ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་གར་རྒྱལ་ཁབ་ནང་ དྲོད་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༣༣ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༣༡ ལུ་ རྒྱ་གར་གྱི་མངའ་སྡེ་ བི་ཧར་དང་ ཨུ་ཏར་པར་དེཤ་ དེ་ལས་ ཨོ་དི་ཤ་ཚུ་གི་ནང་ དྲོད་ཤུགས་ལུ་བརྟེན་ཏེ་ བཙག་འཐུའི་སྒྲིག་གཡོག་རྐྱབ་མི་ཚུ་གིས་གཙོས་པའི་ མི་གྲངས་ ༣༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ རྒྱ་གར་རྒྱལ་ཁབ་ནང་ དྲོགས་ཤུགས་མཐོ་ཚད་ ཌི་གི་རི་སེལ་ཤེཛ་ ༥༢.༩ དེ་ཅིག་ལུ་ ལྷོད་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱི་ ཤར་ཁ་ཐུག་ལུ་ དྲོད་ཤུགས་དེ་ འཕྲོ་མཐུད་དེ་ར་ གནས་ནི་ཨིན་རུང་ དབུས་ཕྱོགས་ཀྱི་ ས་གནས་ཚུ་ནང་ མར་འབབ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ཡང་ དྲོད་ཤུགས་ལུ་བརྟེན་ཏེ་ བི་ཧར་ལུ་ བཙག་འཐུའི་ལཱ་འབད་མི་ཚུ་གིས་གཙོས་པའི་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ བཙག་འཐུའི་ལཱ་འབད་མི་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ ཉིན་རེ་བཞིན་དུ་ ཉི་མའི་ནང་ ལོངམ་ལོང་སར་ སྡོད་དགོ་ནི་དེ་གིས་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་སྦེ་ རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་པར་དེཤ་ལུ་ཡང་ སྲུང་སྐྱོབ་དམག་མི་གིས་གཙོས་པའི་ བཙག་འཐུའི་ལཱ་འབད་མི་ ༩ ལུ་ […]

World News

ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊམ་ལུ་ ཡིག་ཆ་རྫུན་བཟོའི་ཉེས་འཛུགས།

རོའི་ཊརཛ། ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊམ་གྱི་ སྤྱི་ལོ་ ༢༠༡༦ ལོའི་ བཙག་འཐུའི་སྔ་གོང་ལུ་ ཁོ་རའི་སྐོར་ལས་ ལོ་རྒྱུས་ཚུ་ གསང་བཞག་ཐབས་ལུ་ འདོད་བརྙན་མོ་ལེགས་ཅིག་ལུ་ དངུལ་སྤྲོད་ཡོད་མི་དེ་ གསང་བརྟོལ་མ་འབད་བའི་ ཉེས་པ་འཁྲི་ཡོདཔ་ཨིན་པས།དེ་ཡང་ ཉིན་གྲངས་ ༢ ཀྱི་རིང་ འཐུས་མི་ ༡༢ འབད་མི་ དྲང་དཔོན་ལྷན་ཚོགས་ཀྱིས་ གྲོས་བསྡུར་འབད་བའི་ཤུལ་ལས་ གྲོས་ཆོད་དེ་ བཏོན་ཡོདཔ་ད་ ཌོ་ནཱལ་ཊམ་ལུ་ ཉེས་འཛུགས་ཁག་ ༣༤ གི་ ཉེས་པ་འཁྲི་ནུག།ཉེས་ཁྲིམས་དེ་ཚུ་གི་ འཁྲུན་ཆོད་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ གནང་ནི་ཨིནམ་ད་ དེ་ཡང་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱིས་ སྲིད་འཛིན་གྱི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་སྦེ་ གདམ་འཐུ་འགྲུབ་ནི་ཨིན་མི་ ཉིན་གྲངས་དག་པ་ཅིག་གི་ སྔ་གོང་ལུ་ གནང་ནི་ཨིན་པས།.ཨིན་རུང་ ཡུ་ཨེཛ་གི་ ཁྲིམས་ལུགས་ནང་ ཡིག་ཆ་རྫུན་བཟོའི་ ཉེས་ཁྲིམས་དེ་ མཐོ་ཤོས་ལོ་ངོ་ ༤ གི་ […]

World News

ཨ་ཡིཛ་ལེན་ལུ་ མེ་རི་ཐོན་མིའི་ ལྕགས་ཞུན་ཚུ་ ཁྲོམ་གྱི་ཉེན་སྲུང་ར་བ་ཚུན་ལྷོད་ཡོདཔ།

སི་ཨེན་ཨེན། ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ལས་ འགོ་བཟུང་སྟེ་ ད་ཚུན་གྱི་བར་ན་ ཨ་ཡིཛ་ལེན་ལུ་ མེ་རི་ལན་ཐེངས་ ༥ ཐོན་ཡོདཔ་ད་ འཕྲལ་ཁམས་ཀྱི་ མེ་རི་དེ་ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ ཐོན་ཡོདཔ་ཨིན་པས།དེ་ཡང་ ས་ཡོམ་ཅིག་ རྐྱབ་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ད་ མེ་རི་དེ་གི་ ལྕགས་ཞུན་ཚུ་ གི་རིན་ཌ་བིག་ཟེར་མི་ ཁྲོམ་གྱི་ར་བ་ཚུན་ ལྷོད་ཡོདཔ་ལས་ མི་སེར་ཚུ་ གཞི་གནས་སྤོ་དགོཔ་ཐོན་ནུག།ར་བ་དེ་ཡང་ ཧེ་མ་ མེ་རི་ལས་ཐོན་མི་ ལྕགས་ཞུན་བཀག་ཐབས་ལུ་ བཟོ་བསྐྲུན་འབད་ཡོདཔ་ད་ ལྕགས་ཞུན་དེ་ལུ་བརྟེན་ཏེ་ ཁྲོམ་དེ་ནང་ མི་སེར་ ༣,༠༠༠ དེ་ཅིག་ཡོད་མི་ཚུ་ གི་རིན་ཌ་བིག་ཁྲོམ་ཁ་ལས་ ས་གནས་གཞན་ཁར་ འགྲུལ་བསྐྱོད་འབད་མ་ཚུགསཔ་ ཐལ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།ད་རེས་ སྡོད་གནས་མ་སྤོ་བར་ སྡོད་མི་ཚུ་ལུ་ སྤོ་འགྱོ་དགོ་པའི་ བཀོད་རྒྱ་བཏང་ཡོད་རུང་ མི་ ༣ དེ་ཅིག་གིས་ རྩ་ལས་ར་ སྡོད་གནས་སྤོ་མི་འགྱོ་ནི་སྦེ་ སླབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་ལུ་ ཕྱགས་སྙིགས་ཀྱི་ ལྒང་ཕུ་ཚུ་བཀྲམ་སྤེལ།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་ལུ་ དཀྲོག་གཏམ་གྱི་ ཤོག་གུ་དང་ ཕྱགས་སྙིགས་བཀང་མི་ ལྒང་ཕུ་ཚུ་ བཀོག་དོ་ཡོདཔ་ད་ དེ་ཡང་ ལྷོ་ཀོ་རི་ཡའི་ ལྷོ་ཕྱོགས་མངའ་སྡེ་ ༢ ཀྱི་ནང་ བཀོག་ཡོདཔ་ལས་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ མི་སེར་ཚུ་ལུ་ ཉེན་བརྡ་ཚུ་ སྤེལ་དགོཔ་བྱུང་ནུག།ལྷོ་ཀོ་རི་ཡའི་ དམག་སྡེ་གིས་ མི་མང་ལུ་ ལྒང་ཕུ་དཀརཔོ་ཚུ་དང་ ཆུ་ཤོག་ཚུ་ནང་ ཕྱགས་སྙིགས་བཙོག་པ་ཚུ་ བཀང་སྟེ་ཡོདཔ་ལས་ ལགཔ་མ་དོག་ཟེར་ སླབ་ཡོདཔ་ད་ ལྒང་ཕུ་ཚུ་ཡང་ མངའ་སྡེ་ཇི་ཡོང་གི་དང་ གང་ཝོན་ལུ་ ཆགས་ཏེ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བརྟག་དཔྱད་འབདཝ་ཨིན་པས།མ་གཞི་ སྤྱི་ལོ་ ༡༩༥༠ ང་གྲངས་ལུ་ ཀོ་རི་ཡའི་ ཕྱད་མདའ་སྐབས་ལས་ཚུར་ ལྷོ་ཀོ་རི་ཡ་དང་ བྱང་ཀོ་རི་ཡ་གཉིས་ཆ་གིས་ར་ དཀྲོགས་གཏམ་ཁྱབ་སྤེལ་གྱི་དོན་ལས་ ལྒང་ཕུ་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།འཕྲལ་ཁམས་ཅིག་ཁར་ ལྷོ་ཀོ་རི་ཡའི་ སྲིད་དོན་ནང་ བརྩོན་ཤུགས་བསྐྱེད་མི་ཚུ་གིས་ ས་མཚམས་ཀྱི་ ས་ཁོངས་ཚུ་ནང་ དཀྲོག་གཏམ་གྱི་ […]

World News

པ་ཀིཛ་ཏཱན་གྱི་ སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ འགྲུལ་པ་ ༢༨ ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་མངའ་སྡེ་ བ་ལོ་ཅིཛ་ཏཱན་ལུ་ སྐྱེལ་འདྲེན་བཱཛ་ཅིག་ བྱག་གུ་ལས་མར་ རྦོབ་རིལ་སོངཔ་ལས་ འགྲུལ་པ་ ༢༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།སྐྱེལ་འདྲེན་བཱཛ་དེ་ འགྲུལ་པ་ ༥༤ འབག་སྟེ་ ཏུར་བཱཏ་ཁྲོམ་ཁ་ལས་ བྱང་ཕྱོགས་ཀུའི་ཊ་ཁྲོམ་ཁར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ རྦོབ་རིལ་ཡར་སོང་ནུག།སྨན་ཁང་ནང་བསྐྱལ་མི་ འགྲུལ་པ་ལ་ལོ་ཅིག་ལུ་ རྨ་སྐྱོན་དུམ་གྲ་རེ་ལས་ མ་བྱུང་རུང་ ལ་ལོ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ད་ སྨ་སྐྱོན་བྱུང་མིའི་གྲས་ཁར་ སྐྱེས་ལོ་ ༨ ལས་ ༡༠ གི་བར་ན་འབད་མི་ ཨ་ལོ་ཚུ་ཡང་ཡོདཔ་ཨིན་པས།སྐྱེལ་འདྲེན་བཱཛ་དེ་ ཟམ་ཅིག་གུ་ ཤུགས་སྦེ་ར་ ཕོག་པའི་ཤུལ་ལས་ གཡང་སར་བུད་སོངཔ་ལས་ དེད་གཡོགཔ་དེ་ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ལུ་ མི་དབང་སྐུ་འཁོར་ལུ་ བརྙས་བཅོས་དང་འབྲེལ་བའི་ཉེས་འཛུགས།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ མི་དབང་སྐུ་འཁོར་ལུ་ བརྙས་བཅོས་ཞུ་བའི་ ཉེས་འཛུགས་འབད་ནི་ཨིན་པས།དེ་ཡང་ ཐག་སིན་གྱི་མོ་སྤུན་ ཡང་ལུག་ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ གཞུང་སྐྱོང་གི་དབང་ཚད་ བཙན་འཕྲོག་འབདམི་ དྲག་པོའི་དམག་སྡེ་གིས་ ཐག་སིན་གྱི་ རྒྱབ་འགལ་ལུ་ ཉོག་བཤད་བཀོད་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༡༥ ལུ་ ཐག་སིན་གྱིས་ ཕྱི་ཁའི་བརྡ་བརྒྱུདཔ་ཚུ་དང་ དྲི་བ་དྲིས་ལན་སྐབས་ལུ་ སྐུ་འཁོར་ལུ་ བརྙས་བཅོས་འབད་ཡོདཔ་སྦེ་བཀོད་ནུག།རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་ག་རའི་དོན་ལུ་ བློན་ཆེན་བགྲེསཔ་ ཐག་སིན་དེ་ ཁྲིམས་སར་བཀལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ཀྱི་ཧེ་མར་ ཁྲིམས་འདུན་ལུ་ བཅར་དགོ་ཟེར་ཨིན་པས།སྐྱེས་ལོ་ ༧༤ འབད་མི་ ཐག་སིན་ཤི་ན་ཝ་ཏ་ར་གིས་ མཐའ་ཡས་ལེན་གྱི་ མི་དབང་སྐུ་འཁོར་ལུ་ ཁོ་རའི་ཧོངས་ལས་ དད་དམ་ལྷད་མེད་ཡོདཔ་ལས་ ཁོ་ལུ་ ནོར་བ་དང་ འཁྲུལ་བ་ག་ནི་ཡང་མེད་ཟེར་ བཤད་ཡོདཔ་ད་ མཐའ་ཡས་ལེན་ལུ་ མི་དབང་སྐུ་འཁོར་ཚུ་ལུ་ […]

World News

པ་པུ་ཨ་ ནིའུ་གི་ནི་ལུ་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ རྐྱེན་ངན་ཚབས་ཆེན་བྱུང་སྟེ་ མི་ལེ་ཤ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ པ་པུ་ཨ་ ནིའུ་གི་ནིའི་བློན་ཆེན་ ཇེམཛ་མ་ར་པེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ ཆརཔ་སྦོམ་སྦེ་ རྐྱབ་ནི་དེ་གིས་ ས་རུད་ཀྱིས་གཙོས་པའི་ རྐྱེན་ངན་ལེ་ཤ་ཅིག་ བྱུང་མིའི་ནང་ མི་སེར་སྟོང་ཕྲག་ལས་བཅད་མི་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཀྱི་མངའ་སྡེ་ ཨེང་ག་ཟེར་སར་ མ་ཨིབ་མུ་ལི་ཏ་ཀ་ཟེར་མི་ སྒང་ཏོག་དེ་ ཆད་འོངམ་ལས་ མི་སེར་སྟོང་ཕྲག་ ༢ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རྐྱེན་ངན་དེ་གིས་ ས་གོ་དེ་ནང་ མི་རློབས་ ༧༠,༠༠༠ དེ་ཅིག་ཡོད་མི་ག་ར་ལུ་ གནོད་སྐྱོན་བྱུང་ནུག།ལོ་འདི་ནང་ རང་བཞིན་རྐྱེན་ངན་ཚུ་ལུ་བརྟེན་ཏེ་ རྒྱལ་ཁབ་ལུ་ ཌོ་ལར་ས་ཡ་ ༡༢༦ ལྷགཔ་ཅིག་ གྱོང་རྒུད་ཕོག་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ བློན་ཆེན་མ་ར་པེ་གིས་ དུས་ཅི་ ཁོང་གི་རྒྱལ་ཁབ་ནང་ དུས་ཨ་རྟག་དང་མ་འདྲཝ་སྦེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ གཙང་ཆུ་དང་ རྒྱ་མཚོའི་མཐོ་ཚད་ཚུ་ཡང་ […]

World News

ཨིཛ་རེལ་གྱིས་ ར་ཕ་སྐྱབས་བཅོལ་བའི་ སྡོད་སྒར་ནང་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ གོ་མཚོན་ནུས་ཤུགས་ཅན་ལག་ལེན།

སི་ཨེན་ཨེན། སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ ཨིཛ་རེལ་དང་ ཧ་མཱཛ་སྡེ་ཚན་གྱི་ དམག་འཁྲུག་ནང་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ས་གནས་ ར་ཕ་ལུ་ཡོད་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་གུ་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ གོ་མཚོན་ནུས་ཤུགས་ཅན་ཚུ་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ ག་ཟ་ཁྲོམ་ཚོགས་ཀྱི་ ལྷོ་ཕྱོགས་ཁྲོམ་ཁར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ སྡོད་སྒར་ཚུ་གུ་ མེ་ཟུན་ཏེ་ མི་གྲངས་ ༤༥ ལུ་ ཤི་རྐྱེན་དང་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་ཚུ་བྱུང་ནུག།དེ་བསྒང་ གནོད་སྐྱོན་བྱུང་མི་ མང་ཤོས་ཅིག་ར་ ཨམ་སྲུ་དང་ ཨ་ལོ་ཚུ་ཨིན་པས་ཟེར་ ག་ཟ་ཁྲོམ་ཚོགས་ཀྱི་ གསོ་བའི་ལྷན་ཁག་དང་ པེ་ལིཛ་ཊིན་གྱི་ སྨན་ཁང་ལས་བྱེདཔ་ཚུ་གིས་ བཤད་ཡོདཔ་ཨིན་པས།ད་རེས་ གནོད་འཚུབ་བཀལ་སའི་ ར་ཕ་ཁྲོམ་ནང་ དམག་འཁྲུག་ལས་ ཟུར་ཐབས་ལུ་ སྒར་བཅགས་ཏེ་སྡོད་མི་ པེ་ལིཛ་ཊིན་གྱི་མི་ཁུངས་ ས་ཡ་ ༡.༣ […]

World News

ཡུ་ཀེའི་ཀཱན་སར་ཝེ་ཊིབ་ སྲིད་དོན་ཚོགས་པའི་ འཐུས་མི་ལེ་ཤ་ཅིག་དགོངས་ཞུ།

བི་བི་སི། ད་རེས་ནངས་པར་ བི་རི་ཊེན་གྱི་བློན་ཆེན་ རི་ཤི་སུ་ནག་དེ་ བྱ་སྟབས་མ་བདེ་བའི་ གནས་སྟངས་ནང་ཡོདཔ་ད་ དེ་ཡང་ ཁོ་གི་སྲིད་དོན་ཚོགས་པ་ ཀཱན་སར་ཝེ་ཊིབ་ནང་ལས་ འཐུས་མི་ལེ་ཤ་ཅིག་ དགོངས་ཞུ་འབད་ནི་དེ་གིས་ཨིན་པས།རི་ཤི་སུ་ནག་དེ་ སྤྱི་ལོ་ ༢༠༢༢ ལས་ བློན་ཆེན་གྱི་ གོ་གནས་ཁར་ བཙག་འཐུ་འབད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ རྒྱལ་ཡོངས་བཙག་འཐུ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།ཨིན་རུང་ ཁོ་གི་གནས་ཡུན་རིང་ལུ་ རྒྱལ་ཁབ་ནང་ གོང་ཚད་ཡར་འཕར་མཐོ་དྲགས་དང་ དཔལ་འབྱོར་ཡར་འཕར་དམའ་སུ་ དེ་ལས་ སྲིད་འབྲེལ་གྱི་ གནད་དོན་མ་ལེགསཔ་ཚུ་ ཐོན་ཏེ་ཡོདཔ་ལས་ ཁོ་གི་སྲིད་ཚོགས་ཀྱི་ མིང་གཏམ་ཞན་སུ་ སོང་ཡོདཔ་ཨིན་པས།སྤྱི་ཟླ་ ༥ པའི་ཚེས་ ༢༤ ཚུན་ལུ་ རྒྱལ་ཡོངས་བཙག་འཐུའི་ནང་ བཅའ་མར་མི་གཏོགས་ཟེར་མི་ ༧༨ ལུ་ ལྷོད་ཡོདཔ་མ་ཚད་ གཞུང་གི་འགན་ཁུར་ དག་པ་ཅིག་ར་འབག་མི་ མ་ཡེ་ཀེལ་ གོ་རོབ་གྱིས་ཡང་ དགོངས་ཞུ་འབད་ནི་ཨིནམ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 6 Today: 1431 Total visitors: 18898