ArchiveAboutContact

Category: National News

National News

བཙག་འཐུ་ལྷན་ཚོགས་ཀྱིས་ གོམས་འདྲིས་བལྟ་སྐོར་དང་ གྲོས་བསྟུན་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་སྲིད་ནི།

གཞུང་འབྲེལ་ཐོག་ལུ་ བསྐུལ་བསྒྲགས་ཀྱི་དུས་ཚོད་ ཁྱབ་བསྒྲགས་མ་འབད་བའི་ སྔ་གོང་ལས་ར་ སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་འབད་དོ་ཡོད་པའི་ དོགས་པ་ཡོད་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ བཤད་ཡོདཔ་ཨིན་པས།དེ་འབདཝ་ལས་ སྲིད་དོན་ཚོགས་པ་གསརཔ་ཚུ་གིས་ གོམས་འདྲིས་བལྟ་སྐོར་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་ནི་དང་ སྲིད་ཚོགས་རྙིངམ་ཚུ་གིས་ གྲོས་བསྟུན་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་སྲིད་ནི་བཟུམ་ཅིག་ཡོདཔ་ཨིན་པས།དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ དོགས་སེལ་འབད་མི་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཚུ་གིས་ གོམས་འདྲིས་བལྟ་སྐོར་སྐབས་ལུ་ སྲིད་དོན་ཚོགས་པའི་ འགོ་ཁྲིདཔ་དང་ ལས་རྟགས་ དེ་ལས་ ལྟ་བ་དང་ འཆར་སྣང་ཚུ་རྐྱངམ་གཅིག་ ངོ་སྤྲོད་འབད་ཆོག་ཟེར་ཨིནམ་ད་ སྲིད་ཚོགས་རྙིངམ་ཚུ་གིས་འབད་བ་ཅིན་ ཚོགས་པ་ཁོང་རང་དང་ ཐོ་བཀོད་གྲུབ་པའི་ འཐུས་མི་ཚུ་གི་བར་ན་རྐྱངམ་གཅིག་ གྲོས་བསྟུན་ཞལ་འཛོམས་དེ་ འགོ་འདྲེན་འཐབ་ཆོག་ཟེར་ཨིན་པས།དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཐོ་བཀོད་གྲུབ་པའི་ འཐུས་མི་ཚུ་དང་གཅིག་ཁར་ ཚོགས་པའི་མདུན་ལམ་གྱི་སྐོར་ལས་ གྲོས་བསྟུན་ཚུ་འབད་དེ་ ཁས་བླངས་གསལ་བསྒྲགས་ཚུ་ བསྐྱར་ཞིབ་འབད་ཆོག་ནི་ཨིན་རུང་ སྲིད་ཚོགས་ཚུ་གིས་ བསྐུལ་བསྒྲགས་འབདཝ་ལས་ བྱ་སྤྱོད་དང་འཁྲིལ་ཏེ་ བཙག་འཐུ་ལྷན་ཚོགས་ཀྱིས་ གོམས་འདྲིས་བལྟ་སྐོར་དང་ གྲོས་བསྟུན་ཞལ་འཛོམས་ཚུ་ མགྱོགས་པ་ར་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་སྲིད་ནི་བཟུམ་ཅིག་ཡོདཔ་ཨིན་པས།གལ་སྲིད་ དོགས་པ་ཅན་གྱི་ གླེང་གཏམ་ཚུ་ ཡང་བསྐྱར་འཐོན་པ་ཅིན་ […]

National News

སྤ་རོ་གནམ་ཐང་གི་ ཅ་དམ་འགོ་དཔོན་ཚུ་གིས་ ཁྲིམས་འགལ་གྱི་ གསེར་དང་སྦྲགས་ཏེ་ མི་ངོམ་ ༢ འཛིན་བཟུང་།

སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ སྤ་རོ་གནམ་གྲུ་ཐང་གི་ ཅ་དམ་འགོ་དཔོན་ཚུ་གིས་ གསེར་ཀེ་ཇི་ ༦ ཁེན་སྦྱར་ནང་ སྦ་ཐོག་ལས་ འབག་འོང་མི་ རྒྱ་གར་གྱི་མི་ཁུངས་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ནུག།དེ་ཡང་ རྒྱ་གར་བི་ཧར་མངའ་སྡེའི་ ས་གནས་པཱཏ་ན་ལས་ སྐྱེས་ལོ་ ༢༣ འབད་མི་དེ་ ཐབ་གཡོགཔ་ཅིག་ཨིནམ་ད་ ཕོ་སྐྱེས་དེ་ དུ་བཱ་ཡེ་ལས་ བེང་ཀོག་བརྒྱུད་དེ་ སྤ་རོ་ལུ་ འོང་ཡོདཔ་ཨིན་པས།ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསེར་དེ་ འབྲུག་ལུ་ བསྐྱལ་ནི་གི་དོན་ལས་ ཁོ་གི་འགོ་དཔོན་གྱིས་ བྱིན་ཡོདཔ་སྦེ་ཨིནམ་ད་ སྤྲོད་ཡུལ་དེ་ ག་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་རུང་ ཁོ་ བཟའ་ཁང་ནང་ ལྷོད་པའི་ཤུལ་ལས་ གསེར་ལེན་མི་ཅིག་ འཐོན་འོང་ཟེར་ སླབ་ཡོདཔ་སྦེ་ཨིན་པས།ཁོ་གི་དོན་ལས་ སྤ་རོ་ལུ་ བཟའ་ཁང་ཅིག་ ཉིན་གྲངས་ ༢ ཀྱི་དོན་ལས་ མཁོ་མངགས་འབད་དེ་ཡོད་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ གནམ་གྲུའི་ནང་འོང་མི་ རྒྱ་གར་གྱི་ མི་ཁུངས་ ༢ ལུ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ དྲི་དཔྱད་ཚུ་འབད་ནུག།ཁོང་ […]

National News

ཕོ་སྐྱེས་ཅིག་གིས་ ཁོ་རའི་བུམོ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་ཟོན་ཐོག་ལས་འཛིན་བཟུང།

སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ ཐིམ་ཕུའི་རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྐྱེས་ལོ་ ༤༣ འབད་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་བུམོ་ སྐྱེས་ལོ་ ༡༨ འབད་མི་ལུ་ དབང་བཙོང་འདོད་སྤྱོད་དང་ སྐྱེས་ ༡༤ འབད་མི་ལུ་ འདོད་སྤྱོད་འབད་ནི་སྦེ་ དཔའ་བཅམ་ཡོད་པའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ནུག།དེ་ཡང་ ཨ་པ་དེ་གིས་ སྐྱེས་ལོ་ ༡༨ འབད་མི་ བུམོ་དང་གཅིག་ཁར་ འདོད་སྤྱོད་ཐོག་ལུ་སྡོད་དེ་ ལོ་ངོ་དག་པ་ཅིག་ སོང་ཡོདཔ་ད་ སྐྱེས་ལོ་ ༡༤ འབད་མི་ བུམོ་དེ་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།རྒྱལ་གཞུང་འགག་སྡེ་གིས་ བུམོ་སྦོམ་ཤོས་དེ་གིས་ གནད་དོན་དེ་གི་སྐོར་ལས་ སློབ་གྲྭའི་ནང་ མོ་རའི་ཆ་རོགས་ཅིག་ལུ་ གསང་བའི་སྒོ་ལས་ སླབ་ཡོད་རུང་ ཆ་རོགས་དེ་གིས་ སློབ་གྲྭའི་སློབ་དཔོན་ལུ་ ཞུ་བ་འབད་བའི་ཤུལ་ལས་ ཧ་གོ་སྟེ་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

National News

འབྲུག་པའི་གླ་འཁོར་ཅིག་ལས་ གློ་སྨན་ཁུ་བ་ཚུ་ ཐོབ་མི་དང་འབྲེལ་ཏེ་ མི་ངོམ་ ༢ འཛིན་བཟུང་།

རྒྱ་གར་ཇའེ་སྒང་དང་ ཕུན་ཚོགས་གླིང་གི་ ས་མཚམས་བདའ་སྟེ་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་ བཀག་འཛིན་གྱི་དོན་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེདཔ་ཨིན་པས། དེ་ཡང་ རྒྱ་གར་ནུབ་བེང་གཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ༢ ལུ་ གནད་དོན་འདི་ དོ་འགྲན་ཅན་ཅིག་སྦེ་ར་ གནས་ཏེ་ཡོད་རུང་ འཕྲལ་ཁམས་ཀྱི་ བརྩོན་ཤུགས་ཐོག་ལས་ བཀག་འཛིན་གྱི་ལཱ་ཚུ་ ཧ་ལམ་མཐར་འཁྱོལ་ཅན་ཅིག་ལུ་ འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས། འདས་པའི་ལོ་ཚུ་ནང་ རྒྱ་འབྲུག་ས་མཚམས་ཀྱི་ ས་ཁོངས་དེ་ནང་ སྨྱོ་རྫས་དང་འབྲེལ་བའི་ ལཱ་ངན་ཚུ་ ཚབས་ཆེན་སྦེ་ར་ བྱུང་ཡོདཔ་དང་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་གིས་ བདའ་མི་ཟུན་ནི་གི་ ཐབས་ཤེས་ལུ་ གསང་བའི་འགྲུལ་ལམ་ཚུ་ ལག་ལེན་འཐབ་ནུག། རྒྱ་གར་ནུབ་བེང་གཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ བརྩོན་ཤུགས་ག་དེ་སྦེ་ར་བསྐྱེད་རུང་ ཁྲིམས་འགལ་གྱི་ གནད་དོན་དེ་ ཁྱབ་ཆེ་ཏོག་ཏོ་ཅིག་འབདཝ་ལས་ ཧྲིལ་བུར་སྦེ་ བཀག་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས། སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ ཨ་ལི་པུར་དུ་ཝར་ མངའ་སྡེའི་འོག་ལུ་ཚུད་མི་ […]

National News

ཡུ་ཨེཛ་ཌོ་ལར་ སྤྲོད་ཐོག་ལས་ འབྲུག་ལུ་འོང་མི་ བལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བརྒྱ་ཆ་ ༥༠ མར་ཕབ།

སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བལྟ་བཤལ་ལས་སྡེའི་དོན་ལུ་ སེམས་ཤུགས་མཐུན་རྐྱེན་གསརཔ་ཅིག་ འགོ་བཙུགས་ཅི་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་ཌོ་ལར་ སྤྲོད་ཐོག་ལས་ འབྲུག་ལུ་འོང་མི་ བལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཉིན་རེར་ཡུ་ཨེཛ་ཌོ་ལར་ ༢༠༠ རེ་ བཀལ་སྲོལ་ཡོད་མི་དེ་ ཡུ་ཨེཛ་ཌོ་ལར་ ༡༠༠ འབདཝ་ད་ བརྒྱ་ཆ་ ༥༠ རེ་ མར་ཕབ་འབད་ནུག།མཐུན་རྐྱེན་དེ་ ཡུ་ཨེཛ་ཌོ་ལར་སྤྲོད་མི་ བལྟ་བཤལཔ་ཨ་ལོ་ སྐྱེས་ལོ་ ༦ ལས་ ༡༢ ཀྱི་བར་ན་འབད་མི་ཚུ་ལུ་ཡང་ ཆ་གནས་ཡོདཔ་ད་ རྒྱལ་ཁབ་ཀྱི་ ས་མཚམས་བདའ་སྟེ་སྡོད་མི་ བལྟ་བཤལཔ་ཚུ་གི་དོན་ལས་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ འཕྲོ་མཐུད་དེ་ར་ དགོངས་ཡངས་སྦེ་ བཞག་ནི་ཨིན་པས།མཐུན་རྐྱེན་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ བསྟར་སྤྱོད་འབད་ནི་ཨིནམ་ད་ དེ་བཟུམ་མའི་ སེམས་ཤུགས་མཐུན་རྐྱེན་ […]

National News

སྤྱི་ལོ་ ༢༠༢༣ ལོའི་ འབྲུག་ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་གྲུབ་འབྲས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབྲུག་ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་མི་ནང་ དུས་ཅི་གི་ ཆོས་རྒྱུགས་དངོས་གཞིའི་ནང་ གྲལ་གཏོགས་ཀྱི་དོན་ལས་ མཐར་འཁྱོལ་སྐུགས་ཚད་བརྒྱ་ཆ་ ༥༠ སྦེ་ བཞག་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ཚོགས་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༡༩༧ པའི་ནང་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༥ ལས་ ༧ གྱི་བར་ན་ ལེན་ནི་སྦེ་ཡོད་མི་ ཞི་གཡོག་ཆོས་རྒྱུགས་ དངོས་གཞིའི་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ༣,༣༧༠ ལས་ ༢,༠༤༨ ཀྱིས་ གྲལ་གཏོགས་འབད་ནི་གི་ ཁྱད་ཚད་གྲུབ་ནུག།ཆོས་རྒྱུགས་དངོས་གཞིའི་དོན་ལུ་ ཁྱད་ཚད་གྲུབ་མི་ མཐོ་རིམ་ཤེས་ཚད་དང་ ཤེས་རིག་མཐོ་རིམ་ཤེས་ཚད་ དེ་ལས་ གསོ་བའི་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་གི་ ཡིག་ཆ་ཚུ་ ཆུ་རྩལ་རྐྱབ་སའི་ལྟག་ལུ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ འདུ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༨ ལས་ སྤྱི་ཟླ་ […]

National News

ཕུན་ཚོགས་གླིང་ རིན་ཆེན་ལྡིང་ ཞིབ་དཔྱད་སྒོ་ར་ལུ་ དྲག་ཁག་ ༣ གྱི་ སྣུམ་འཁོར་ཚུ་ལུ་ཞིབ་དཔྱད།

རྒྱལ་ཁབ་ནང་ སྨྲོ་རྫས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རིན་ཆེན་ལྡིང་ ཞིབ་དཔྱད་སྒོ་ར་ལུ་ དྲག་ཁག་ ༣ གྱི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།དེ་ཡང་ ད་ལས་ཕར་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་དམག་སྡེ་ རྒྱལ་པོའི་སྐུ་སྲུང་ཚུ་གི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་མ་འབད་བར་ ཞིབ་དཔྱད་སྒོ་ར་བརྒལ་ཏེ་ མི་བཏང་ནི་ཨིན་པའི་ཁར་ ཕྱི་རྒྱལ་གྱི་ དམག་སྡེའི་སྣུམ་འཁོར་ཚུ་ཡང་ རིན་ཆེད་ལྡིང་ ཞིབ་དཔྱད་སྒོ་ར་ཁར་ བརྟག་ཞིབ་འབད་ནི་ཨིན་པས།ད་ཚུན་གྱི་རིང་ལུ་ ཕྱི་རྒྱལ་གྱི་ དམག་སྡེ་གིས་གཙོས་པའི་ དམག་སྡེའི་སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཞིབ་དཔྱད་སྒོ་ར་ཚུ་ནང་ བརྟག་ཞིབ་འབད་སྲོལ་མེད་རུང་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྒྱལ་ཡོངས་སྨྱོ་རྫས་ལས་བྱེད་སྡེ་ཚན་ནང་ལས་ དེ་བཟུམ་མའི་ སྣུམ་འཁོར་ཚུ་ཡང་ ཞིབ་དཔྱད་འབད་དགོ་པའི་ བཀོད་རྒྱ་ཐོབ་ནུག།ཕུན་ཚོགས་གླིང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་འགོ་འཛིན་ སྤྱི་དཔོན་ཤཱཀྱ་རྡོ་རྗེ་གིས་ དེ་བཟུམ་མའི་ ཞིབ་དཔྱད་འབད་དགོ་མི་དེ་ ང་བཅས་རའི་ རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་མར་ཕབ་འབད་ཐབས་ལུ་ཨིན་པའི་ཁར་ གསལ་སྟོན་མ་འབད་བའི་ ཅ་ཆས་དང་ བཀག་དམ་ཅན་གྱི་ཅ་ཆས་ དེ་ལས་ གཞན་ཡང་ ཁྲིམས་འགལ་གྱི་ ཅ་ཆས་ཚུ་ […]

National News

རྒྱ་གར་གྱིས་ འབྲུག་ལུ་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ ཕྱིར་ཚོང་འཐབ་ནི།

པདྨ་དབང་འདུས། རྒྱ་གར་གཞུང་གིས་ དམིགས་བསལ་སྒྲིག་ཆའི་ཐོག་ལས་ བཱཛ་མ་ཏི་མིན་པའི་ ཆུམ་དཀརཔོ་གི་རིགས་ ཕྱིར་ཚོང་བཀག་དམ་ལས་ ཡངས་ཆག་གནང་ནུག།དེ་ཡང་ དོན་གཅོད་ཀྱི་ མཉམ་རོགས་རྒྱལ་ཁབ་ གཙོ་བོ་ཚུ་ལུ་ ཆུམ་ཕྱིར་ཚོང་བཀག་དམ་ ཡངས་ཆག་བཏང་ནི་དང་འབྲེལ་ཏེ་ འབྲུག་ལུ་ བཱཛ་མ་ཏི་མིན་པའི་ ཆུམ་ ཊཱོན་ ༧༩,༠༠༠ མཁོ་སྤྲོད་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ མའུ་རི་ཤི་ཡཱཛ་ལུ་ཡང་ བཱཛ་མ་ཏི་མིན་པའི་ ཆུམ་ཊཱོན་ ༡༤,༠༠༠ མཁོ་སྤྲོད་འབད་ནི་ཨིན་པས།རྒྱ་གར་གཞུང་གིས་ དེ་སྦེ་ གྲོས་ཐག་བཅད་མི་དེ་ཡང་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ཚུ་ ཕྱིར་ཚོང་འཐབ་མ་ཆོགཔ་སྦེ་ བཟོ་བའི་ཤུལ་ལས་ འབྲུག་དང་ མའུ་རི་ཤི་ཡཱཛ་ རྒྱལ་ཁབ་ ༢ ལས་ བཀག་དམ་ཡངས་ཆག་གཏང་དགོ་པའི་ ཞུ་བ་འབད་ནུག།འབྲུག་གཞུང་གི་ ཁ་ཐུག་ལས་ སྤྱི་ཟླ་ ༨ པའི་ བདུན་ཕྲག་དང་པའི་ནང་ བཀག་དམ་ཡངས་ཆག་གི་དོན་ལས་ རྒྱ་གར་གཞུང་ལུ་ ལོ་བསྟར་བཞིན་དུ་ ཆུམ་ཊཱོན་ ༧༧,༠༠༠ རེ་ ནང་འདྲེན་འབད་ཆོག་པའི་ གནང་བ་ཞུ་ཡོདཔ་ལས་ གཞུང་འབྲེལ་ཐོག་ལུ་ གནང་བ་གྲུབ་པའི་ གསལ་བསྒྲགས་དེ་ མགྱོགས་པ་ར་འཐོབ་པའི་ རེ་བ་ཡོདཔ་ཨིན་པས།དེ་སྦེ་ […]

National News

ཐིམ་ཕུ་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ༢ འཛིན་བཟུང་།

སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ འབྲུག་སྨྱོ་རྫས་སྡེ་ཕྲན་གྱིས་ ཐིམ་ཕུ་ཅང་སྒྱིད་དར་ཕུ་ལས་ ལྷ་བྲིསཔ་ ༡ དང་ ཚོང་པ་ ༡ སྨྱོ་རྫས་དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག། དེ་ཡང་ ཨེཛ་པི་པཱ་ལཱཛ་ཟེར་མི་ སྨྱོ་རྫས་སྨན་ཐུམ་ ༣,༤༨༩ དང་བཅསཔ་སྦེ་ འཛིན་བཟུང་འབད་ཡོདཔ་ད་ ཁོང་ ༢ ཀྱིས་ ཐིམ་ཕུ་ལུ་ སྨྱོ་རྫས་ཚུ་ གསང་བའི་སྒོ་ལས་ ཉོ་བཙོང་འཐབ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

གསར་སྤང་ལུ་ གླངམོ་ཆེ་གིས་ ཕོ་སྐྱེས་ཅིག་ དམར་བསད་འབད་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༡༩ གི་དྲོ་པ་ གསར་སྦང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ གཡུས་བསམ་གཏན་ཐང་ལུ་ གླངམོ་ཆེ་ཅིག་གིས་ སྐྱེས་ལོ་ ༣༣ འབད་མི་ ཕོ་སྐྱེས་ཅིག་བསད་ནུག།དེ་ཡང་ དྲོ་པའི་ཆུ་ཚོད་ ༥.༣༠ དེ་ཅིག་ཁར་ མི་དེ་ ཁོ་རའི་ཨ་རོགས་དགའ་རོགས་ཀྱི་ཁྱིམ་ནང་ ཞག་ཉལ་སྡོད་དེ་ འགྲོ་ལུང་དགོན་པ་ལུ་ ཁོ་རའི་ཁྱིམ་ནང་ ལོག་པའི་སྐབས་ལུ་ གླངམོ་ཆེ་དང་ ཕྱད་ཡོདཔ་ད་ དགའ་རོགས་ཀྱི་ཁྱིམ་དེ་ འགྲོ་ལུང་དགོན་པ་ལས་ ཀི་ལོ་མི་ཊར་ཕྱེད་དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།བསམ་གཏན་གླིང་ལུ་ ཨྱོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ དགེ་སློང་ཚུ་གི་ སློབ་དཔོན་སྦེ་ ཕྱག་ཞུ་མི་ དགེ་སློང་དེ་ ཀྲོང་གསར་ལས་ཨིན་པས།ཚེ་འདས་ཀྱི་ ཕུངམོ་དེ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ ནགས་ཚལ་ལས་ཚན་ དེ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ དགོན་པ་ལུ་བསྐྱལ་ནུག།སྤྱི་ལོ་ ༢༠༢༣ ལོར་ གསར་སྤང་རྫོང་ཁག་ལུ་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ ཐེངས་དངཔ་ཨིནམ་ད་ གླངམོ་ཆེ་དེ་ གནམ་གྲུའི་ཐང་ཁ་ཐུག་ལུ་ འགྱོ་སར་མཐོང་ཡོད་པའི་གནས་ཚུལ།

Online now: 7 Today: 826 Total visitors: 10856