ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཕ་རཱནཛ་གི་ བློན་ཆེན་གསརཔ་གིས་ ཕྱི་མི་ནང་བསྐྱོད་ དམ་དྲགས་བཟོ་ནི།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཕ་རཱནཛ་གི་ བློན་ཆེན་གསརཔ་ མ་ཡེ་ཀེལ་ བར་ནི་ཡར་གྱིས་ སྲིད་འཛིན་ཨེ་མ་ནུ་ཡེལ་ མེ་ཀོ་རཱོན་གྱི་ སྲིད་བྱུས་ལོ་ལོ་ཅིག་ ཉེན་སྲུང་འབད་ནི་ཨིན་རུང་ ཕྱི་མི་ནང་བསྐྱོད་ཀྱི་ཐེད་ཁར་ སྲིད་བྱུས་ཚུ་ དམ་དྲག་བཟོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གསརཔ་ལུ་ རྒྱབ་སྐྱོར་འབད་ནི་ཡོད་པ་ཅིན་ སྲིད་ཚོགས་གཞན་ཚུ་དང་ ལྡོག་ཕྱོགས་ལུ་ བཀག་ཆ་ག་ནི་ཡང་མི་འབད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༦༢ ལས་ ༦༤ གུ་ ཡར་སེང་འབད་མི་དེ་ཡང་ ཆ་མེད་མི་གཏང་ཟེར་ཨིན་པས།སྐྱེས་ལོ་ ༧༣ འབད་མི་ བར་ནི་ཡར་དེ་ སྲིད་འཛིན་མེ་ཀོ་རཱོན་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ བློན་ཆེན་སྦེ་ གདམ་འཐུ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ བཙག་འཐུའི་གྲོས་ཆོད་ལུ་ བྱ་སྟབས་མ་བདེཝ་ཐོན་ཏེ་ ཟླ་ངོ་ག ༢ ཀྱི་རིང་ལུ་ སྒྲིག་འཛིན་མེད་པའི་ སྤྱི་ཚོགས་ཀྱི་ གནས་སྟངས་ནང་ གདམ་འཐུ་འབད་ནུག་ཟེར་ […]

World News

ཨཕ་རི་ཀ་ ཀེ་ནི་ཡ་ལུ་ སློབ་གྲྭ་ཅིག་ནང་ མེ་རྐྱེན་ཤོར་ཏེ་ སློབ་ཕྲུག་ཚུ་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཨཕ་རི་ཀའི་རྒྱལ་ཁབ་ ཀེ་ནི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ཅིག་ནང་ མེ་རྐྱེན་ཤོར་ཏེ་ སློབ་ཕྲུག་ ༡༧ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༣ ལུ་ རྨ་སྐྱོན་ཚབས་ཆེན་སྦེ་ར་ བྱུང་ནུག་ཟེར་ཨིན་པས།དེ་ཡང་ ཀེ་ནི་ཡའི་མངའ་སྡེ་ ཉེ་རི་ཟེར་སར་ སྒང་ཏོག་ཅིག་གུ་ ཆགས་ཏེ་ཡོད་མི་ ཧིལ་ས་ཡིཊ་ཨེན་ད་ར་ཤ་ གཞི་རིམ་སློབ་གྲྭར་ མེ་རྐྱེན་བྱུང་པའི་ཤུལ་ལས་ རྨ་སྐྱོན་བྱུང་མི་ཚུ་ སྨན་ཁང་ཅིག་ནང་ སྨན་བཅོས་འབད་ནུག།མེ་རྐྱེན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་ག་ར་ ཨ་ལོ་ཆུང་ཀུ་ཚུ་ཨིནམ་སྦེ་ ངོས་འཛིན་བྱུང་ཡོད་རུང་ ཁོང་གི་ཕུངམོ་ཚུ་ ངོ་ཕྱེ་མ་ཚུགསཔ་སྦེ་ར་ འཚིགས་ཡོདཔ་ད་ སློབ་གྲྭ་དེ་ནང་ སྐྱེས་ལོ་ ༥ ལས་ ༡༢ ཚུན་འབད་མི་ སློབ་ཕྲུག་ ༨༠༠ དེ་ཅིག་ཡོདཔ་ཨིན་པས།ཁྲིམས་སྲུང་འགག་སྡེའི་མགྲིན་ཚབ་ རེ་སི་ལ་ ཨོ་ཉང་གོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ནའི་སྐོར་ལས་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིན་ཌོ་ནེ་ཤི་ཡའི་ སྲིད་འཛིན་གྱིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ སྔོ་ལྗང་དཔལ་འབྱོར་ནང་ མ་རྩ་གཞི་བཙུགས་ལུ་ནན་སྐུལ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་ ཇོ་ཀོ་ཝི་དོ་དོ་གིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ རྒྱལ་ཁབ་ནང་ ནུས་ཤུགས་གཞི་སྒྱུར་དང་ གནམ་གཤིས་འགྱུར་བའི་ དཀའ་ངལ་སེལ་ཐབས་ཚུ་ལུ་ མ་རྩ་གཞི་བཙུགས་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ ཁོང་གི་རྒྱལ་ཁབ་ནང་ ནུས་ཤུགས་སླར་འབྱུང་གོང་འཕེལ་དང་ བཙོག་རླུང་ཀཱར་བཱོན་གྱི་ ཐོན་ཤུགས་མར་ཕབ་འབད་ནིའི་ནང་ གོ་སྐབས་སྦོམ་སྦེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ ཨིན་ཌི་ནེ་ཤི་ཡ་ལུ་ ནུས་ཤུགས་སླར་འབྱུང་གི་ལྕོགས་གྲུབ་ གི་ག་ཝཱཊ་ ༣,༦༠༠ ལྷགཔ་ཅིག་ཡོད་པའི་ཁར་ ས་ཆ་ཨེ་ཀར་ས་ཡ་ ༨.༣ དེ་ཅིག་གི་རྩིས་ ཤིང་སྣ་ཚུ་གིས་ གང་སྟེ་ཡོདཔ་ལས་ བཙོག་རླུང་ཀཱར་བཱོན་ཡང་ རྒྱ་ཆེ་ཏོག་ཏོ་སྦེ་ སིམ་ནི་གི་ གོ་སྐབས་ཡོདཔ་སྦེ་བཤད་ནུག།ཨིན་རུང་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ མ་རྩ་གཞི་བཙུགས་དང་ ཞིབ་འཚོལ་དང་ གོང་འཕེལ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ བརྗེ་སོར་མ་འབད་བ་ཅིན་ ཁེ་ཕན་ག་ནི་ཡང་ མི་འབྱུང་ནི་མས་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ས་རྒྱ་ཀར་ཊ་ལུ་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་སྤྱི་ཡུན་བརྟན་གྲོས་འཛོམས་སྐབས་ལུ་ ད་རེས་ དགོངས་ཞུ་འབད་ནི་གི་ དུམ་ཁར་ལྷོད་དེ་ཡོད་མི་ སྲིད་འཛིན་ཇོ་ཀོ་ཝི་དོ་དོ་གིས་ བཤད་ཡོདཔ་ཨིན་པས།ཨིན་ཌོ་ནེ་ཤི་ལུ་ […]

World News

མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ བློན་ཆེན་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ ལྷན་རྒྱས་གཞུང་ཚོགས་ལུ་ངོས་ལེན།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་ མ་ཧཱ་ཝ་ཇི་ར་ལོང་ཀཱོན་མཆོག་གིས་ བློན་ཆེན་གསརཔ་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ ལྷན་རྒྱས་གཞུང་ཚོགས་གསརཔ་ལུ་ ངོ་སལེན་མཛད་གནང་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ནང་ འཐུས་མི་ ༣༦ གི་གྲས་ཁར་ འཐུས་མི་གསརཔ་ ༡༢ ཡོདཔ་ཨིན་པས།འདས་པའི་ཟླཝ་ནང་ ཧེ་མའི་བློན་ཆེན་ སེ་རེ་ཐ་ ཐ་ཝི་སིན་དེ་ ཁྲིམས་འདུན་ཅིག་ལས་ ཧང་སྟོང་མར་ ཕྱིར་དབྱུང་འབད་བའི་ཤུལ་ལུ་ སྤྱི་ཚོགས་ནང་ལས་ ལོ་ན་ཆུང་ཤོས་སྦེ་ སྐྱེས་ལོ་ ༣༨ འབད་མི་ ཨམ་པེ་ཏོང་ཏ་རཱན་དེ་ མཐའ་ཡས་ལེན་གྱི་ བློན་ཆེན་གསརཔ་སྦེ་ བཙག་འཐུ་གྲུབ་ནུག།བློན་ཆེན་པེ་ཏོང་ཏ་རཱན་གྱི་ སྲིད་དོན་ཚོགས་པ་ ཕིའུ་མཐའ་ཡས་ཀྱིས་ སྤྱི་ལོ་ ༢༠༠༡ ལས་ཚུར་ གཞུང་སྐྱོང་འབད་དེ་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་གསར་པའི་ནང་ཡང་ དབང་ཤུགས་ཅན་གྱི་ སྲིད་ཚོགས་སྦེ་ གནས་ནི་ཨིན་པས།ད་རེས་ཀྱི་ ལྷན་གཞུང་གསར་པའི་ནང་ ཧེ་མའི་དངུལ་རྩིས་བློན་པོ་ པི་ཅའི་ཅུན་ཧ་ ཝ་རི་ཇ་དང་ ཕྱི་འབྲེལ་བློན་པོ་ མ་རིཛ་ སང་གི་ཡམ་པོང་ས་ ༢ འཐུས་མི་རང་འཇགས་སྦེ་བཞག་ནུག།བློན་ཆེན་འོགམ་ […]

World News

མི་ཡཱན་མར་ལུ་ ནང་འཁྲུག་ལང་ནི་དེ་གིས་ རོ་ཧིང་གི་ཡའི་ མི་བརྒྱུད་སྟོང་ཕྲག་ལས་བཅད་དེ་ བང་ལ་དེཤ་ལུ་སྤོ་བཤུད།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ བང་ལ་དེཤ་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་ཡཱན་མར་ལས་ རོ་ཧིང་གི་ཡའི་ མི་རིགས་ ༨,༠༠༠ དེ་ཅིག་ མི་ཡཱན་མར་གྱི་ ནུབ་ཕྱོགས་མངའ་སྡེ་ ར་ཁི་ནེ་ལས་ བང་ལ་དེཤ་ལུ་ བྱོག་འོང་ཡོདཔ་ད་ དེ་ཡང་ མི་ཡཱན་མར་གྱི་ དྲག་པོའི་སྲིད་གཞུང་གི་ དམག་མི་དང་ ངོ་རྒོལ་དམག་སྡེ་ ཨ་ར་ཀཱན་ཟེར་མིའི་བར་ན་ ནང་འཁྲུག་ཚབས་ཆེན་སྦེ་ར་ ལང་ནི་དེ་གིས་ཨིན་པས།འདས་པའི་ཟླཝ་ ༢ ཀྱི་ནང་ མི་ཡཱན་མར་ལས་ རོ་ཧིང་གི་ཡའི་ མི་རིགས་ ༨,༠༠༠ དེ་ཅིག་ བང་ལ་དེཤ་ལུ་ ལྷོད་ནུག་ཟེར་ཨིནམ་ད་ མི་ཡཱན་མར་གྱི་ མི་སེར་ཚུ་ བང་ལ་དེཤ་ལུ་ བྱོག་འོང་པ་ཅིན་ བང་ལ་དེཤ་གཞུང་གིས་ བདག་འཛིན་འཐབ་མི་ཚུགས་ནི་ཨིནམ་སྦེ་བཤད་ནུག།ད་ཚུན་ བང་ལ་དེཤ་ལུ་ ཧེ་མ་ལས་ རོ་ཧིང་གི་ཡའི་ མི་རིགས་ག་དེམ་ཅིག་ བྱོག་འོང་ཡོདཔ་ཨིན་ནའི་སྐོར་ལས་ ཚོད་རྩིས་ཅིག་ ག་ནི་ཡང་ བཏོན་བཏོནམ་མེད་རུང་ ད་རེས་ གནད་དོན་དེ་གི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ནང་ གལ་གནད་ཅན་གྱི་ ཞལ་འཛོམས་ཅིག་ འཚོགས་ནི་ཨིནམ་སྦེ་ […]

World News

ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ཝེཛ་བེང་ས་གོའི་ནང་ གནོད་འཚུབ་འཕྲོ་མཐུད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ཨིཛ་རེལ་གྱི་ བཙན་དབང་ཐོག་ལུ་ཡོད་མི་ ས་གནས་ཝེཛ་བེང་ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་ཏེ་ ཉིན་གྲངས་ ༨ སོང་ཡོདཔ་ད་ ས་གནས་ཇེ་ནིན་ཟེར་སར་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༣༣ དམར་བསད་དང་ ༡༣༠ ལུ་ རྨ་བཏོན་ཁྲག་བཏོན་འབད་ནུག།དེ་ཡང་ མི་སེར་ཚུ་ སྐྱབས་བཅོལ་ཐོག་ལུ་སྡོད་མི་ ན་མཱ་མཐོ་རིམ་སློབ་གྲྭའི་ སྒྲིང་ཁྱིམ་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༦ དམར་འབད་བའི་ཁར་ གཞན་མི་ལེ་ཤ་ཅིག་ཡང་ སྒྲིང་ཁྱིམ་རམ་བཏང་མིའི་འོག་ལུ་ ཚུད་ཡོདཔ་ཨིན་པས།དེ་མ་ཚད་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ དེར་ཨེལ་བ་ལ་ སྨན་ཁང་གི་ ཉེ་འདབས་ལུ་ཡང་ མི་གྲངས་ ༤༣ དམར་བསད་དང་ ཨ་ལོ་ ༥ ལུ་ རྨ་སྐྱོན་བྱུང་ནུག།སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་དམག་སྡེ་གིས་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ པཱོལ་ཊོ་བཱ་ལུ་ མི་ཛ་ཡེལ་ཐོག་ལས་ མི་གྲངས་ ༥༡ དམར་བསད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ པཱོལ་ཊོ་བཱ་ལུ་ཡོད་མི་ སློབ་གྲྭ་དང་ སྨན་ཁང་གི་ མཐུན་རྐྱེན་ཚུ་གུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༥༡ དེ་ཅིག་ དམར་བསད་འབད་བའི་ཁར་ གཞན་མི་ ༢༠༠ ལྷགཔ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ དྲག་པོའི་དམག་སྡེའི་ བརྒྱུད་འབྲེལ་ལས་ཁང་ཅིག་གི་ ཆ་ཤས་ཅིག་ཡང་ མེདཔ་བཏང་རུང་ སྒྲིང་ཁྱིམ་རམ་བཏང་མིའི་འོག་ལུ་ ཚུད་དེ་ཡོད་མི་ཚུ་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ཨིན་པས།པཱོལ་ཊོ་བཱ་ ཁྲོམ་ཚོགས་དེ་ རྒྱལ་ས་ཀི་ཡེབ་ལས་ ཤར་ལྷོ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༣༥༠ དེ་ཅིག་གི་ ས་ཁར་ཡོདཔ་ད་ དགོས་མཁོ་ཡོད་མི་ སྲོག་སྐྱབས་ཀྱི་ ཞབས་ཏོག་ཚུ་ སྤྲོད་དེ་ཡོད་པའི་ཁར་ ཞིབ་དཔྱད་ཚུ་ཡང་འབད་ནུག།སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་ཚོགས་དེ་ནང་ མཁའ་ཐོག་གནོད་འཚུབ་ཀྱི་ ཉེན་བརྡའི་སྒྲ་སྐད་ བཏང་པའི་ཤུལ་ལུ་ མི་སེར་ཚུ་ ཉེན་སྲུང་ས་གོའི་ནང་ འགྱོ་བའི་བར་ན་ མི་ཛ་ཡེལ་ཚུ་གིས་ ཕོག་ཡོདཔ་ད་ ཉེན་སྲུང་དང་ […]

World News

ཀོང་གོའི་བཙོན་པ་ཚུ་ བཙོན་ཁང་ནང་ལས་ བྱོག་འགྱོཝ་ད་ མི་གྲངས་ ༡༢༩ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ དྲོ་པའི་ཆུ་ཚོད་ ༢ དེ་ཅིག་ཁར་ ཨ་ཕི་རི་ཀའི་རྒྱལ་ཁབ་ ཀོང་གོའི་བཙོན་ཁང་སྦོམ་ཤོས་ཀྱི་ནང་ལས་ བཙོན་པ་ལེ་ཤ་ཅིག་ བྱོག་འགྱོཝ་ད་ མི་གྲངས་ ༡༢༩ དེ་་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ནང་སྲིད་བློན་པོ་ ཞེག་མེན་ ཤ་བ་ནི་ལུ་ཀུ་ བི་ཧང་གོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་གྲངས་ ༡༢༩ ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་ མི་ ༢༤ པོ་དེ་ ཀྲོབ་མདའ་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ གཞན་མི་མང་ཤོས་ཅིག་ར་ ཨེབ་ཤུགས་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།མ་ཀ་ལ་ བཙོན་ཁང་ནང་ བཙོན་པ་ ༡,༥༠༠ བཞག་སའི་ ས་གོ་ལས་མེད་རུང་ རྩོད་བཤེར་འགོ་བཙུགས་ནི་སྦེ་ བསྒུགས་བཞག་མི་ བཙོན་པ་ཚུ་དང་བསྡོམས་ཏེ་ བཙོན་པ་ ༡༢,༠༠༠ ལྷགཔ་ཅིག་ཡོདཔ་ལས་ བཙོན་ཁང་གི་ གནས་སྟངས་དེ་ ག་ནི་བ་ སྐྱོ་སི་སི་ཅིག་ལུ་ གྱུར་སོང་ནུག།ཀོང་གོའི་རྒྱལ་ཁབ་ལུ འཕྲལ་ཁམས་ཀྱི་ལོ་ཚུ་ནང་ བཙོན་ཁང་ཚུ་གི་ནང་ལས་ བཙོན་པ་ཚུ་ བྱོག་འགྱོ་ནི་དང་ བཙོན་ཁང་ཚུ་ལུ་ […]

World News

རྒྱ་པཱན་གྱི་ ས་གནས་ཚུ་ནང་ རླུང་འཚུབ་ཤཱན་ཤཱན་ཟེར་མི་གིས་ གནོད་སྐྱོན་ཚབས་ཆེན།

རོའི་ཊརཛ། རྒྱ་པཱན་གྱི་ ས་གནས་ལ་ལོ་ཅིག་ནང་ རླུང་འཚུབ་ཤཱན་ཤཱན་ཟེར་མི་ལུ་བརྟེན་ཏེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་དང་ ཆུ་རུདའཐོན་ནི་གི་ ཉེན་ཁ་སྦོམ་ར་ཡོདཔ་ལས་ གནས་སྐབས་ཅིག་ འགྲོ་འགྲུལ་གྱི་ ཞབས་ཏོག་དང་ འཕྲུལ་ཁང་དེ་ཚུ་ སྒོ་བསྡམས་བཞག་ནུག།ཀི་ཡུ་ཤུའི་ ཕུ་ཀུ་ཨོ་ཀ་ཁྲོམ་ཁར་ རླུང་འཚུབ་ཚབས་ཆེན་ལུ་བརྟེན་ཏེ་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ སྡོད་ཡོདཔ་ལས་ འཁོར་ལམ་དང་ ཚོང་ཁང་ཚུ་སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།ས་གནས་དེ་ཁའི་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཀོ་ཀོ་རོ་ ཨོ་སོ་ག་ཝ་གིས་ མོ་ར་སློབ་གྲྭའི་ནང་ལས་ ཁྱིམ་ནང་ལོག་འགྱོ་ནི་ལུ་ རེལ་ལི་ཚུ་མེད་པའི་ དཀའ་ངལ་ཐོན་ཏེ་ ཚོང་ཁང་སྟོངམ་ཅིག་གི་སྒོ་ཁར་ བསྒུགས་སྡོད་ཡོདཔ་སྦེ་བཤད་ནུག།རྒྱ་པཱན་རྐྱེན་ངན་འཛིན་སྐྱོང་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཀྱི་ རླུང་འཚུབ་ལུ་བརྟེན་ཏེ་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༧༨ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིནམ་ད་ རླུང་འཚུབ་ཀྱི་ ཤུགས་ཚད་དེ་ཡང་ ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་ ༡༨༠ དེ་རེ་ འཕུ་ཡོདཔ་ཨིན་པས།ཀི་ཡུ་ཤུ་ གློག་མེ་ལས་སྡེ་གིས་ ཀི་ཡུ་ཤུ་མངའ་སྡེའི་ ས་གནས་ཁག་ ༧ གྱི་ནང་ སྡོད་ཁྱིམ་ ༡༢༥,༠༠༠ […]

World News

ཡུ་ཨེཛ་གི་ སྲིད་འཛིན་འདེམས་ངོ་ ཨམ་ཀ་མ་ལ་ ཧར་རིཛ་དང་ དྲི་བ་དྲིས་ལན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ ཡུ་ཨེཛ་གི་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་ཀྱི་ཧོངས་ལས་ སྲིད་འཛིན་གྱི་འདེམས་ངོ་ ཨམ་ཀ་མ་ལ་ ཧར་རིཛ་དང་ མཉམ་རོགས་ཊིམ་ཝཱལཛ་ ༢ ཀྱིས་ སྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འགོ་དང་པ་ སི་ཨེན་ཨེན་ རྒྱང་བསྒྲགས་འཕྲུལ་ཁང་ནང་སྦེ་ དྲི་བ་དྲིས་ལན་ཅིག་ འགོ་འདྲེན་འཐབ་ནུག།ད་ཚུན་ ཨམ་ཀ་མ་ལ་ ཧར་རིཛ་གིས་ རྒྱང་བསྒྲགས་ནང་ དྲི་བ་དྲིས་ལན་འབད་ནི་ལས་ རྒྱབ་བཤུད་རྐྱབ་ཡོད་རུང་ད་རེས་ ཨམ་ཀ་མ་ལ་ ཧར་རིཛ་དང་ ཊིམ་ཝཱལཛ་ ༢ རྒྱང་བསྒྲགས་འཕྲུལ་ཁང་ནང་ སོང་ཡོདཔ་ཨིན་པས།དེ་བསྒང་ ཨམ་ཧར་རིཛ་གིས་ མོས་མཐུན་ལུ་ ཡིད་ཆེས་ཡོདཔ་ལས་ མི་མང་ག་ར་གི་ དཀའ་ངལ་སེལ་ཐབས་ལུ་ སྤྱོ་དོན་ས་གོ་ཅིག་ གལ་ཆེ་ལུགས་དང་ ཨ་མི་རི་ཀའི་ མི་སེར་ཚུ་ མདུན་ལམ་གསར་པའི་དོན་ལུ་ གྲ་འགྲིག་འདུག་ཟེར་བཤད་ནུག།དྲིས་ལན་དེ་ནང་ སྲིད་འཛིན་བ་ཡེ་ཌེན་ལུ་ རིག་རྩལ་དང་ ཁས་ལེན་ ལེགས་ཉེས་ཕྱེ་ཐངས་ཀྱི་ ཁྱད་ཆོས་ཚུ་ག་ར་ ཚངམ་སྦེ་ཡོད་ལུགས་དང་ ཧེ་མའི་སྲིད་འཛིན་ཊམ་ལུ་ དེ་བཟུམ་མའི་ ཁྱད་ཆོས་ཚུ་མེད་ལུགས་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 13 Today: 2343 Total visitors: 27426
21,985Facebook followers
+0Today
+0This month