ArchiveAboutContact

Category: National News

National News

གཞུང་ཚབ་ཚུ་གིས་ རང་སོའི་གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ ཨཱཛ་ཊེ་ལི་ཡ་དང་ ཡུ་རོ་པིན་ ཡུ་ནེ་ཡེན་ ཨ་ཟར་བཱ་ཡེ་ཇཱན་ ཤྲཱི་ལངྐ་ཚུ་འབདཝ་ད་ རྒྱལ་ཁབ་ཁག་ ༤ གི་ གཞུང་ཚབ་ཚུ་གིས་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ རང་སོའི་གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ འཚོགས་གནང་ནི་གི་ ཚེས་གྲངས་འགྱུར་བཅོས།

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་དེ་ སྤྱི་ཟླ་ ༦ པའི་ཚེས་ ༩ ལས་ འགོ་བཙུགས་ཏེ་ འཚོགས་གནང་ནི་ཨིན་པའི་ གསལ་བསྒྲགས་གནང་ཡོད་རུང་ དུས་ཚོད་དུམ་གྲ་ཅིག་ ཕར་ཕུད་རྐྱབ་ཡོད་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསལ་བསྒྲགས་ཅིག་ ཁྱབ་སྤེལ་གནང་མིའི་ནང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ འཚོགས་གནང་ནི་སྦེ་ གཏན་འཁེལ་སོང་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

འབྲུག་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་ འཚོགས་གནང་ནི།

སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་དེ་ འགོ་བཙུགས་གནང་ནི་དང་ དེ་བསྒང་ ཚོགས་བཞུགས་དེ་ནང་ སྲིད་བྱུས་བསྐྱར་ཞིབ་སྙན་ཞུ་དང་ བཅའ་ཁྲིམས་བསྐྱར་ཞིབ་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས།དེ་ཡང་ ས་སྟོང་དང་ གུང་སྟོང་གི་ བསྐྱར་ཞིབ་སྙན་ཞུ་དང་ དངུལ་རྩིས་བློན་པོ་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་སྙན་ཞུ། གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་གི་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ འབྲེལ་འཛིང་དང་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་མི་གུ་ རྒུད་འཐུས་སྤྲོད་ནི་གི་ སྲིད་བྱུས་བསྐྱར་ཞིབ་ མཛད་ནི་དང་།དེ་བཟུམ་སྦེ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་བཅའ་ཁྲིམས་ ༢༠༡༣ ཅན་མའི་ གནས་སྐབས་སྙན་ཞུ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། དབང་པོ་སྐྱོན་ཅན་གྱི་ མི་ངོམ་ཚུ་གི་ གནས་སྟངས་བསྐྱར་ཞིབ་སྙན་ཞུ། རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་ དེ་ལས་ རྩིས་ལོ་ ༢༠༢༣-༢༠༢༤ […]

National News

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁག་འབག་ལས་གཡོགཔ་ཚུ་ གཏན་འཇགས་ལས་གཡོག་སྡེ་ཚན་ པ་ར་རེ་གུ་ལར་ལུ་ སྒྱུར་བཅོས་ཀྱི་གྲོས་འཆར།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁག་འབག་ཐོག་གི་ ཞི་གཡོགཔ་ཚུ་གི་དོནལས་ གཏན་འཇགས་ལས་གཡོག་སྡེ་ཚན་ པ་ར་རེ་གུ་ལར་ལུ་ སྒྱུར་བཅོས་འབད་ནི་གི་ གྲོས་འཆར་ཕུལ་ནུག།དེ་ཡང་ མི་རྗེ་བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ གནས་ཚུལ་ཞལ་འཛོམས་ནང་ གསུངས་དོ་བཟུམ་འབད་བ་ཅིན་ གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ནང་གསེས་ཚོགས་ཆུང་ཅིག་གིས་ བསྐྱར་ཞིབ་འབད་བའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ འཚོགས་གནང་མི་ ལྷན་གཞུང་ཚོགས་ཐེངས་ ༢ པའི་ནང་ལས་ ངོས་ལེན་གྲུབ་ཅི་ཟེར་ཨིན་པས།རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ ཁག་འབག་ལས་གཡོགཔ་ཚུ་གི་ གནས་རིམ་སྒྱུར་བཅོས་གང་རུང་གིས་ ཞི་གཡོག་ནང་གི་ གཟེངས་ཐོན་རྒྱུན་སྐྱོང་དེ་ གལ་ཆེཝ་ལས་ ཞི་གཡོགཔ་གསར་བསྐོས་དང་ ལྕོགས་གྲུབ་ལུ་ གནོད་པ་མེདཔ་སྦེ་ བཞག་དགོཔ་སྦེ་ཨིན་པས།དེ་མ་ཚད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ད་ལྟོ་ཡོད་མི་ དངུལ་ཕོགས་སྟབས་གཅིག་ལག་སྤྲོད་དང་ དུས་རྒྱུན་གྱི་ ཁག་འབག་ཐོག་ལུ་ཡོད་མི་ ལས་གཡོགཔ་ཚུ་ཡང་ པ་ར་རེ་གུ་ལར་སྡེ་ཚན་ནང་ བཙུགས་དགོཔ་སྦེ་ཨིན་པས།གཏན་འཇགས་ལས་གཡོག་སྡེ་ཚན་གསརཔ་ པ་ར་རེ་གུ་ལར་ནང་འབད་བ་ཅིན་ ལཱ་གཡོག་གི་ གན་ཡིག་དང་སྦྲགས་ཏེ་ ཞི་གཡོགཔ་ཚུ་ལུ་ ཐོབ་ནི་ཡོད་པའི་ འཚོ་རྟེན་གྱི་ ཁེ་ཕན་ཚུ་ཡང་ ཞི་གཡོགཔ་དང་འདྲ་མཉམ་སྦེ་ འཐོབ་ནི་ཨིན་པའི་ གྲོས་འཆར་ཕུལ་ཡོདཔ་ད་ ཨིན་རུང་ ཁག་འབག་ལས་གཡོགཔ་ཚུ་ལུ་ […]

National News

འབྲུག་མི་ཡོངས་ལུ་ ཚོང་ལཱའི་གྲོས་འཆར་དང་འཁྲིལ་ཏེ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་འཐོབ་ནི།

སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་དང་ ཕྱིར་ཚོང་ཡར་དྲག་གཏང་ནི་ ཡང་ཅིན་ ནང་འདྲེན་ཚབ་འཛིན་གྱི་ ཐོན་སྐྱེད་བཟོ་ནིའི་ གོ་སྐབས་ཚུ་ ངེས་གཏན་ཡོད་པའི་ ཚོང་ལཱའི་གྲོས་འཆར་བཀོད་མི་ འབྲུག་མི་ཡོངས་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་གྱི་ གོ་སྐབས་ཡོད་ཟེར་ཨིན་པས།དེ་ཡང་ དཔལ་འབྱོར་ལྷན་ཐབས་ཀྱི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་ ༡༥ ཨིན་མིའི་གྲས་ལས་ རྒྱ་གར་གཞུང་གིས་ དངུལ་ཀྲམམ་ཐེར་འབུམ་ ༢.༥ བྱིན་ཡོདཔ་ཨིན་པས།དངུལ་རྩིས་བློན་པོ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་བསྐྱར་གསོའི་ དམིགས་གཏད་དང་བསྟུན་ཏེ་ དཔལ་འབྱོར་ལྷན་ཐབས་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་སྒྲིག་བཀོད་ བཙན་ཐབས་འབད་ནི་ལུ་ གཙོ་བོར་བཟུང་སྟེ་ ནང་འཁོད་འཐོན་སྐྱེད་ གོང་འཕེལ་གཏང་ནི་ཨིན་ཟེར་གསུངས་ཡི།དམིགས་དོན་ཚུ་ཡང་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་དང་ ཕྱི་དངུལ་གསོག་འཇོག་ ཡར་སེང་འབད་ནི་ དེ་ལས་ གཞུང་གི་དམིགས་གཏད་དང་འཁྲིལ་ཏེ་ ལོ་བསྟར་བཞིན་དུ་ བལྟ་བཤལ་པ་ ༣,༠༠,༠༠༠ རེ་ འབྲུག་ལུ་ འོང་ནི་ཡོདཔ་ བཟོ་ནི་ཚུ་ཨིན་པས།འབྲུག་རྒྱལ་ཁབ་འདི་ ནང་འདྲེན་ལུ་བརྟེན་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ སྤྱི་ལོ་ […]

National News

སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་ སློབ་ཕྲུག་ཚུ་གི་དོན་ལས་ ཡོན་ཕུ་ལ་ལུ་ དམིགས་བསལ་གྱི་ སློབ་གྲྭ་གཞི་བཙུགས།

སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ གནས་ཚུལ་ཞལ་འཛོམས་ནང་ མི་རྗེ་བློན་ཆེན་མཆོག་གིས་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་ སློབ་ཕྲུག་ཚུ་གི་དོན་ལས་ ཡོན་ཕུ་ལ་ལུ་ དམིགས་བསལ་གྱི་ སློབ་གྲྭ་ཅིག་ གཞི་བཙུགས་འབད་ནི་དང་འབྲེལ་ཏེ་ སློབ་གྲྭ་ཚུ་ནང་ སྨྱོ་རྫས་ལོག་སྤྱོད་འབད་ནི་ བཀག་ཐབས་ལུ་ འབྲུག་མི་ཡོངས་ཀྱིས་ གཅིག་བསྒྲིལ་ཐོག་ལས་ བརྩོན་ཤུགས་སྦོམ་ བསྐྱེད་དགོཔ་སྦེ་གསུངས་ཡི།དེ་བཟུམ་མའི་ སློབ་གྲྭ་གཞི་བཙུགས་ཀྱི་སྐོར་ལས་ མི་ལེ་ཤ་ཅིག་གིས་ བསམ་འཆར་སྣ་ཚོགས་ བཤད་དོ་ཡོདཔ་ད་ དེ་ཡང་ སྨྱོ་རྫས་ལོག་སྤྱོད་འབད་མི་ སློབ་ཕྲུག་ཚུ་ དེ་བཟུམ་མའི་ ཁ་དབྱེ་ཅན་གྱི་ སློབ་གྲྭའི་ནང་ བཞག་པ་ཅིན་ ཉེ་རིང་གི་དབང་ལུ་ ཐལ་ནི་ཨིནམ་ལས་ གཞུང་གིས་ དེ་བཟུམ་མའི་ གྲོས་ཆོད་མ་བཏོན་པའི་ སྔ་གོང་ལས་ ཕམ་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་འདུག་ཟེར་ཨིན་པས།ཨིན་རུང་ མི་རྗེ་བློན་ཆེན་གྱིས་ ང་བཅས་རའི་ རྒྱལ་ཁབ་ནང་ སྨྱོ་རྫས་ལོག་སྤྱོད་ཀྱི་ དཀའ་ངལ་ཡོད་མི་དེ་ཡང་ སྒེར་དོན་དང་ ཆ་རོགས་ཚུ་གི་ ཤན་ཞུགས་ལུ་བརྟེན་ཏེ་ ཨ་ལོ་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་འབདཝ་ལས་ སློབ་ཕྲུག་ཚུ་ བཙོན་ཁང་ནང་ གཏང་ནིའི་ཚབ་ལུ་ དམིགས་བསལ་སློབ་གྲྭ་ཚུ་ནང་ […]

National News

ཞི་བའི་མི་སྡེ་ཚོགས་པ་ཚུ་ལུ་ མ་དངུལ་གྱི་གྲོགས་རམ།

འབྲུག་ལུ་ཡོད་མི་ སུའི་ཛར་ལེན་གྱི་ ཧེལ་བེ་ཊཱཛ་ལས་སྡེ་གིས་ འབྲུག་བརྡ་བརྒྱུད་གཞི་ཚོགས་དང་ མཉམ་འབྲེལ་ཐོག་ལས་ གཞུང་སྐྱོང་དང་ གོང་འཕེལ་ལས་འགུལ་ནང་ གྲལ་གཏོགས་ཀྱི་དོན་ལས་ གནང་སྦྱིན་ཐོབ་མི་ ཞི་བའི་མི་སྡེ་ཚོགས་པ་ ༡༠ གདམ་འཐུ་འབད་མི་ཚུ་ གསལ་བསྒྲགས་འབད་ནུག།ལས་རིམ་དེ་ཡང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ ཧེལ་བེ་ཊཱཛ་ ༢ མ་དངུལ་མཉམ་རུབ་ཐོག་ལས་ འབྲུག་ལུ་ཡོད་མི་ ཧེལ་བེ་ཊཱཛ་ལས་སྡེ་དང་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།ལས་རིམ་དེ་གི་ དམིགས་དོན་གཙོ་བོ་ར་ འབྲུག་གི་ཞི་བའི་མི་སྡེ་ཚོགས་པ་ཚུ་དང་ མི་སྡེ་ལུ་ གཞི་བརྟེན་འབད་མི་ལས་ཚོགས་ དེ་ལས་ ཞི་བའི་མི་སྡེ་ཚོགས་པའི་ སྡེ་ཚན་དང་ ཡོངས་འབྲེལ་ཚུ་ བཙན་ཐབས་ལུ་ཨིན་པས།དེ་སྦེ་ གདམ་འཐུ་གྲུབ་མི་ ཚོགས་པ་ཚུ་གིས་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ གོམས་འདྲིས་ལས་རིམ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ཡང་ ཐིམ་ཕུ་ལུ་སྦེ་ ཞི་བའི་མི་སྡེ་ཚོགས་པ་ གནང་སྦྱིན་ཐོབ་མི་ཚུ་གིས་ རང་སོའི་ལས་འགུལ་ཚུ་ ལག་ལེན་འགོ་བཙུགས་མི་དང་འབྲེལ་ཏེ་ འགོ་འདྲེན་འཐབ་ནུག།གོམས་འདྲིས་ལས་རིམ་དེ་གིས་ ལས་འགུལ་ཚུ་གི་ དམིགས་གཏད་ཚུ་དང་ ཐོན་འབྲས་ དེ་ལས་ བདག་སྐྱོང་གི་ བྱ་སྒོ་ཚུ་ ཡོངས་རྫོགས་སྦེ་ ཧ་གོ་ཐབས་འབད་ནི་དང་ ལས་འགུལ་གྱི་ […]

National News

འབྲུག་གཞུང་འཕྲུལ་རིག་ལྷན་ཚོགས་ཀྱི་ ཞལ་འཛོམས་འཚོགས་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ འབྲུག་གཞུང་འཕྲུལ་རིག་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༣ པ་ འཚོགས་གནང་ཡོདཔ་ད་ དེ་བསྒང་ རྒྱལ་ཡོངས་ཨང་གནས་ཐབས་བྱུས་ཀྱི་ གསལ་ཞུ་ཕུལ་མིའི་གུ་ གསུང་གྲོས་གནང་སྟེ་ མཐའ་དཔྱད་བཟོ་ནུག། དེ་ཡང་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ འབྲུག་གཞུང་འཕྲུལ་རིག་ངོ་ཚབ་ཀྱི་ ལས་སྣ་དང་ དམིགས་གཏད་ ཐབས་བྱུས་ཚུ་དང་གཅིག་ཁར་ བསམ་གཞིའི་ཟིན་ཐོ་ལྷན་ཐབས་ཚུ་ ངེས་བདེན་བཟོ་ནི་དང་ གཅིག་སྒྲིལ་ཧྲིལ་བུར་ བཟོ་ནིའི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།

National News

རྒྱ་གར་གཞུང་གིས་ འབྲུག་ལུ་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལས་ མ་དངུལ་ཐེར་འབུམ་ ༢.༥ གི་དངུལ་འཛིན།

སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་གིས་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལས་ རྒྱ་གར་གཞུང་གིས་ འཛིན་གྲོལ་དང་པ་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་ཅེག་དེ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ཕུལ་ནུག། དེ་ཡང་ སྤྱི་ཟླ་ ༥ པི་ཚེས་ ༡༨ ལུ་ མི་རྗེ་བློན་ཆེན་གྱིས་ དངུལ་ཀྲམ་ཐེར་འབུམ་ ༡༥ གི་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ འགོ་འབྱེད་རྟེན་འབྲེལ་མཛད་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་དེ་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་མཛདཔ་ཨིན་པས། མ་དངུལ་དེ་ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ དཔལ་འབྱོར་གྱི་ དོ་འགྲན་ཐོན་མི་ཚུ་ བསལ་ཐབས་ལུ་ དཔལ་འབྱོར་གྱི་ ལས་སྡེ་གཙོ་བོ་ཚུ་  བསྐྱར་གསོ་འབད་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ དེ་ལས་ བདོག་གཏད་དངུལ་སྒྱུར་དང་ ཕྱི་དངུལ་གསོག་འཇོག་གིས་གཙོས་པའི་ སྤྱིར་བཏང་དཔལ་འབྱོར་གྱི་ གནས་སྟངས་ལེགས་སྒྱུར་ཚུ་ནང་ ཟད་འགྲོ་གཏང་ནི་ཨིན་པས། དངུལ་འཛིན་ཅེག་ རྩིས་སྤྲོད་སྐབས་ལུ་ དངུལ་རྩིས་བློན་པོ་གིས་ འབྲུག་གཞུང་གི་ཁ་ཐུག་ལས་ […]

National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ ཚོགས་ཐེངས་དང་པའི་ གྲོས་གཞི་གཏན་འཁེལ།

སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་དང་པ་ འཚོགས་གནང་ནི་ཨིནམ་བཞིན་དུ་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ སྔོན་འགྲོའི་ཞལ་འཛོམས་ འཚོགས་ཐོག་ལས་ ཚོགས་འདུ་དེ་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་ཚུ་ གཏན་འཁེལ་བཟོ་གནང་ནུག།དེ་ཡང་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་། རྩིས་ལོ་ ༢༠༢༤-༢༠༢༥ གི་ ལྷན་ཐབས་འཆར་དངུལ་ དཔྱ་བགོའི་དཔྱད་ཡིག། ལོ་ལྔའི་འཆར་གཞི་ ༡༣ པའི་སྙན་ཞུ། དེ་ལས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་ གན་རྒྱ་ ༢༠༢༤ ཅན་མ། འབྲུག་གི་གནས་དབྱུང་གི་ བྱ་རིམ་དཔྱད་ཡིག་ ༢༠༢༤ ཅན་མ། རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞིའི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ […]

Online now: 20 Today: 3021 Total visitors: 13051