ArchiveAboutContact

Category: National News

National News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ འཛམ་གླིང་རྒྱལ་སྤྱིའི་ སྐུ་རིམ་ལུ་དམིགས་ཏེ་ བརྒྱ་བཞིའི་མདོས་ཆོག་རྒྱས་པ་གནང་ནི།

ཀརྨ་རྡོ་རྗེ།ཐིམ་ཕུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་དགོངས་དང་འཁྲིལ་ཏེ་ འབྲུག་གཞུང་གི་ འགོ་འདྲེན་ཐོག་ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ ནང་པ་སངས་རྒྱས་པའི་ ཆོས་ལུགས་རིས་མེད་ཀྱི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གནང་ནི་དང་འབྲེལ་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ སྐུ་རིམ་ལུ་དམིགས་ཏེ་ བརྒྱ་བཞིའི་མདོས་ཆོག་རྒྱསཔ་ཡང་ གནང་ནིའི་དོན་ལུ་ གཞུང་གྲྭ་ཚང་གི་ཁ་ཐུག་ལས་ བཅའ་སྒྲིག་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ གནང་པའི་སྒང་ར་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་ནིའི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་རྗེ་བློན་ཆེན་གྱིས་ འབྲུག་གི་དོན་ལས་ རྒྱ་པཱན་གཞུང་ཚབ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་གི་དོན་ལས་ རྒྱ་པཱན་གཞུང་ཚབ་ ཀེ་ཨི་ཅི་ཨོ་ནོ་དང་ མཇལ་ཕྲད་མཛད་གནང་ནུག། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་ནིའི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་ ནང་སྲིད་དྲུང་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ རྒྱ་གར་ནང་སྲིད་ལྷན་ཁག་གི་དྲུང་ཆེན་ ཌོག་ཊར་ར་ཇེན་ད་ར་ ཀུ་མར་གྱིས་ འགོ་ཁྲིད་ཐོག་ལུ་ འཐུས་མི་སྡེ་ཚན་གྱིས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག།  གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་ནིའི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་དང་ འབྲུག་གི་དངུལ་ཁང་གི་བར་ན་ སྐྱིན་འགྲུལ་ཆིངས་ཡིག།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ དངུལ་རྩིས་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་/འཛམ་གླིང་དངུལ་ཁང་གི་ ལོ་བསྟར་ཞལ་འཛོམས་ནང་ གྲལ་གཏོགས་མཛད་མི་ དངུལ་རྩིས་བློན་པོ་དང་ འཐུས་མི་སྡེ་ཚན་གྱིས་ ཞལ་འཛོམས་ཀྱི་ཕྱི་ཁར་སྦེ་  རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་ལས་ སྐྱིན་འགྲུལ་ལེན་ནི་གི་ ཆིངས་ཡིག་གུ་ མིང་རྟགས་བཀོད་མིའི་ནང་ གྲལ་གཏོགས་མཛད་ཅི་ཟེར་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་ནིའི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་དབང་ཞབས་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཆོས་འབྲེལ་ལས་འགུལ་ ༣ གྱི་དོན་ལུ་ བཀའ་ཤོག་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་གྱི་གནས་རིམ་ཐོག་ལུ་ ཆོས་འབྲེལ་ལས་འགུལ་ ༣ གྱི་དོན་ལས་ གཞུང་འབྲེལ་གནང་བ་ གྲོལ་གནང་ཡོད་པའི་ བཀའ་ཤོག་གནང་ཡོདཔ་ད་ ལས་འགུལ་དེ་ཚུ་ཡང་ ཧེ་མ་ལས་ གནང་བ་གྲོལ་ཡོད་མི་ ལས་འགུལ་ ༨ ཀྱི་ ཁ་སྐོང་ལུ་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་ནིའི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ནང་ འབྲེལ་བ་འཐབ་གནང་།

National News

ཞི་གཡོག་ནང་གི་ འགོ་ཁྲིད་སྦྱོང་བརྡར།

པདྨ་དབང་འདུས། རྒྱལ་ཁབ་ནང་ ནུས་རྩལ་དང་ལྡན་པའི་ ཕུགས་མཐོང་ཅན་གྱི་ ཞི་གཡོག་གི་ དོན་གྱི་སྙིང་པོ་དེ་ར་ འགོ་ཁྲིད་དེ་ཨིནམ་ད་ དེ་ཡང་ གཙུག་སྡེ་ཚུ་གི་ བཙན་ཐབས་དང་ རྒྱལ་ཡོངས་ཀྱི་ དམིགས་དོན་བསྒྲུབ་ནི་ཚུ་ ལྕོགས་གྲུབ་དང་ རེ་འདུན་ དེ་ལས་ བརྩི་མཐོང་ཡོད་པའི་ འགོ་ཁྲིད་ལུ་ རག་ལསཔ་ཨིན་པས།

National News

རྩ་ཁྲིམས་ཅན་གྱི་ གོ་གནས་ཀྱི་ གནས་ཡུན་ཚང་མི་ཚུ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ རྩ་ཁྲིམས་ཅན་གྱི་ གོ་གནས་ཀྱི་ གནས་ཡུན་ཚང་མི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་སྤྱི་ཁྱབ་ དྲགོས་བསོད་ནམས་སྟོབས་རྒྱས་དང་ ལྷན་འཛིན་ཨྱོན་ཚེ་དབང་ ལྷན་འཛིན་ཟླ་བ་བསྟན་འཛིན། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་ བཀྲ་ཤིས། དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ བདེ་སྐྱིད་པདྨོ་དང་ ལྷན་འཛིན་རྒྱ་མཚོ་ ལྷན་འཛིན་ཀརྨ་རིག་འཛིན་ཚུ་ ཁ་བྲལ་སྨོན་འདུན་གྱི་དོན་ལས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བར་གཟིགས་གནང་།

National News

སུའི་ཛར་ལེན་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཅིག་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

པདྨ་དབང་འདུས།སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ སུའི་ཛར་ལེན་གྱི་འཐུས་དཔོན་ ཕེ་བི་ཡཱན་མོ་ལི་ན་གིས་ འགོ་ཁྲིད་ཐོག་ལུ་ སུའི་ཛར་ལེན་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཅིག་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།དེ་བསྒང་ འབྲུག་དང་ སུའི་ཛར་ལེན་གྱི་བར་ན་ ལོ་ངོ་བཅུ་ཕྲག་ ༤ གི་རིང་ལུ་ཡོད་མི་ དོན་གཅོད་མཐུན་འབྲེལ་དང་ ཡུན་རིང་གི་མཐུན་ལམ་དང་ མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོད་པའི་ནང་ལས་ གནད་དོན་གཙོ་བོ་ར་ ཟུང་ཕྱོགས་མཐུན་འབྲེལ་དང་ འབྲུག་གི་མཐའ་འཁོར་གནས་སྟངས་དང་ གནམ་གཤིས་འགྱུར་བའི་ ལག་ལེན་ཡར་འཕེལ་ དེ་ལས་ དམངས་གཙོའི་རིང་ལུགས་ཀྱི་ མདུན་བསྐྱོད་ཚུ་གི་སྐོར་ལས་གནང་ནུག།དེ་མ་ཚད་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ མ་འོངས་པའི་ལོ་ཚུ་ནང་ མཉམ་འབྲེལ་གཏིང་ཟབ་བཟོ་ནི་ལུ་ཡང་ ཁས་ལེན་ཡོད་ལུགས་ཚུ་ བསྐྱར་གསོ་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

ཨ་ལོ་སྐྱེས་ལོ་ ༥ ལང་མི་ཚུ་གིས་ སློབ་གྲྭའི་ནང་ འཛུལ་ཞུགས་འབད་ཆོག་ནི།

སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ ལྷན་རྒྱས་གཞུང་ཚོགས་ལས་ གསལ་བསྒྲགས་ཅིག་ གནང་པའི་ནང་གསལ་ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ཨ་ལོ་སྐྱེས་ལོ་ ༥ (ཟླ་ངོ་ ༦༠) ལང་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་སོ་སོར་ འཛུལ་ཞུགས་འབད་ཆོག་ཟེར་ཨིན་པས། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༤ པ་ འགོ་བཙུགས་གནང་ནི།

མགོན་པོ་རྡོ་རྗེ། དུས་ཅི་ རང་ཟླ་ ༡༠ པའི་ཚེས་ ༧ སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༤ པ་ འགོ་བཙུགས་གནང་ནི་སྦེ་ གཏན་འཁེལ་མཛད་གནང་ནུག། དེ་འབདཝ་ལས་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་དང་ ལས་སྡེ་ གནས་གཞུང་ཚུ་གིས་ གོང་འཕེལ་དང་འབྲེལ་བའི་ གནད་དོན་ཚུ་མིན་པར་ གཞན་གལ་གནད་ཆེ་བའི་ གནད་དོན་ཚུ་ གསུང་གྲོས་གནང་དགོཔ་ཡོད་པ་ཅིན་ གཤམ་འཁོད་ལམ་སྟོན་དང་འཁྲིལ་ཏེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ གི་ ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ནང་ ཕུལ་དགོ་ཟེར་ཨིན་པས། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

Online now: 19 Today: 172 Total visitors: 10202