་ཡོངས་ཀྱིས་ ཚོགས་འཁོར་བསྐོར་ནི་དང་ རྒྱལ་བའི་གསུང་རབ་ལྷག་ནི་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ དགེ་བའི་ལཱ་ལུ་ བརྩོན་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ཨིན་པས།དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་འབད་རུང་ ཞག་བདུན་ཕྲག་ ༧ གྱི་རིང་ལུ། ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། ། ཟེར་གསུང་བཅད་དེ་བཞུགས་ནུག།དེ་བསྒང་ ལྷ་ཚངས་པ་གིས་ ཚེ་སྔོན་གྱི་སྨོན་ལམ་ སེམས་ཁར་དྲན་ཏེ་ […]

gyalchi
National News

འཛམ་གླིང་རྒྱལ་སྤྱིའི་ སྟག་གི་ཉིནམ་དང་འབྲེལ་ཏེ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ གཞི་བཙུགས་འབད་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ འགོ་བཙུགས་ཡོདཔ་ཨིན་པས།རྒྱལ་སྤྱི་སྟག་གི་ཉིནམ་དེ་ ལོ་ལྟར་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་འབད་ནི་དེ་ གཅན་གཟན་སྟག་ཡོད་མི་ རྒྱལ་ཁབ་ ༡༣ གྱིས་ སྤྱི་ལོ་ ༢༠༡༠ ལུ་ འཛམ་གླིང་ནང་ སེམས་ཅན་སྟག་གི་ གྱངས་ཁ་དེ་ ལོག་བལྟབ་ཀྱིས་ ཡར་སེང་རྐྱབ་ནི་གི་ དམིགས་གཏད་བསྐྱེད་དེ་ འགོ་བཙུགས་ནུག།འབྲུག་རྒྱལ་ཁབ་ནང་ འཛམ་གླིང་རྒྱལ་སྤྱི་ སྟག་གི་ཉིནམ་ ཐེངས་ ༡༢ པ་དེ་ ཀྲོང་གསར་ལུ་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ ཀྲོང་གསར་རྫོང་ཁག་ ནུབ་སྦྱིས་དང་ སྟང་སི་སྦྱིས་ གླང་མཐིལ་ སྐོར་ཕུག་ དེ་ལས་ བུམ་ཐང་ཆུ་སྨད་བརྩིས་ཏེ་ རྒེད་འོག་ ༥ གི་ནང་ གཞུང་འབྲེལ་ཐོག་ལས་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ཨིན་པས།སྟག་གི་ཉིནམ་ བརྩི་སྲུང་སྐབས་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ […]

gyalchi
National News

འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས།

ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས་ ཐེངས་ ༡༧ པ་ ཐིམ་ཕུ་ལུ་སྦེ་ འཚོགས་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱིད་ཆོས་སྒྲོན་དང་ རྒྱ་པཱན་གྱི་ ཁ་ཐུག་ལས་ རྒྱ་གར་ནིའུ་དྷི་ལིར་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་ དྲུང་ཆེན་དང་པ་ ཧི་རོ་ཡུ་ཀི་ ཡ་མ་ཤི་ཏ་ ༢ ཀྱིས་ འགོ་ཁྲིད་ཐོག་ལུ་འཚོགས་ནུག། དེ་བཟུམ་སྦེ་ འབྲུག་ལུ་ཡོད་མི་ རྒྱ་པཱན་ཇའི་ཀ་ཡིག་ཚང་གི་ སྐུ་ཚབ་གཙོ་འཛིན་ ཀོ་ཟོ་ཝ་ཏ་ན་བེ་དང་ འབྲུག་གཞུང་དང་ ཇའི་ཀ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས། གྲོས་འཛོམས་དེ་ནང་ འབྲུག་གི་འཐུས་མི་སྡེ་ཚན་གྱི་ ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༢ པའི་ དུས་མཐུན་སྙན་ཞུ་དང་ འཆར་གཞི་ ༡༣ པའི་ ཟིན་བྲིས་ཚུ་ གསལ་བཤད་འབད་ཡོདཔ་ད་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ ད་རེས་ནངས་པར་ ལག་ལེན་འཐབ་བཞིན་དུ་ཡོད་མི་ […]

gyalchi
Online now: 14 Today: 1293 Total visitors: 8513