ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་ནག་གི་ ཁྲོམ་སྡེའི་འགོ་དཔོན་བགྲེསཔ་ཅིག་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ།

བི་བི་སི། རྒྱ་ནག་གི་ ཤར་ཕྱོགས་ཁྲིམ་ཁང་ཅིག་ལས་ ཁྲོམ་སྡེའི་འགོ་དཔོན་བགྲེསཔ་ཅིག་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ དེ་ཡང་ འགོ་དཔོན་བགྲེསཔ་ ཡང་ཡུ་ལིན་གྱིས་ སྤྱི་ལོ་ ༡༩༩༣ ལས་ ༢༠༢༣ ཚུན་ ལོ་ངོ་ ༣༠ དེ་ཅིག་ ནན་ཇིང་ཁྲོམ་སྡེ་ལུ་ གོ་གནས་མ་འདྲཝ་ཚུ་ནང་ ཕྱག་ཞུ་སྡོད་པའི་སྐབས་ལུ་ ཌོ་ལར་ས་ཡ་ ༣༢༥ དེ་ཅིག་ དབང་ཚད་ལོག་སྤྱོད་དང་ ཚུལ་མིན་གྱི་སྒོ་ལས་ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་རྒྱལ་ཁབ་ནང་ དྲོད་ཤུགས་ཀྱི་ ཉེན་ཁ་ལུ་བརྟེན་ཏེ་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་ནི་ལུ་ བར་ཆད་བྱུང་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ རང་དབང་གི་ཉིནམ་ ཐེངས་ ༢༥༠ པ་ བརྩི་སྲུང་གི་དོན་ལས་ བཅའ་སྒྲིག་ཚུ་ རྐྱབ་སྟེ་ཡོད་རུང་ དྲོད་ཤུགས་ཚབས་ཆེན་ལུ་བརྟེན་ཏེ་ རུ་སྒྲིག་དང་ ལྟདམོ་དེ་ཚུ་ ཆ་མེད་དང་ ཡང་ཅིན་ ཕར་འཕུལ་རྐྱབ་དགོ་པའི་ བརྡ་སྐུལ་འབད་ནུག།དེ་སྦེ་ ཆ་མེད་བཏང་དགོཔ་ཐོན་མི་ དུས་སྟོན་ཚུ་གི་གྲས་ལས་ ཝ་ཤིང་ཊཱོན་ལུ་ ནེ་ཤ་ནཱལ་མཱོལ་ཟེར་སར་ ཨ་མེ་རི་ཀའི་ རྒྱལ་ཡོངས་དུས་སྟོན་དེ་ཡང་ ཚུད་ཡོདཔ་ཨིན་པས།རྒྱལ་ཁབ་དེ་ནང་ ཚ་དྲོད་ཀྱི་ ཚད་གཞི་དེ་ ཨ་རྟག་དང་མ་འདྲཝ་སྦེ་ ཌི་གི་རི་སེལ་ཤི་ཡཱཛ་ ༣༨ ལུ་ ཡར་སེང་སོང་ཡོདཔ་ད་ དེ་བཟུམ་མའི་ དྲོད་ཤུགས་དེ་ཡང་ ཡུ་ཨེཛ་གི་ ཤར་ཁ་ཐུག་ལས་ འགོ་བཙུགས་ཡོདཔ་སྦེ་བཀོད་ནུག།

World News

ཨི་རཱན་གྱིས་ དབུ་ཁྲིད་ཞིང་གཤེགས་ ཨ་ཡ་ཏོ་ལ་ ཁ་མེ་ནིའི་དོན་ལུ་ མི་མང་མྱ་ངན་བརྩི་སྲུང་།

བི་བི་སི།སྤྱི་ཟླ་ ༢ པའི་ནང་ ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་མི་ ཨི་རཱན་གྱི་དབུ་ཁྲིད་ ཨ་ཡ་ཏོ་ལ་ ཁ་མེ་ནིའི་དོན་ལས་ སྤྱི་ཟླ་ ༧ པའི་ཚེས་ ༤ ལས་ མི་མང་མྱ་ངན་ འགོ་བཙུགས་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

པཱ་ཀིཛ་ཏཱན་ལུ་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ འགྲུལ་པ་ ༤༠ ལུ་ཤི་རྐྱེན།

བི་བི་སི།པཱ་ཀིཛ་ཏཱན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ འགྲུལ་པ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་ཅིག་ རྦོབ་རིལ་སོང་སྟེ་ གཙང་ཆུའི་ནང་ ཐིམ་སོངཔ་ལས་ འགྲུལ་པ་ ༤༠ ལུ་ ཤི་རྐྱེན་དང་ ༨ ལུ་ རྨ་སྐྱོན་བྱུངནུག།ཐུག་རྐྱེན་དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨ དེ་ཅིག་ཁར་ བཱ་ལོ་ཅིཛ་ཏཱན་དང་ ཁེ་བར་པག་ཏཱུན་ཝ་མངའ་སྡེའི་ ས་མཚམས་ཁར་ ཌ་ན་སར་ གངས་རི་ལུ་ བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་བཱཛ་དེ་ ཀུའི་ཊ་ལས་ པེ་ཤ་ཝར་ལུ་ འགྲུལ་སྐྱོད་འབད་བའི་བསྒང་ཨིན་པས།རྐྱེན་ངན་དེ་ བྱུང་པའི་སྐབས་ལུ་ སྣུམ་འཁོར་བཱཛ་དེ་ནང་ ཨམ་སྲུ་དང་ ཨ་ལུ་ཚུ་རྩིས་ཏེ་ མི་གྲངས་ ༤༨ དེ་ཅིག་ སྡོད་ཡོདཔ་ད་ རྐྱེན་ངན་དེ་ཡང་ སྣུ་འཁོར་ཚད་འཛིན་འབད་མ་ཚུགས་པར་ བྱུང་བྱུངམ་བཟུམ་ཅིག་ཡོདཔ་སྦེ་ ཞོབ་སྨན་ཁང་ལས་ གཞུང་གི་འགོ་དཔོན་ཅིག་གིས་ གསལ་བཤད་འབད་ནུག།དེ་བསྒང་ རྨ་སྐྱོན་བྱུང་མི་ཚུ་ ཐུག་རྐྱེན་བྱུང་སའི་ ས་ཁོངས་ལས་ ཀི་ལོ་མི་ཊར་ ༦༨ དེ་ཅིག་གི་ས་ཁར་ཡོད་མི་ ཞོབ་རྫོང་ཁག་སྨན་ཁང་ནང་ […]

World News

མཐའ་ཡས་ལེན་ལུ་ བུཚ་ཅིག་གིས་ སྣུམ་འཁོར་བཏང་སྟེ་ དགེ་སློང་ ༩ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ མཐའ་ཡས་ལེན་གྱི་ བྱང་ཤར་ཁ་ཐུག་ལུ་ སྐྱེས་ལོ་ ༡༡ འབད་མི་ བུཚ་ཅིག་གིས་ ཕ་མའི་གནང་བ་མེད་པར་ སྣུམ་འཁོར་པིག་ཨབ་ཊག་ཅིག་ བཏང་འོང་པའི་སྐབས་ལུ་ ནང་པའི་ས།དགེ་སློང་ཚུ་ལུ་ བརྡུང་བྱིན་ཡོདཔ་ལས་ དགེ་སློང་ ༩ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།

World News

ཨི་རཱན་དང་ ཡུ་ཨེཛ་གི་བར་ན་ ཀ་ཊར་ལུ་སྦེ་ ཐད་ཀར་མིན་པའི་ གསུང་གྲོས་གནང་མི་དེ་ མཇུག་བསྡུ་ཡོདཔ།

རོའི་ཊརཛ། ཨི་རཱན་དང་ ཡུ་ཨེཛ་གི་བར་ན་ ཐད་ཀར་མིན་པའི་ གསུང་གྲོས་གནང་མི་དེ་ ཡུན་བརྟན་གྱི་ ཞི་བདེ་ལུ་ གོང་འཕེལ་འགྱོ་བའི་ རྟགས་མཚན་ག་ནི་ཡང་མེད་པར་ བདུན་ཕྲག་ ༢ ཀྱི་ཧེ་མ་ གནས་སྐབས་ཆིངས་ཡིག་ཅིག་ གསལ་བསྒྲགས་འབད་མི་ གནད་དོན་ཚུ་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལས་ སྤྱི་ཟླ་ ༧ པའི་ཚེས་ ༡ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཀ་ཊར་གྱི་རྒྱལ་ས་ དོ་ཧཱ་ལུ་སྦེ་ གནང་ཡོདཔ་ད་ དེ་བསྒང་ གསུང་གྲོས་གཙོ་བོ་ར་ གྲུ་གཟིངས་ཚུ་ ཧོར་མུཛ་མཚོ་ལམ་བརྒྱུད་དེ་ འགྲུལ་སྐྱོད་འབད་ནི་དང་ བཀག་ཆ་འབད་དེ་ཡོད་མི་ ཨི་རཱན་གྱི་ མ་དངུལ་ཚུ་ ཡངས་ཆག་གཏང་ནི་ཨིན་པའི་སྐོར་ལས་ གནང་ཡོདཔ་སྦེ་བཀོད་ནུག། ཤུལ་མའི་ཞལ་འཛོམས་དེ་ ཨི་རཱན་གྱི་དབུ་ཁྲིད་ ཨ་ཡ་ཏོ་ལཱ་ ཨ་ལི་ཁ་མེ་ནི་གི་ སྤུར་སྦྱང་ལས་རིམ་ མཇུག་བསྡུ་བའི་ཤུལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ འགོ་འདྲེན་འཐབ་ནི་ཨིནམ་སྦེ་ […]

World News

ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༣ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ ནུབ་ཅིག་གི་རིང་ མཁའ་དམག་འཕྲུལ་ཆས་ཌཱོན་དང་ མི་ཛ་ཡེལ་ཚུ་བཏང་ཏེ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་དང་ ༣༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས། དེ་ཡང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཀི་ཡིབ་ཁྲོམ་ཚོགས་ནང་ ར་ཤི་ཡའི་ཁ་ཐུག་ལས་ གནོད་འཚུབ་བཀལ་ནི་གི་ གྲ་སྒྲིག་འབད་དོ་ཡོདཔ་ལས་ ཁྱིམ་ཚང་ཚུ་ སྤོ་བཤུད་འབད་དགོ་པའི་ ཉེན་བརྡ་འབད་བའི་ཤུལ་ལུ་ གནོད་འཚུབ་བཀལ་ཏེ་ སྒྲིང་ཁྱིམ་ཚུ་ལུ་ གནོད་སྐྱོན་སྦོམ་བྱུང་ནུག།

World News

བེལ་ཇི་ཡམ་ཁྲོམ་སྡེའི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་ ༦ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡ གི་དྲོ་པ་ བེལ་ཇི་ཡམ་ཁྲོམ་སྡེ་ ཨེན་ཊི་ཝ་ར་ཟེར་སར་ སྒྲིང་ཁྱིམ་ཐོག་ཚད་ ༡༠ འབད་མི་ ཁང་ཚན་ཅིག་ནང་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ནུག། དེ་བསྒང་ ཉེན་སྐྱོབ་འབད་མི་ཚུ་གིས་ སྒྲིང་ཁྱིམ་གྱི་ཟུར་ཁ་ལས་ ཐགཔ་དཔྱངས་ཏེ་ མི་སེར་ཚུ་ མར་ཕབ་ཡོདཔ་ད་ མེ་རྐྱེན་དེ་ བྱུང་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་སྡེ་ཚན་ཚུ་ མ་ལྷོད་ཚུན་ཚོད་ སྒྲིང་ཁྱིམ་ནང་ར་ ལུས་ཡོདཔ་སྦེ་ རྐྱེན་ངན་དེ་ཁ་ལས་ ཐལ་མི་ཅིག་གིས་ བཤད་ཡོདཔ་ཨིན་པས། མ་གཞི་ ཁོང་ཆ་ཁྱབ་ཀྱིས་ སྒྲིང་ཁྱིམ་ནང་ལས་ཐོན་ཏེ་ མར་འབབ་ནི་གི་ དཔའ་བཅམ་རུང་ མགུ་ཐོན་མ་ཚུགས་པར་ རང་སོའི་ཁང་མིག་ནང་ར་ སྒུག་སྡོད་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ སྒྲིང་ཁྱིམ་དེ་ནང་ མི་གྲངས་ ༢༠༠ དེ་ཅིག་ སྡོད་དོ་ཡོདཔ་སྦེ་བཀོད་ནུག། རྫོང་ཁག་སོ་སོ་ལས་ མེ་བསད་སྡེ་ཚན་ལེ་ཤ་ཅིག་ ས་ཁོངས་དེ་ནང་ ལྷོད་ཡོདཔ་མ་ཚད་ ནད་པའི་འགྲུལ་འཁོར་དང་ གློ་བུར་གྱི་ སྨན་བཅོས་སྡེ་ཚན་ཚུ་ཡང་ ལྷོད་ཡོདཔ་སྦེ་ […]

World News

གྷ་ནའི་རྒྱལ་ས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་ལས་ མི་སེར་ ༡༣ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ གྷ་ནའི་རྒྱལ་ས་ ཨ་ཀ་ར་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་ལས་ མི་སེར་ ༡༣ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཉེན་སྐྱོབ་ཀྱི་ ལཱ་ཚུ་ནང་ འབྲེལ་གཏོགས་འབད་མི་ མེ་བསད་ལས་ཁུངས་ཀྱིས་ བཤད་ཡོདཔ་ཨིན་པས། དེ་ཡང་ གནམ་གཤིས་ལས་ཁུངས་ཀྱིས་ ཤར་ཁ་ཐུག་ལས་ རླུང་འཚུབ་སྦོམ་སྦེ་ར་ འཕུ་ནི་ཨིན་པའི་གུ་ ཆརཔ་ཧེང་སྐལ་ཡང་ རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་མི་ལུ་བརྟེན་ཏེ་ གཞུང་གི་ཁ་ཐུག་ལས་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་དགོ་པའི་སྐོར་ལས་དང་ ཡང་ཅིན་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོ་པའི་ ནན་སྐུལ་ཚུ་ཡང་འབད་ནུག། གྷ་ན་རྒྱལ་ཡོངས་མེ་བསད་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་རུད་ཐོན་མི་ལུ་བརྟེན་ཏེ་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ ཆུ་ནང་ཐོམ་སྟེ་ཡོད་པའི་གུ་ སྒྲིང་ཁྱིམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་འབདཝ་ལས་ གཞུང་གིས་ ཆུ་རུད་ཐོན་ཏེ་ཡོད་མི་ ལུང་ཕྱོགས་ནང་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་ལས་སྡེ་ དྲག་པོའི་དམག་སྡེ་ དེ་ལས་ རྒྱལ་ཡོངས་རྐྱེན་ངན་འཛིན་སྐྱོང་ལས་སྡེ་ཚུ་ སྲོག་སྐྱབས་ཀྱི་དོན་ལས་ བཀྲམ་སྤེལ་འབད་ནུག། […]

World News

ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་གྱིས་ དམིགས་གཏད་ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ།

བི་བི་སི། ཨི་རཱན་གྱིས་ ཧོར་མུཛ་མཚོ་ལམ་ཁར་ དོ་ཆས་འབག་མི་ གྲུ་གཟིངས་ཅིག་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་གྱི་ དམིགས་གཏད་ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་ཨིན་པས། དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ ཁྲིམས་འགལ་ཨིནམ་སྦེ་ གསུངས་པའི་ཤུལ་ལས་ ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་གྱི་ རེ་ཌར་མཚོ་མཐའི་ ས་ཁོངས་ནང་ མི་ཛ་ཡེལ་དང་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ནུག།

Online now: 10 Today: 1721 Total visitors: 8941