ArchiveAboutContact

Category: National News

National News

འབྲུག་དང་ ཕི་ལི་པིན་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་གཞི་བཙུགས།

པདྨ་དབང་འདུས། འབྲུག་དང་ ཕི་ལི་པིན་ རྒྱལ་ཁབ་དང་ མི་སེར་ཚུ་གི་བར་ན་ མཐུན་འབྲེལ་བཙན་ཐབས་དང་ ཕན་ཚུན་ཁེ་ཕན་ཅན་གྱི་ མཐུན་ལམ་གོང་འཕེལ་གྱི་ འདུན་པ་བསྐྱེད་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༦ ལས་ འགོ་བཟུང་སྟེ་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ ཕྱི་འབྲེལ་མཐུན་ལམ་དང་འབྲེལ་བའི་ མཉམ་འབྲེལ་གསལ་བསྒྲགས་གུ་ རྒྱ་བཞུགས་འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ ཝི་རྣམ་རྒྱལ་དང་ རྒྱ་བཞུགས་ཕི་ལི་པིན་གྱི་གཞུང་ཚབ་ ཡོ་སེལ་ཕ་རཱན་སིཛ་ཀོ་ ཨིབ་ནེ་ཤི་ཡོ་ ༢ ཀྱིས་ རྒྱ་གར་ནིའུ་དིལླི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་ནང་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ རང་སོའི་གཞུང་གི་ཁྱད་ཚབ་སྦེ་ མཚན་རྟགས་བཀོད་ནུག། དེ་སྦེ་ མཚན་རྟགས་བཀོད་པའི་ནང་ལུ་ གཞུང་ཚབ་ ༢ ཀྱིས་ འདས་པའི་ལོ་ཚུ་གི་ནང་ཡང་ མཐུན་ལམ་དང་ མཉམ་འབྲེལ་ཡོད་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ དེ་བཟུམ་མའི་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་མཛད་མི་ལུ་ ཐུགས་སྤྲོ་བྱུང་ཡོད་ལུགས་ བཤད་པའི་ཁར་ […]

National News

ཨ་ལོ་སྐྱེས་ལོ་ ༥ ལང་མི་ཚུ་གིས་ སློབ་གྲྭའི་ནང་ འཛུལ་ཞུགས་འབད་ཆོག་ནི།

སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ ལྷན་རྒྱས་གཞུང་ཚོགས་ལས་ གསལ་བསྒྲགས་ཅིག་ གནང་པའི་ནང་གསལ་ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ཨ་ལོ་སྐྱེས་ལོ་ ༥ (ཟླ་ངོ་ ༦༠) ལང་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་སོ་སོར་ འཛུལ་ཞུགས་འབད་ཆོག་ཟེར་ཨིན་པས། དེ་མ་ཚད་ དེ་ཚེ་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ སློབ་གྲྭའི་ཤེས་ཡོན་ལས་ཁུངས་ཀྱིས་ བཀྲམ་སྤེལ་འབད་མི་ གསལ་བསྒྲགས་དེ་ཡང་ ཆ་མེད་ཨིན་ཟེར་བཀོད་ནུག། དེ་འབདཝ་ལས་ ད་ལས་ཕར་ ལྷན་རྒྱས་གཞུང་ཚོགས་ལས་ གསལ་བསྒྲགས་ལོགས་སུ་སྦེ་ མ་གནང་ཚུན་གྱི་རིང་ལུ་ སློབ་གྲྭ་གེ་རའི་ནང་ གོང་གསལ་བསྒྲགས་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་སྦེ་ བཀོད་གནང་འདུག་པའི་གནས་ཚུལ།

National News

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འབྲུག་གཞུང་ལུ་ དངུལ་ཀྲམ་ཐེར་འབུམ་ ༣.༥༩ ཕུལ་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཀྲམ་ཐེར་འབུམ་ ༣.༥༩ འབྲུག་གཞུང་ལུ་ རྩིས་སྤྲོད་ཞུ་བའི་ མཛད་སྒོ་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་མཆོག་གིས་ དབུ་བཞུགས་མཛད་ཡོདཔ་ད་ མ་དངུལ་དེ་ཡང་ དབང་འཛིན་གྱིས་ ཐབས་ལམ་མ་འདྲ་བའི་སྒོ་ལས་ ཕྱི་ཁར་མ་རྩ་གཞི་བཙུགས་འབད་མི་ལས་ཐོབ་པའི་ དངུལ་ལྷག་ཨིན་པས། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འབྲུག་གཞུང་ལུ་ ཕན་ཐོགས་ཆེ་བའི་ མ་དངུལ་ཕུལ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ལྷག་པར་དུ་ཡང་ དབང་འཛིན་དང་ ལས་གཡོགཔ་ཚུ་གིས་ ནད་ཡམས་ཀོ་ཝིཌ་གི་ དུས་སྐབས་ནང་ བརྩོན་ཤུགས་བསྐྱེད་མི་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ནུག། དེ་མ་ཚད་ དོ་འགྲན་ཅན་གྱི་ དུས་སྐབས་ཚུ་ནང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡུན་བརྟན་གྱི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གལ་གནད་ཆེ་བའི་ འགན་ཁུར་འབག་མི་ལུ་ཡང་ ངོས་ལེན་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

National News

རྒྱ་གར་གཞུང་ལས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལུ་ འཛིན་གྲོལ་ཐེངས་ ༤ པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་རྩིས་སྤྲོད།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སཱན་དིབ་ཨ་རི་ཡ་གིས་ འབྲུག་གི་དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལས་ འཛིན་གྲོལ་ཐེངས་ ༤ པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་ཅེག་ ཕུལ་ཡོདཔ་ཨིན་པས། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱ་གར་གཞུང་ལས་ མ་དངུལ་འཛིན་གྲོལ་ དེ་འཕྲལ་ལས་ གནང་མི་དེ་ཡང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སཱན་དིབ་ཨ་རི་ཡ་གིས་ གྲོགས་རམ་ལུ་བརྟེན་ཏེ་ཨིནམ་ལས་ རྒྱ་གར་གཞུང་ཚབ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ དེ་བཟུམ་སྦེ་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་ལུ་ཡང་ འབྲུག་གི་མི་སེར་ཚུ་གི་ཧོངས་ལས་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་གནང་ནུག། ད་རེས་ འཛིན་གྲོལ་འབད་མི་ མ་དངུལ་དེ་རྩིསཝ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ མ་རྩ་གཞི་བཙུགས་ གལ་ཅན་ཚུ་གི་ རྒྱབ་སྐྱོར་ལུ་ རྒྱ་གར་གཞུང་གིས་ ཁས་ལེན་གྲུབ་པའི་ དཔལ་འབྱོར་ལྷན་ཐབས་མ་དངུལ་ ཐེར་འབུམ་ ༡༥ གི་ཐོག་ལས་ ཐེར་འབུམ་ ༡༠ […]

National News

གསུང་གྲོས་སྣ་ཚོགས་ཀྱི་ ཟླ་རིམ་གནས་ཚུལ་ཞལ་འཛོམས།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༢༠ པ་ ཚོགས་གནང་ཡོདཔ་བཞིན་དུ་ མི་རྗེ་བློན་ཆེན་མཆོག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ བརྡ་བརྒྱུདཔ་ཚུ་ལུ་ རྒྱལ་ཡོངས་ཀྱི་ གནད་དོན་དང་ གཞུང་གི་གཙོ་རིམ་ཚུ་གི་ བརྡ་དོན་ཚུ་ སྦ་གསང་མེད་པར་ བརྗེ་སོར་མཛད་གནང་ནུག། དེ་ཡང་ གནས་ཚུལ་ཞལ་འཛོམས་ འགོ་བཙུགས་པའི་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ དཔལ་འབྱོར་ལྷན་ཐབས་ལས་རིམ་དང་འབྲེལ་བའི་ མི་མང་གིས་ གྲོས་བསྡུར་བྱུང་མི་ལུ་ གཞུང་གི་ཁ་ཐུག་ལས་ དྭངས་གསལ་དང་ འགན་འཁྲི་ དེ་ལས་ འགན་ཁུར་ཅན་གྱི་ བརྡ་དོན་སྤེལ་ནི་ཚུ་ལུ་ ཁས་ལེན་ཡོད་པའི་ཁར་ གནད་དོན་དེ་ཚུ་ལུ་ གཙོ་བོར་བཟུང་ཡོད་པའི་སྐོར་ལས་ཡང་ གསལ་བཤད་གནང་ཡོདཔ་ཨིན་པས། དེ་འབདཝ་ལས་ མི་རྗེ་བློན་ཆེན་གྱིས་ བདེན་ཁུངས་ལུ་ གཞི་བརྟེན་ཡོད་པའི་ གནས་ཚུལ་ཚུ་ བཀོད་དགོ་པའི་ ནན་སྐུལ་དང་ ར་ཁུངས་མེད་པའི་ ཚོར་སྣང་ཅན་གྱི་གནས་ཚུལ་ཚུ་གིས་ མི་མང་གི་ བློ་གཏད་ལུ་ གནོད་པ་འབྱུང་ནི་ཨིན་པའི་ དྲན་བརྡ་ཡང་མཛད་ནུག། གནས་ཚུལ་ཞལ་འཛོམས་དེ་ནང་ གཞན་ཡང་ དཔལ་འབྱོར་ཡར་འཕར་དང་ མི་སྡེའི་ཕན་བདེ་ […]

National News

ཐིམ་ཕུ་ལྷ་མོའི་སྒྲོམ་མཆོད་དང་ ཐིམ་ཕུའི་ཚེས་བཅུ།

མགོན་པོ་རྡོ་རྗེ། ད་རིས་ རང་ཟླ་ ༨ པའི་ཚེས་ ༦ སྤྱི་ཟླ་ ༩ པའི་ཚེས་ ༢༨ རེས་གཟའ་ཟླ་བར་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ ལྷ་མོ་གཙོ་འཁོར་གྱི་ དངོས་འཆམ་ཚུ་ མི་དམངས་ལུ་ མཇལ་ཁ་གནངམ་ཨིན་པས།དེ་ཡང་ ལྷ་མོའི་ནང་བློན་གཙོ་མོ་ འཆམ་དཔོན་རེ་མ་ཏི་གིས་གཙོས་པའི་ ཕྱོགས་བཞི་དང་ མཚམས་བཞི་ ཕྱོགས་མཚམས་ ༨ འབདཝ་ད་ ལྷ་མོ་ ༡༦ དང་ དེ་ལས་ ལྷ་མོ་གཙོ་འཁོར་ ༤ ཟེར་ ལྷ་མོ་གཙོ་མོ་དང་ ལྷ་མོ་གཙོ་མོའི་ ཕྱག་ཞུ་སྟེ་ སྐུ་གསུང་ཐུགས་ཀྱི་ སྤྲུལ་པ་ ༣ བརྩིས་ཏེ་ ལྷ་མོ་གཙོ་འཁོར་ ༢༠ གི་ གར་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ དེ་བཟུམ་སྦེ་ རང་ཟླ་ ༨ པའི་ཚེས་ ༧ དང་ ༨ ལུ་ཡང་ ཞྭ་ནག་དང་ དུར་བདག་ལ་སོགས་པའི་ གར་འཆམ་ཚུ་ཡང་ མཇལ་ཁ་གནངམ་ཨིན་ཟེར་བཀོད་ནུག།དེ་ལས་ […]

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ འབྲུག་མི་ ༣ བཀོད་ཚོགས་འཐུས་མི་སྦེ་བསྐོ་བཞག།

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་ཆེན་རྡོ་རྗེ་དང་ བསོད་ནམས་ཆོས་སྒྲོན་ འཇིགས་བྲལ་སེངྒེ་ ༣ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོང་གསུམ་གྱིས་ འབྲུག་གི་མ་འོངས་པའི་དོན་ལུ་ འགན་ཁུར་གཙོ་བོར་བཟུང་ནི་ཨིན་པའི་ དྲན་ཤེས་དང་ ཡུན་བརྟན་ དེང་དུས་ཀྱི་ འཕྲུལ་རིག་དང་ལྡན་པའི་ ཁྲོམ་ཚོགས་གོང་འཕེལ་ནང་ ཉམས་མྱོང་དང་ དད་དམ་གྱི་སྒོ་ལས་ ཕྱག་ཞུ་ནི་ཨིན་པས།བདེ་ཆེན་རྡོ་རྗེ་གིས་ ཉམས་སྲུང་འགོ་ཁྲིད་ནང་ ལོ་ངོ་བཅུ་ཕྲག་ ༢ ཀྱི་རིང་ལུ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ཡུ་ཨེཛ་འཛམ་གླིང་རི་དྭགས་མ་དངུལ་གྱི་ རི་དྭགས་ཉམས་སྲུང་གི་ གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ དེ་གི་ཧེ་མར་ འབྲུག་གི་དོན་ལུ་ འཛམ་གླིང་རི་དྭགས་མ་དངུལ་གྱི་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཕྱག་ཞུ་སྟེ་ རྒྱལ་སྤྱིའི་ཉམས་སྲུང་མཉམ་འབྲེལ་དང་ ལས་འགུལ་སྦོམ་ཚུ་གི་ གོང་འཕེལ་ཚུ་ནང་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།ཁོ་གིས་ ཚེ་ཐེངས་གཅིག་གི་ འབྲུག་ཟེར་བའི་ རྒྱལ་ཡོངས་ཉམས་སྲུང་གི་ བརྩོན་ཤུགས་དོན་ལས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༣ ཐོབ་ཡོད་མི་དེ་གིས་ མཐའ་འཁོར་གནས་སྟངས་ སྲུང་སྐྱོབ་ཀྱི་དོན་ལས་ ཁོ་ལུ་ […]

National News

མི་དབང་མཆོག་ལུ་ རྒྱ་གར་གཞུང་ཚབ་གསརཔ་གིས་ གཞུངཚབ་ངོ་སྤྲོད་ཀྱི་ ཡིག་ཆས་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་གསརཔ་ སཱན་དིབ་ཨ་རི་ཡ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུངཚབ་ངོ་སྤྲོད་ཀྱི་ ཡིག་ཆས་ཚུ་ ཕུལ་ཡོདཔ་ཨིན་པས། སཱན་དིབ་ཨ་རི་ཡ་དེ་ ཝེཊ་ནཱམ་ལུ་ རྒྱ་གར་གཞུང་ཚབ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ འབྲུག་ལུ་ཡོད་མི་ རྒྱ་གརགཞུངཚབ་ སུ་དྷ་ཀར་ ད་ལེ་ལའི་ ཚབ་འཛིན་འབད་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས། 

National News

མི་རྗེ་བློན་ཆེན་གྱིས་ ཨ་ལོ་ཚུ་གི་རྒྱུད་ལུ་ ཞ་རྩི་གིས་ སྐྱོན་ཞུགས་རྩ་མེད་གཏང་ཐབས་གལ་ཅན།

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༢༣ ལུ་ མི་རྗེ་བློན་ཆེན་གྱིས་ འཛམ་གླིང་སྤྱི་ཚོགས་ ཡོངས་ཁྱབ་ཞལ་འཛོམས་ཀྱི་ ཟུར་དོན་མཛད་སྒོ་སྦེ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱིས་ འགོ་འདྲེན་འཐབ་མི་ ཨ་ལོ་ཚུ་གི་རྒྱུད་ལུ་ ཞ་རྩི་གིས་ སྐྱོན་ཞུགས་མཇུག་བསྡུ་ཐབས་ལུ་ ཞ་རྩི་མེད་པའི་ མ་འོངས་པའི་དོན་ལས་ མཉམ་འབྲེལ་ཟེར་མི་ དྲོ་མཛར་མཛད་རིམ་ནང་ གསུང་བཤད་ཅིག་གནང་ནུག། དེ་བསྒང་ ཞ་རྩི་གིས་ སྐྱོན་ཞུགས་རྩ་མེད་གཏང་ཐབས་དེ་ གལ་གནད་ཆེ་བའི་ཁར་ མཛད་སྒོ་དེ་ནང་ རྒྱལ་སྤྱི་གིས་ མ་རྩ་གཞི་བཙུགས་ གསར་བཏོད་འབད་དགོཔ་ལས་ སྒྲིག་བཀོདབཟོ་སྒྲིག་གི་དོན་ལུ་ གཞུང་དང་ གཞུང་མིན་ལས་ཚོགས་ རྒྱལ་སྤྱིའི་མཉམ་འབྲེལ་པ་ གྲོགས་རམ་འབད་མི་ཚུ་ མཉམ་གཅིག་འཛོམས་ཡོདཔ་ཨིན་པས། མི་རྗེ་བློན་ཆེན་གྱི་ གནད་དོན་དེ་ལུ་ རྒྱལ་ཡོངས་ཀྱིས་ གདོང་ལེན་འཕྲལ་མགྱོགས་འབད་དགོཔ་ཡོད་ལུགས་དང་ རྒྱལ་སྤྱི་གིས་ མཉམ་བསྡོམས་ལག་ལེན་ཚུ་ འབད་དགོ་པའི་ ནན་སྐུལ་མཛད་ནུག། དེ་ཡང་ མི་རྗེ་བློན་ཆེན་གྱིས་ གསུངས་མིའི་ནང་ སྒྲུབ་བྱེད་དང་ ལག་ལེན་མཉམ་བསྡོམས་ཐོག་ལས་འབད་བ་ཅིན་ རྒྱལ་ཁམས་ཆུང་ཀུ་ཅིག་གིས་ཡང་ དཀའ་ངལ་སྦོམ་ཚུ་ སེལ་ནི་ལུ་ འགོ་ཁྲིད་འབད་ཚུགས་ཟེར་ཨིནམ་ད་ འབྲུག་གིས་ ཟླཝ་དག་པ་ཅིག་ནང་ གནད་དོན་བཙལ་རྙེད་ལས་ […]

National News

མི་རྗེ་བློན་ཆེན་གྱིས་ ཡུ་ཨེཛ་ལུ་ ཚོང་འབྲེལ་གྱི་གསུང་གྲོས།

སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ མི་རྗེ་བློན་ཆེན་མཆོག་ ཡུ་ཨེཛ་གི་ ཚོངའབྲེལ་ཚོགས་སྡེའི་ སྐུ་ཚབ་དང་ ཆེ་རིམ་གཙོ་འཛིན་འོགམ་ ཨ་ཏུལ་ཀེ་ཤབ་ཀྱིས་ འགོ་ཁྲིད་ཐོག་ལུ་ བཀོད་ཁྱབ་འགོ་དཔོན་ཚུ་དང་ ཚོང་འབྲེལ་སྐོར་ལས་ གསུང་གྲོས་ཀྱི་དོན་ལུ་ ཝ་ཤིང་ཊཱོན་ཌི་སི་ལུ་ བྱོན་ཡོདཔ་ཨིན་པས། མི་རྗེ་བློན་ཆེན་གྱིས་ གསུང་གྲོས་དེ་ཡང་ དྲན་ཤེས་ཅན་གྱི་ ཡར་འཕར་གྱི་ གཞི་རྩ་ལུ་བརྟེན་པའི་ འབྲུག་གི་དཔལ་འབྱོར་གཞི་སྒྱུར་ཚུ་གི་སྐོར་ལས་ གཙོ་བོར་བཟུང་སྟེ་གནང་ཡོདཔ་ད་ ཨ་མི་རི་ཀའི་ སྒེར་སྡེ་ཚུ་དང་གཅིག་ཁར་ དངུལ་འབྲེལ་ཞབས་ཏོག་དང་ གཞི་རྟེན་མཁོ་ཆས་ བལྟ་བཤལ་ སླར་བྱུང་ནུས་ཤུགས་ཚུ་ནང་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་ཡང་ འཚོལ་ཞིབ་གནང་ནུག། དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ཡུ་ཨེཛ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོད་པའི་གནས་ཚུལ།

Online now: 9 Today: 255 Total visitors: 10285