ArchiveAboutContact

Category: National News

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཊ་ཊ་པ་ཝར་གྱི་བར་ན་ གཙང་དག་ནུགས་ཤུགས་ཅན་གྱི་ རིག་རྩལ་གོང་འཕེལ་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཊ་ཊ་པ་ཝར་གྱི་བར་ན་ འབྲུག་གི་ཡར་སེང་ཅན་གྱི་ གཙང་དག་ནུས་ཤུགས་ལས་སྡེའི་ རྒྱབ་སྐྱོར་ལུ་ རིག་རྩལ་གོང་འཕེལ་ སྒྲིག་བཀོད་ཡོངས་རྫོགས་ཅིག་ གོང་འཕེལ་གཏང་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ གྲལ་གཏོགས་མཛད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་གཞུང་དང་ འཛམ་གླིང་དངུལ་ཁང་གི་བར་ན་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་གྱི་དོན་ལུ་ མ་དངུལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ འབྲུག་གཞུང་དང་ འཛམ་གླིང་དངུལ་ཁང་གི་བར་ན་ མེ་ག་ཝཱཊ་ ༡,༡༢༥ འབད་མི་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་གྱི་དོན་ལུ་ མ་དངུལ་བསྡོམས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༥༡༥ འབད་མི་ཅིག་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ནུག། དེ་ཡང་ འབྲུག་གི་གློག་མེ་བཟོ་བཏོན་བསྡོམས་ཐོག་ལས་ གློག་མེ་གསུམ་དཔྱ་གཅིག་གི་རྩིས་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་ནང་ལས་ འཐོན་ནི་དང་ ལས་འགུལ་དེ་གིས་ གོང་ཚད་རན་པའི་ གློག་མེ་དང་ གཙང་དག་ནུས་ཤུགས་ཕྱིར་ཚོང་གི་ གོ་སྐབས་ཚུ་ གཏོན་ནི་ཨིནམ་མ་ཚད་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ འཐོན་ནི་ཨིན་པས།   རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ […]

National News

མི་དབང་ཞབས་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཆོས་འབྲེལ་ལས་འགུལ་གསརཔ་ བརྒྱད་ཀྱི་དོན་ལས་ བཀའ་ཤོག་གནང་ཡོདཔ།

པདྨ་དབང་འདུས།རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཆོས་འབྲེལ་ལས་འགུལ་གསརཔ་ ༨ ཀྱི་དོན་ལས་ བཀའ་ཤོག་ཚུ་ གནང་ཡོདཔ་ད་ ལས་འགུལ་གསརཔ་དེ་གིས་ གནང་བ་གྲུབ་པའི་ ཆོས་འབྲེལ་ས་གོ་ཁག་ ༢༢ ལུ་ ལྷོད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་ལུ་བརྟེན་ཏེ་ གཞུང་ལུ་སྐུ་གྱོང་།

པདྨ་དབང་འདུས།སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ བློན་ཆེན་གྱི་ ཡིག་ཚང་ནང་ལས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལཝ་ད་ ས་སྣུམ་ནང་འདྲེན་གྱི་ གོང་ཚད་ལུ་ འཕྲོ་མཐུད་དེ་ར་ ཨེབ་ཤུགས་ཐོན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ དམིགས་བསལ་གྱིས་ སྐྱེལ་འདྲེན་དང་ བཟོ་བསྐྲུན་ སོ་ནམ་ ཅ་ཆས་བཀྲམ་སྤེལ་ཚུ་ལུ་ གལ་གནད་ཆེ་མི་དེ་ ས་སྣུམ་ཌི་ཛིལ་ཨིན་ཟེར་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཐིམ་ཕུ་ལུ་ སངས་རྒྱས་སྐུ་འཁྲུངས་པ་དང་ སངས་རྒྱས་པ་ སྐུ་མྱ་ངན་ལས་འདས་པ་བཅས་ བྱིན་རླབས་གསུམ་ལྡན་གྱི་ ཉིནམ་འགོ་འབྱེད།

པདྨ་དབང་འདུས།རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ དཔལ་དུས་ཀྱི་འཁོར་ལོའི་ཉིནམ་དང་འབྲེལ་ཏེ་ ཐིམ་ཕུ་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ གཞུང་གྲྭ་ཚང་དང་ མཉམ་འབྲེལ་ཐོག་ལས་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ སྐུ་འཁྲུངས་པ་དང་ སངས་རྒྱས་པ་ སྐུ་མྱ་ངན་ལས་འདས་པ་བཅས་ བྱིན་རླབས་གསུམ་ལྡན་གྱི་ཉིནམ་སྦེ་ འགོ་འབྱེད་འབད་ཡོདཔ་ད་ དུས་སྟོན་དེ་ཡང་ བའི་ས་ཁ་ཟེར་མི་ ཟླ་བའི་ནང་ ཟླཝ་ཉ་གང་གི་ཉིནམ་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ […]

National News

ཐིམ་ཕུ་བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ སྒྲོལ་མ་འབུམ་ཕྲག་ བསགས་གནང་ཡོདཔ།

རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་བཞུགས་གནས་ རྟ་བབས་ཉི་མ་སློབ་གྲྭའི་ ས་ཁོངས་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་པའི་ སྒྲོལ་མ་འབུམ་གསོག་ ཐེངས་ ༡༤ པ་ བསགས་ཡོད་མི་དེ་ མཇུག་སྡུའི་བཀའ་དྲིན་གཏང་རག་གི་དོན་ལུ་ མགོན་པོའི་སྟོང་ཚོགས་དང་ ལྷ་མོའི་འབག་མཆོད་ཀྱི་ གསུང་ཆོག་ཚུ་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

སྤུ་ན་ཁ་ མཆོད་རྟེན་སྙིང་པོ་ དགོན་འཛིན་གྲྭ་ཚང་གི་ དབུ་འཛིན་འོག་མ་དང་ མི་སྡེ་ཞབས་ཏོག་བླམ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

རང་ཟླ་ ༣ པའི་ཚེས་ ༡༤ སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ སྤུ་ན་རྫོང་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ མཆོད་རྟེན་སྙིང་པོ་ དགོན་འཛིན་གྲྭ་ཚང་གི་ དབུ་འཛིན་འོག་མ་དང་ མི་སྡེ་ཞབས་ཏོག་བླམ་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཞི་གཡོགཔ་བདེ་ཉམས་ཀྱི་ དུས་སྟོན་ ༢༠༢༦ པ་བརྩི་སྲུང་།

སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཞི་གཡོགཔ་ ༣༠,༠༠༠ ལྷགཔ་ཅིག་གིས་ བདེ་ཉམས་དང་ གཅིག་མཐུན་ དེ་ལས་ ཞབས་ཏོག་ཚུ་ བརྩི་སྲུང་འབད་ཡོདཔ་ད་ དེ་ཡང་ ཐིམ་ཕུ་ལུ་འབད་བ་ཅིན་ བང་རྒྱུགཔ་ ༥༦༥ འབད་མི་ སྡེ་ཚན་ ༡༡༣ གྱིས་ འགྲན་ཟླ་མེད་པའི་ ངར་ཤུགས་ཀྱི་སྒོ་ལས་ རྒྱང་རིང་བང་རྒྱུག་འགྲན་བསྡུར་ནང་ གྲལ་གཏོགས་འབད་མི་དེ་གིས་ གཅིག་སྒྲིལ་དང་ དཀའ་སྡུག་བཟོད་ཚུགས་པའི་ རྟགས་མཚན་སྟོན་ནུག། བང་རྒྱུག་འགྲན་བསྡུར་དེ་ནང་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཨང་དང་པ་དང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ ཨང་གཉིས་པ་ དེ་ལས་ ཨང་གསུམ་པ་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ གཙོ་བསྟེན་སྨན་ཁང་གིས་ ཐོན་ཡོདཔ་ད་ བང་རྒྱུག་འགྲན་བསྡུར་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོད་པའི་ གནས་ཚུལ་མདོར་བསྡུས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ […]

National News

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཟའ་སྤྱོད་ཁང་ཚུ་གི་ སྐྱིན་འགྲུལ་གྱི་སྐྱེད་ལུ་ བརྒྱ་ཆ་ ༤ རེའི་ ལྷན་ཐབས་ལག་ལེན།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༥ པའི་ཚེས་ ༡ ལས་ འགོ་བཟུང་སྟེ་ བཟའ་སྤྱོད་ཁང་ཚུ་གི་དོན་ལས་ སྐྱིན་འགྲུལ་གྱི་སྐྱེད་ལུ་ ལྷན་ཐབས་སྦེ་ བརྒྱ་ཆ་ ༤ རེ་ ལག་ལེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག་ཟེར་ཨིན་པས། དེ་ཡང་ འབྲུག་གཞུང་གི་ དཔལ་འབྱོར་ལྷན་ཐབས་ལས་རིམ་བརྒྱུད་དེ་ ཟད་འགྲོ་གཏང་མི་ སྐྱེད་ཀྱི་ལྷན་ཐབས་དེ་གིས་ བལྟ་བཤལ་ལུ་ ཚབས་ཆེན་སྦེ་ར་ ཐོ་ཕོག་སྟེ་ཡོད་པའི་ ལོ་ངོ་ཚུ་གི་ཤུལ་ལས་ སྐྱིན་འགྲུལ་གྱི་ འགན་ཁུར་འབག་ནི་དང་འབྲེལ་ཏེ་ བཟའ་སྤྱོད་ཁང་གི་ ཇོ་བདག་ཚུ་གི་ སྡུག་སྦྱོང་མར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེད་དེ་ཨིན་པས་ཟེར་བཀོད་ནུག།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ […]

National News

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚད་གཞི་འབྲིང་མའི་ དཔལ་འབྱོལ་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ཚུ་གི་ བསྐྱར་ཞིབ་མཇུག་བསྡུ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་གི་ ལས་འགུལ་ཚད་གཞི་འབྲིང་མ་ཚུ་གི་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་དང་འབྲེལ་བའི་ བསྐྱར་ཞིབ་ཚུ་ མཇུག་བསྡུ་ཡི་ཟེར་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ལག་ལེན་ལམ་སྟོན་ ༢༠༢༤ ཅན་མ་ལུ་ ཆ་གནས་ཡོད་མེད་ གཙོ་བོར་བཟུང་ཡོདཔ་སྦེ་བཀོད་ནུག། དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ལམ་སྟོན་ནང་ ཚད་གཞི་འབྲིང་མའི་ ལས་སྡེ་ཟེར་མི་དེ་ མ་རྩ་དངུལ་ཀྲམ་ས་ཡ་ ༡༠ ལས་ ༡༠༠ གི་བར་ན་འབད་མི་ ཐོན་སྐྱེད་དང་ བཟོ་བཏོན་ལས་འགུལ་སྦེ་ ངེས་ཚིག་འགྲེལ་ཏེ་ཡོདཔ་ད་ ལམ་སྟོན་དེ་ནང་ ཞབས་ཏོག་དང་ བཟོ་བསྐྲུན་ ས་གཏེར་གྱི་ རྒྱུ་ཆས་གཏོན་ནི་དང་ སོ་ནམ་ལུ་གཞི་བརྟེན་འབད་མི་ ནང་གསེས་ལས་སྡེ་ཚུ་ མི་ཚུད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ […]

Online now: 19 Today: 1547 Total visitors: 8767