རྩོད་དཔོན་ཡོངས་ཁྱབ་ཀྱིས་ མི་རྗེ་བློན་ཆེན་ལུ་ དགོངས་ཞུའི་ཡི་གུ།
ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ ལཱ་གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་བཏོན་པའི་ཤུལ་ལས་ རྩོད་པོན་ཡོངས་ཁྱབ་ཀྱིས་ མི་རྗེ་བློན་ཆེན་ལུ་ དགོངས་ཞུའི་ཡི་གུ་ ཕུལ་ཡོདཔ་ལས་ མི་སེར་ཆེ་འབྲིང་ཆུང་ ༣ ག་ར་གིས་ རྒྱབ་སྐྱོར་དང་ དྲང་བདེན་གྱི་རེ་ས་ དྲང་ཁྲིམས་ལྷན་སྡེའི་རིང་ལུགས་ཀྱི་ དྲང་བདེན་ལུ་ བློ་ཕམ་དང་ དོགས་པ་ཡོད་ལུགས་ཚུ་ བཤདཔ་ཨིན་པས།དེ་མ་ཚད་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ དྲང་ཁྲིམས་ལོག་སྤྱོད་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ཏེ་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་པ་ལུ་བརྟེན་ཏེ་ མི་སེར་ལེ་ཤ་ཅིག་གིས་ དྲང་བདེན་མེད་པའི་ འཁྲུན་ཆོད་གནང་མི་ཚུ་ ལོག་སྟེ་ར་ བསྐྱར་ཞིབ་འབད་དགོ་པའི་ བསམ་འཆར་བཀོདཔ་ཨིན་པས།དྲང་དཔོན་ ༢ པོ་དེ་ དོགས་ཅན་ ༢ ཀྱིས་ སྨྱོ་རྫས་ནག་ཚོང་དང་ ལག་བཞག་དང་འབྲེལ་བའི་ རྩོད་བཤེར་གྱི་ སྙན་གསན་ལག་ལེན་འཐབ་མི་ཨིནམ་ད་ དྲང་ཁྲིམས་ལྷན་སྡེ་ལས་ འབྲུག་རྒྱང་བསྒྲགས་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ མི་མང་ག་ར་ལུ་ འདྲ་མཉམ་དང་ དྲང་བདེན་གྱི་ དྲང་ཁྲིམས་འཐོབ་ནི་ཡོདཔ་ བཟོ་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཟེར་ཨིན་པས།དེ་ཡང་ ཞིབ་དཔྱད་འབདཝ་ད་ གནས་སྐབས་ཅིག་ […]
