ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཝེཏ་ནམ་ལུ་ ཆུ་རུད་དང་ ས་རུད་ཚུ་ཆད་པའི་ རྐྱེན་ངན་ནང་ མི་གྲངས་ ༩༠ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། ཝེཏ་ནམ་རྒྱལ་ཁབ་ནང་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་དང་ ས་རུད་ཚུ་ཆད་པའི་ རྐྱེན་ངན་ནང་ མི་གྲངས་ ༩༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ གཞན་མི་ ༡༢ དེ་ཅིག་ཡང་ གར་སོང་མེདཔ་ཨིན་པས། དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྡོད་ཁྱིམ་ ༡༨༦,༠༠༠ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ སྒོ་ནོར་ས་ཡ་ ༣ ལྷགཔ་ཅིག་ཡང་ ཆུ་གིས་འཕྱགས་བདའ་ཡོདཔ་ལས་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གཞུང་གིས་ ལས་མིའི་བཅའ་ཁྲིམས་གསརཔ་ཅིག་གསར་བཏོད།

ཟི་ནི་འུཛ། རྒྱ་གར་གཞུང་གིས་ ལས་མིའི་བཅའ་ཁྲིམས་གསརཔ་ཅིག་ གསར་བཏོད་འབད་ཡོདཔ་ད་ བཅའ་ཁྲིམས་གསརཔ་དེ་གིས་ གཏན་འཇགས་ཀྱི་ ལས་བྱེདཔ་ཚུ་གིས་གཙོས་པའི་ འཕྲལ་འཕྲལ་སྦེ་ར་ ལཱ་གཡོག་བརྗེ་སོར་འབད་མི་ ལས་གཡོགཔ་འབུམ་ཕྲག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས། དེ་ཡང་ ཧེ་མ་ དགོངས་ཞུའི་གསོལ་རས་ཀྱི་དོན་ལས་ ཉུང་ཤོས་ར་ ལོ་ངོ་ ༥ གི་རིང་ལུ་ ལཱ་འབད་དགོཔ་ཨིན་རུང་ ད་རེས་ ལོ་ངོ་ ༡ ལུ་ མར་ཕབ་འབད་ཡོདཔ་ལས་ ལས་སྡེ་ཅིག་ནང་ ལོ་ཡུན་རིངམོ་སྦེ་ ལཱ་འབད་མ་དགོ་པར་ དགོངས་ཞུའི་གསོལ་རས་ འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

བང་ལ་དེཤ་གིས་ དབུ་ཁྲིད་བགྲེསཔ་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནིའི་འཆར་གཞི།

སི་ཨེན་ཨེན། བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཨམ་ཤེག་ཧ་སི་ན་དེ་ སྲིད་སྐྱོང་ནང་ དྲག་ཤོས་ཅིག་སྦེ་ བརྩི་སྲོལ་ཡོདཔ་མ་ཚད་ མོ་ར་ བང་ལ་དེཤ་ རྒྱལ་ཁབ་ཀྱི་ གནས་སྟངས་གཞི་སྒྱུར་འབད་མི་ དབུ་ཁྲིད་ཀྱི་ བུམོ་ཡང་ཨིན་པས། དེ་ཡང་ སྤྱི་ལོ་ ༡༩༧༠ དོན་གྲངས་ནང་ མོ་རའི་ཨ་པ་ དམར་བསད་འབད་བའི་ཤུལ་ལས་ མོ་གིས་ སྲིད་དོན་ནང་ གྲལ་གཏོགས་འབད་ནི་གི་ སེམས་ཤུགས་བསྐྱེདཔ་བཞིན་དུ་ གོ་གནས་མཐོ་ཤོས་གུ་ འཛེགས་ཚུགས་ཡོད་རུང་ ག་ནི་བ་ཡང་ ཡ་མཚན་ཆེ་བའི་སྒོ་ལས་ མོ་རའི་རྒྱལ་ཁབ་སྤངས་ཏེ་ རྒྱ་གར་ལུ་ བྱོག་འགྱོ་དགོཔ་ཐོན་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ […]

World News

ཝེཏ་ནམ་གྱི་ དབུས་ཕྱོགས་ལུ་ ཆརཔ་དང་ ཆུ་རུད་ཀྱིས་ མི་གྲངས་ ༤༡ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་འདི་ནང་ ཝེཏ་ནམ་གྱི་ དབུས་ཕྱོགས་ཁ་ཐུག་ལུ་ ཆརཔ་དང་ ཆུ་རུད་ཀྱིས་ མི་གྲངས་ ༤༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ གཞན་མི་ ༩ ཡང་ གར་སོང་མེད་པར་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༣༢ དེ་ཅིག་ དམར་བསད་འབད་ཡོདཔ།

སི་ཨེན་ཨེན། ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ དམག་འཁྲུག་མཚམས་འཇོག་གི་ གན་རྒྱ་བཟོ་བའི་ཤུལ་ལས་ ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༣༢ དེ་ཅིག་ དམར་བསད་འབད་ནུག། དེ་ཡང་ པེ་ལེཛ་ཊིན་གྱི་ གསོ་བའི་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ དང་ ༢༠ ལུ་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་མིའི་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཨ་ལོ་ ༡༢ དང་ ཨམ་སྲུ་ ༨ ཡོདཔ་མ་ཚད་ གཞན་མི་ ༨༨ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་ ཧ་མཱཛ་གུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་བའི་ཤུལ་ལས་ གཡིབ་དམག་ཚུ་གིས་ ལྷོ་ཕྱོགས་ག་ཟའི་ས་གནས་ ཁཱན་ཡུ་ནིཛ་ཟེར་སར་ཡོད་མི་ ཨིཛ་རེལ་གྱི་ དམག་མི་ཚུ་ལུ་ ཀྲོབ་མདའ་རྐྱབ་ཡོདཔ་སྦེ་བཤད་ནུག། ཨིཛ་རེལ་དམག་སྡེ་གིས་ དེ་བཟུམ་མའི་ བྱ་སྤྱོད་འབད་མི་དེ་ དམག་འཁྲུག་མཚམས་འཇོག་གི་ གན་རྒྱ་ལས་ འགལ་བ་འི་ བྱ་སྤྱོད་ཅིག་ཨིནམ་སྦེ་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་དང་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༢༦ དམར་བསད།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ནུབ་ཕྱོགས་ཁྲོམ་སྡེ་ ཊར་ནོ་པིལ་ལུ་ ར་ཤི་ཡའི་ མི་ཛ་ཡེལ་དང་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ ༣ རྩིས་ཏེ་ མི་གྲངས་ ༢༦ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས། དེ་མ་ཚད་ ཨ་ལོ་ ༡༨ ཀྱིས་གཙོས་པའི་ མི་གྲངས་ ༩༣ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཞིནམ་ལས་ ད་ཚུན་གྱི་བར་ན་ གནོད་འཚུབ་བཀལ་མི་དེ་ སྦོམ་ཤོས་ཅིག་ཨིནམ་སྦེ་བཀོད་ནུག། ཨིན་རུང་ ཡུ་ཀེ་རེན་ མཁའ་དམག་གིས་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ ཌཱོན་ ༤༧༦ ལས་ ༤༤༢ དང་ མི་ཛ་ཡེལ་ ༤༨ […]

World News

རྒྱ་ནག་ལུ་ གློག་ཤུགས་ཀྱི་ སྣུམ་འཁོར་ཊག་ཚུ་ ཡར་འཕར་མགྱོགས་དྲགས།

ཨེ་བི་སི། རྒྱ་ནག་གིས་ ས་སྣུམ་ཌི་ཟལ་གྱི་ སྣུམ་འཁོར་ཊག་ཚུ་ རེ་བ་བསྐྱེད་མི་ལས་ལྷག་སྟེ་ གློག་ཤུགས་ཀྱི་ སྣུམ་འཁོར་ཊག་ཚུ་ མགྱོགས་དྲགས་སྦེ་ བཟོ་སྐྲུན་འབད་དོ་ཡོདཔ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ དགོས་མཁོ་དང་ མ་འོངས་པར་ སྐྱེལ་འདྲེན་སྣུམ་འཁོར་སྦོམ་ཚུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས། དེ་ཡང་ སྤྱི་ལོ་ ༢༠༢༠ ལོར་ རྒྱ་ནག་ལུ་ སྣུམ་འཁོར་ཊག་ཚུ་ག་ར་ ས་སྣུམ་ཌི་ཟལ་ཐོག་ལས་ འགྲུལ་བསྐྱོད་འབད་ཡོད་རུང་ སྤྱི་ལོ་ ༢༠༢༥ གི་ ལོ་ཕྱེད་ལས་ འཕྲུལ་ལྟོ་ལག་ལེན་འཐབ་མི་ སྣུམ་འཁོར་ཊག་གསརཔ་ བརྒྱ་ཆ་ ༢༢ དེ་ཅིག་ ཚོང་འབྲེལ་འཐབ་མི་དེ་ སྤྱི་ལོ་ ༢༠༢༤ གི་ ལོ་ཕྱེད་དང་ཕྱདཔ་ད་ བརྒྱ་ཆ་ ༩.༢ དེ་ཅིག་ ཡར་སེང་སོང་ནུག། དེ་བཟུམ་མའི་ སྣུམ་འཁོར་སྦོམ་ཚུ་གིས་ དེང་སང་གི་ དཔལ་འབྱོར་ལུ་ ལྷན་ཐབས་འབད་ནི་ཨིནམ་མ་ཚད་ འཛམ་གླིང་ནང་ བཙོག་རླུང་མར་ཕབ་འབད་ནི་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་པས། རྒྱལ་སྤྱི་ནུས་ཤུགས་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་སྣུམ་འཁོར་གྱི་དོན་ལས་ ས་སྣུམ་གྱི་དགོས་མཁོ་ […]

World News

ལེ་བཱ་ནཱོན་ལུ་ཡོད་མི་ པེ་ལེཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་སྦོ་ལོགས་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལཝ་ལས་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ ལེ་བཱ་ནཱོན་ གསོ་བའི་ལྷན་ཁག་ལས བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ཡོད་མི་ པེ་ལེཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་སྦོ་ལོགས་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལཝ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ ཨིཛ་རེལ་དམག་སྡེ་གིས་ པེ་ལེཛ་ཊིན་གྱི་ གོ་མཚོན་འབག་མི་སྡེ་ཚན་ ཧ་མཱཛ་གི་ འཐུས་མི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཨིན་ཨིལ་ཧིལ་ཝི་ཟེར་མི་ སྦྱོང་བརྡར་འབད་སའི་ ས་ཁོངས་ནང་ གནོདཔ་བཀལ་ཡོདཔ་སྦེ་བཤད་ནུག། དེ་མ་ཚད་ ས་གནས་དེ་ ཨིཛ་རེལ་ལུ་ གནོདཔ་བཀལ་ནིའི་དོན་ལས་ ཧ་མཱཛ་གིས་ འཆར་གཞི་བརྩམ་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཤདཔ་ཨིན་རུང་ ཧ་མཱཛ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས། ཨིཛ་རེལ་གྱིས་ ཧ་མཱཛ་ལུ་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་གིས་ ག་ཟ་ལས་ ལྷོ་ཨི་ཟི་རེལ་ལུ་ གནོད་འཚུབ་བཀལ་ཏེ་ […]

World News

ཏཱ་ཡེ་ཝཱན་ལུ་ གསང་ཞིབ་ཀྱི་ ལཱ་འབད་མི་ རྒྱ་ནག་གི་ མི་ཁུངས་ ༡ འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཏཱ་ཡེ་ཝཱན་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསང་ཞིབ་ཀྱི་ ལཱ་འབད་བའི་ དོགས་པ་ལུ་བརྟེན་ཏེ་ རྒྱ་ནག་གི་ མི་ཁུངས་ ༡ འཛིན་བཟུང་འབད་ཡི་ཟེར་ཨིན་པས། དེ་ཡང་ སྒྲིག་གཡོག་ནང་ཡོད་མི་ དམག་མི་དང་ དགོངས་ཞུ་འབད་མི་ དམག་མི་ཚུ་གི་ གསང་བའི་བརྡ་དོན་ཚུ་ བསྡུ་ལེན་འབད་ཐབས་ལུ་ཨིནམ་ལས་ ཏཱ་ཡེ་ཝཱན་གཞུང་གིས་ མཚོ་གླིང་དེ་ནང་ གསང་ཞིབ་ཀྱི་ལཱ་ ཡར་སེང་འགྱོ་མི་ཚུ་ བཀག་དམ་འབད་ནི་གི་ ཐབས་ཤེས་ཚུ་ སྟོན་དགོཔ་སྦེ་བཀོད་ནུག། དྲང་ཁྲིམས་ལྷན་ཁག་ ཞིབ་དཔྱད་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ བཟའ་ཚང་གི་མིང་ ཌིང་ཟེར་མི་དེ་ ཧོང་ཀོང་ལུ་སྡོད་མི་ རྒྱ་ནག་གི་ མི་ཁུངས་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁོ་གིས་ རྒྱ་ནག་དམག་སྡེའི་ བཀོད་བྱ་དང་འཁྲིལ་ཏེ་ གསང་བའི་བརྡ་དོན་ཚུ་ བསྡུ་ལེན་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ ངོ་མིང་ཌིང་གིས་ དགོངས་ཞུ་འབད་མི་ དམག་མིའི་འགོ་དཔོན་ ༢ ཡང་ གསང་ཞིབ་སྡེ་ཚན་གྱི་ འཐུས་མི་གཙོ་བོ་སྦེ་ བསྐོ་བཞག་འབད་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ནང་ སློབ་ཕྲུག་ཚུ་གིས་ མོ་ལུ་ ངོ་རྒོལ་འབདཝ་ད་ མི་སེར་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ གནད་ལུ་བརྟེན་ཏེ་ཨིན་པས། དེ་བསྒང་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་གིས་ ངོ་རྒོལ་འབད་མི་ཚུ་ བཀག་ཆ་འབད་ནིའི་དོན་ལས་ དབང་ཤུགས་ལག་ལེན་འཐབ་པའི་ རྐྱེན་ངན་ནང་ མི་གྲངས་ ༡,༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། བློན་ཆེན་བགྲེསཔ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ བྲོས་བྱོལ་འབད་དེ་ རྒྱ་གར་ལུ་ སོང་ཡོད་རུང་ བང་ལ་དེཤ་ལུ་ རྒྱལ་སྤྱི་ཉེས་ཅན་ཁྲིམས་འདུན་གྱིས་ ཁྲིམས་བཤེར་འབད་ཡོདཔ་ཨིན་པས། ཁྲིམས་བཤེར་སྐབས་ལུ་ ཁྲིམས་རྩོད་པ་ཚུ་གིས་ མོ་ལུ་ ངོ་རྒོལ་ལས་རིམ་ནང་ མི་བརྒྱ་ལས་བཅད་དེ་ བསད་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མི་དང་ རྨ་སྐྱོན་བྱུང་མི་ བཟའ་ཚང་ཚུ་གིས་ཡང་ ཉེས་ཁྲིམས་དམ་དྲགས་སྦེ་ བཀལ་དགོ་པའི་ ཞུ་བ་འབད་ནུག། […]

Online now: 12 Today: 2004 Total visitors: 12034