ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་གར་གྱི་ ལྡོག་ཕྱོགས་ཚོགས་པའི་གཙོ་འཛིན་ ར་ཧཱུལ་གཱན་དྷི་དེ་ སྤྱི་ཚོགས་ནང་ལས་ཕྱིར་བཏོན།

རེའོ་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་ སྤྱི་ཚོགས་ནང་ལས་ ལྡོག་ཕྱོགས་ཚོགས་པ་ ཀོང་རེཛ་པར་ཊིའི་གཙོ་འཛིན་ ར་ཧཱུལ་གཱན་དྷི་དེ་ ཁྱད་ཚད་མ་གྲུབ་པའི་གྲངས་སུ་ བརྩི་འཇོག་ཐོག་ལས་ ཁྲིམས་རྩོམ་མིའི་གྲས་ལས་ ཕྱིར་བཏོན་འབད་ནུག།དེ་ཡང་ སྤྱི་ཚོགས་ཀྱི་ གསལ་བསྒྲགས་འབད་མིའི་ནང་ ཁྲིམས་བཟོའི་འཐུས་མི་དེ་ལུ་ རྩོད་བཤེར་གྱི་ འགོ་ཐོག་ཁྲིམས་འདུན་ལས་ མི་དཀར་ལ་ཞྭ་ནག་སྤུབས་པའི་ ཉེས་པ་འཁྲིཝ་ལས་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་བཀལ་མི་དང་འཁྲིལ་ཏེ་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ ནེ་རུ་-གཱན་དྷིའི་ ཆབ་སྲིད་ཀྱི་ མི་བརྒྱུད་ཨིན་མི་ སྐྱེས་ལོ་ ༥༢ འབད་མི་ ར་ཧཱུལ་གཱན་དྷི་ལུ་ སྤྱི་ལོ་ ༢༠༡༩ ལོར་ གསལ་བཤད་ཅིག་ནང་ ཨར་རྐུན་འབད་མི་ཚུ་གི་ རིགས་མིང་དེ་ མོ་དི་ཟེར་ཨིནམ་སྦེ་ བཤད་ཡོད་པའི་ ཉེས་འཛུགས་ཐོག་ལུ་ བཙོན་ཁྲིམས་བཀལ་ནུག།ཨིན་རུང་ ཁྲིམས་འདུན་གྱིས་ དེ་འཕྲལ་ལས་ གློད་གྲོལ་བཏང་སྟེ་ ཟླ་ངོ་ ༡ གི་དོན་ལུ་ བཙོན་ཁྲིམས་མཚམས་འཇོག་འབད་ནུག་ཟེར་ […]

gyalchi
World News

ཡུ་ཨེཛ་རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་ཊིག་ཊོག་ བཀག་དམ་འབད་སྲིད་ནི།

ཨེ་བི་སི། ཡུ་ཨེཛ་གཞུང་དང་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་གི་བར་ན་ མ་འགྲིགསཔ་ཐོན་ཏེ་ ཡུ་ཨེཛ་རྒྱལ་ཁབ་ནང་ བརྡ་བརྒྱུད་དེ་ བཀག་དམ་འབད་སྲིད་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ ཊིག་ཊོག་གི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ ཤའོ་ཟི་ཅིའུ་གིས་ བདེན་ཁུངས་ཚུ་ ཁྲིམས་བཟོའི་ཚོགས་ཆུང་ཅིག་ནང་ གསལ་བཤད་འབད་ནུག།དེ་ཡང་ ཡུ་ཨེཛ་རྒྱལ་ཁབ་ནང་ རྒྱ་ནག་ལུ་ གཞིས་གནས་འབད་མི་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ལག་ལེན་འཐབ་མི་ ས་ཡ་ ༡༥༠ ལྷགཔ་ཅིག་ཡོདཔ་ལས་ ཡུ་ཨེཛ་གཞུང་གི་ འགོ་དཔོན་ཚུ་གིས་ ཁོང་གི་གནད་སྡུད་ཚུ་ རྒྱ་ནག་གཞུང་གི་ ལག་པར་ཚུདདེ་ བརྡ་དོན་རྫུན་མ་ ཁྱབ་སྤེལ་འབད་བའི་ དོགས་པ་ལུ་བརྟེན་ཏེ་ ཡར་སེང་ཅན་གྱི་ དབྱེ་ཞིབ་ཚུ་འབདཝ་ཨིན་པས།ཊིག་ཊོག་གིས་ རྒྱ་ནག་གཞུང་ལུ་ གནད་སྡུད་ཚུ་ སྤྲོད་ལེན་འབད་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་མེད་རུང་ ཡུ་ཨེཛ་གི་ སྲིད་བྱུས་བརྩམ་མི་ཚུ་གི་ བསམ་འཆར་ལུ་ རྒྱ་ནག་གཞུང་གིས་ ཊིག་ཊོག་ལུ་ གནད་སྡུད་ཚུ་ གཞུང་ལུ་སྤྲོད་དགོ་པའི་ དགོས་མཁོ་བཀོད་འོང་མནོ་བའི་ འཇིགས་སྣང་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨ་མི་རི་ཀའི་ དམག་སྡེ་གིས་ སི་རི་ཡ་ལུ་ མཁའ་དམག་ཐོག་ལས་དྲག་བཅོམ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༣ གྱི་ནུབ་མོར་ ཨ་མི་རི་ཀའི་ དམག་སྡེ་གིས་ སི་རི་ཡ་ལུ་ མཁའ་དམག་ལེ་ཤ་ཅིག་གི་ཐོག་ལས་ དྲག་བཅོམ་འབད་ནུག།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ ཨི་རཱན་གཡིབ་དམག་སྡེ་ཚན་ཚུ་གིས་ དམག་གི་གནམ་གྲུ་ཆུང་ཀུ་ ཌཱོན་ཅིག་ལུ་ དྲག་བཅོམ་འབད་ཡོདཔ་ལས་ ཨ་མི་རི་ཀའི་ ཁག་འབགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༡ དང་ ཨ་མི་རི་ཀའི་ དམག་མི་ ༥ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་བཟུམ་མའི་ དྲག་བཅོམ་དེ་ ཡུ་ཨེཛ་གི་ དམག་མི་ཚུ་དང་ དགྲ་ལན་འཇལ་མི་ཚུ་ མཉམ་འབྲེལ་ཐོག་ལས་ སྦ་གསང་མེད་པར་ ལག་ལེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ ཁ་ཐུག་ལས་ རྒྱ་ནག་གི་ འཆར་གཞི་དེ་གིས་ ཕྱད་མདའ་མཇུག་བསྡུ་ཚུགས་ནི་ཨིན་རུང་ ཡུ་ཀེ་རེན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ གྲ་འགྲིག་མེད་ལུགས་བཤད་ཡོདཔ།

བི་བི་སི། ར་ཤི་ཡའི་སྲིད་འཛིན་ ཝལ་ཌི་མིར་ པུ་ཊིན་གྱིས་ ཡུ་ཀེ་རེན་གྱི་དོན་ལས་ རྒྱ་ནག་གིས་ བརྩམས་ཏེ་ཡོད་མི་ ཞི་བདེའི་འཆར་གཞི་དེ་ ཕྱད་མདའ་མཇུག་བསྡུ་ཐབས་ལུ་ གཞི་རྟེན་སྦེ་ ལག་ལེན་འཐབ་ནི་ཨིན་རུང་ ཡུ་ཀེ་རེན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ གྲ་འགྲིག་འགྱོཝ་ད་མ་གཏོགས་ ལག་ལེན་འཐབ་མི་ཚུགས་ཟེར་ བཤད་ཡོདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ར་ཤི་ཡའི་ སྲིད་འཛིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ དམག་འཁྲུག་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་འཆར་གནང་ནིའི་དོན་ལས་ མོཛ་ཀོ་ལུ་ མཇལ་ཕྲད་མཛད་ནུག།འདས་པའི་ཟླཝ་ནང་ དཔར་བསྐྲུན་འབད་མི་ རྒྱ་ནག་གི་ འཆར་གཞི་དེ་ནང་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ལས་ འཐོན་དགོཔ་སྦེ་ བཀོད་དེ་མེདཔ་ད་ དོན་ཚན་ ༡༢ འབད་མི་ འཆར་གཞི་དེ་ནང་ ཞི་བདེའི་གསུང་གྲོས་དང་ རྒྱལ་ཡོངས་ཀྱི་ རང་དབང་ལུ་ བརྩི་བཀུར་འབད་དགོ་པའི་ དོན་ཚན་ཚུ་མ་གཏོགས་ དམིགས་བསལ་གྱི་ གྲོས་འཆར་ཅིག་ མེདཔ་ཨིན་པས།ཡུ་ཀེ་རེན་གྱིས་ གསུང་གྲོས་གང་རུང་གི་དོན་ལུ་ ར་ཤི་ཡའི་ […]

gyalchi
World News

རྒྱ་པཱན་དང་ རྒྱ་ནག་གི་ དབུ་ཁྲིད་ ༢ ཡུ་ཀེ་རེན་གྱི་ ཕྱད་མདའ་དང་འབྲེལ་བའི་ རྒྱལ་ཁབ་ ༢ ཀྱི་ནང་གཟིགས་སྐོར།

བི་བི་སི། ཡུ་ཀེ་རེན་གྱི་ ཕྱད་མདའི་སྐོར་ལས་ ཨེ་ཤི་ཡའི་ ལུང་ཕྱོགས་ཀྱི་ འཆར་སྣང་དེ་ ད་རེས་ རྒྱ་པཱན་དང་ རྒྱ་ནག་གི་ དབུ་ཁྲིད་ ༢ ཀྱི་ གཟིགས་སྐོར་ལས་རིམ་གྱིས་ བརྡ་སྟོན་འབདཝ་ཨིན་པས།དེ་ཡང་ དབུ་ཁྲིད་ ༢ ཕྱད་མདའི་སྐོར་ལས་ རྒྱབ་འགལ་ཅན་གྱི་ གནས་རིམ་ཐོག་ལུ་ གཟིགས་སྐོར་གནང་ཡོདཔ་ད་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་དེ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་བྱོན་ཏེ་ ཡུ་ཀེ་རེན་གྱི་ སྲིད་འཛིན་དང་གཅིག་ཁར་ ཡུ་ཀེ་རེན་གྱི་ གནས་སྟངས་བསྐྱར་གསོ་དང་ འགྲོ་བ་མི་ལུ་ གྲོགས་རམ་འབད་ནི་གི་ ཁས་བླངས་ཡོད་པའི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།དེ་དང་དུས་མཉམ་ལུ་ རྒྱ་ནག་གི་དབུ་ཁྲིད་ ཛི་ཇིན་པིང་དེ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ ར་ཤི་ཡའི་ སྲིད་འཛིན་དང་གཅིག་ཁར་ མཛའ་བཤེས་དང་ མཉམ་རོགས་ཀྱི་ གནས་རིམ་ཁར་ གཟིགས་སྐོར་གནང་སྟེ་ རྒྱ་ནག་གིས་ ཡུ་ཀེ་རེན་གྱི་ ཕྱད་མདའི་སྐོར་ལས་ ཕྱོགས་བཟུང་མེདཔ་སྦེ་ བཤད་དེ་འབད་རུང་ དོན་ངོ་མ་ལུ་ ཕྱོགས་རིས་མེདཔ་མིན་པར་ མོཛ་ཀོ་ཁ་ཐུག་ལུ་ ཕྱོགས་ལྷུང་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ […]

gyalchi
World News

ས་ཡོམ་གྱིས་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་གྲངས་ ༡༢ ལུ་ ཤི་རྐྱེན་དང་ ༢༠༠ ལྷགཔ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༡ གི་ཕྱི་རོ་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༦.༥ འབད་མི་ རྐྱབ་པ་ལུ་བརྟེན་ཏེ་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་གྲངས་ ༡༢ དེ་ཅིག་ལུ་ ཤི་རྐྱེན་དང་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ པ་ཀིཛ་ཏཱན་གྱི་ ཁེ་བེར་པཱག་ཊཱུན་ཝ་ མངའ་སྡེའི་ལུང་གཤོང་ནང་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་འབད་བ་ཅིན་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་བསྒང་ བཟའ་ཚང་མང་ཤོས་ཅིག་ པར་སི་ཡན་ཟེར་མི་ ལོ་གསར་བརྩི་སྲུང་གི་དོན་ལས་ ཕྱི་ཁར་སོང་ཡོདཔ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ས་རུད་ཆད་ཡོདཔ་ལས་ བརྒྱུད་འཕྲིན་དང་ འཁོར་ལམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཇར་མཱན་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་རྩ་བརྟན་དང་ སྲུང་སྐྱོབ་ཀྱི་གསུང་གྲོས།

ཨེ་བི་སི།སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ ཇར་མཱན་གྱི་དབུ་ཁྲིད་ ཨོ་ལཱཕ་ཤི་ཀཱོལཛ་དང་ རྒྱ་པཱན་གྱི་བློན་ཆེན་ ཕུ་མིའུ་ཀི་ཤི་ད་ ༢ ཊོ་ཀིའུ་ལུ་སྦེ་ འགོ་དང་པ་ མཇལ་ཕྲད་ཐོག་ལས་ གཞུང་འབྲེལ་གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་ཡང་ དབུ་ཁྲིད་ ༢ ཀྱི་བར་ན་ དཔལ་འབྱོར་རྩ་བརྟན་དང་ སྲུང་སྐྱོབ་ཀྱི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ རྒྱ་ནག་གི་ ཤན་ཞུགས་ཡར་འཕར་དང་ འཛམ་གླིང་ནང་ སྲུང་སྐྱོབ་ཀྱི་ ཚ་གྱང་ཡོད་ལུགས་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་སྦེ་ ཞལ་འཛོམས་གནང་པའི་ཤུལ་ལས་ རྒྱ་པཱན་བློན་ཆེན་གྱིས་ རྒྱལ་ཁབ་གཉིས་ཆ་ར་གིས་ ས་གཏེར་ཚུ་ བཀྲམ་སྤེལ་རྩ་བརྟན་དང་ ལེགས་འགྱུར་ དེ་ལས་ ཐབས་བྱུས་ཚ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་སྦེ་ གསལ་བཤད་གནང་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ འཇིག་ཉེན་ཅན་གྱི་གནས་སྟངས།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཨེཛ་ཇའི་ཤང་ཀར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་དང་ རྒྱ་ནག་གི་བར་ན་ ནུབ་ཧི་མ་ལ་ཡའི་ ལུང་ཕྱོགས་ནང་ ལ་དྭགས་ཀྱི་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།དེ་ཡང་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ ལུང་ཕྱོགས་དེ་གི་ ས་གནས་ལ་ལོ་ཅིག་ནང་ དམག་མི་བཀྲམ་སྤེལ་འབད་མི་ཚུ་ ས་ཐག་ཉེ་སར་ ལྷོད་དེ་ཡོད་ནི་དེ་གིས་ཨིན་པས།སྤྱི་ལོ་ ༢༠༢༠ ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་གི་བར་ན་ ལུང་ཕྱོགས་དེ་ཁར་ འཐབ་འཛིང་བྱུངམ་ལས་ དམག་མི་ ༢༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ དོན་གཅོད་དང་ དམག་སྡེའི་བར་ན་ གསུང་གྲོས་གནང་ཐོག་ལས་ ཞི་འཇམ་སོང་ནུག།དེ་མ་ཚད་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཤར་ཕྱོགས་ས་ཁོངས་ཀྱི་ ས་མཚམས་ལུ་ ཚར་གཅིག་གུ་ བྱ་སྟབས་མ་བདེཝ་ ཐོན་ཡོད་རུང་ ཤི་རྐྱེན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།ཨིན་རུང་ […]

gyalchi
World News

ཏཱན་ཟེ་ནི་ཡ་ལུ་ ངོས་འཛིན་མེད་པའི་ ནད་གཞི་ཅིག་ཐོན་ཏེ་ མི་གྲངས་ ༥ ལུ་ཤི་རྐྱེན།

བི་བི་སི། ཏཱན་ཟེ་ནི་ཡའི་ ནུབ་བྱང་ཁ་ཐུག་ལུ་ ཀེ་ག་རེ་ལུང་ཕྱོགས་ནང་ ངོས་འཛིན་མེད་པའི་ ནད་གཞི་ཅིག་ ཐོན་ཡོདཔ་ལས་ ཉུང་ཤོས་ར་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ད་ཚུན་གྱི་བར་ན་ མི་གྲངས་ ༧ ལུ་ ནད་གཞི་དེ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ལས་ ཏཱན་ཟེ་ནི་ཡའི་ དབང་འཛིན་ཚུ་གིས་ ཊོག་ཊར་སྡེ་ཚན་ཅིག་ ནད་གཞི་དེ་ ངོས་འཛིན་འབད་བར་ བཏང་ཡོདཔ་ཨིན་པས།ཤར་ཨཕ་རི་ཀའི་ རྒྱལ་ཁབ་ནང་ ངོས་འཛིན་མེད་པའི་ ནད་གཞི་ཐོན་མི་དེ་གིས་ དྲོད་འབར་རྐྱབ་ནི་དང་ མགུ་ཏོག་ན་ནི་ འུ་སྡུག་ཐང་ཆད་ནི་ ལྷ་པའི་ནང་ལས་ ཁྲག་ཐོན་ཏེ་ ནཝ་ཨིན་པས་ཟེར་ གསོ་བའི་དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།ན་ཧིང་ སྤྱི་ཟླ་ ༧ པའི་ནང་ཡང་ ལྷོ་ཕྱོགས་ལིན་ཌི་ལུང་ཕྱོགས་ནང་ དེ་བཟུམ་མའི་ ནད་གཞི་ཅོག་འཐདཔ་ཅིག་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཐོབ་ཡོདཔ་མ་ཚད་ མི་གྲངས་ ༣ ལུ་ ཤི་རྐྱེན་ཡང་ བྱུང་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ དབང་བཟུང་འབད་ནི་ལུ་ ལཱ་ཁག་འོང་ནི།

རོའི་ཊརཛ། ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ དབང་བཟུང་འབད་ནི་ལུ་ འབད་རྩོལ་བསྐྱེདཔ་ཨིན་རུང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ ཕྱིར་བཏོན་འབད་ནི་གི་ བརྡ་སྟོན་མེདཔ་ལས་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བཱག་མུཊ་དེ་ དབང་བཟུང་འབད་ནིའི་དོན་ལས་ ཟླ་ངོ་ལེ་ཤ་ཅིག་གི་རིང་ལུ་ འབད་རྩོལ་བསྐྱེད་ནི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོ་ངོ་ལྷགཔ་ཅིག་གི་རིང་ལུ་ དམག་འཁྲུག་ལང་མི་ ས་གནས་ཚུ་གི་གྲས་ལས་ བཱག་མུཊ་ཁྲོམ་སྡེ་དེ་ རྨ་བཏོན་ཁྲག་བཏོན་གྱི་ ས་གནས་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།ར་ཤི་ཡ་གིས་ བཱག་མུཊ་ཁྲོམ་སྡེ་དེ་ དབང་བཟུང་འབད་ཚུགས་པ་ཅིན་ ཡུ་ཀེ་རེན་གྱི་ མངའ་ཁོངས་ཚུ་ནང་ ར་ཤི་ཡའི་ དམག་མི་ཚུ་ འཇམ་ཏོང་ཏོ་སྦེ་ འཛུལ་ཞུགས་ཐོག་ལས་ དམག་འཁྲུག་ལང་ཚུགས་ནི་ཨིན་པས།དེ་འབདཝ་ལས་ ཡུ་ཀེ་རེན་གྱིས་ དགྲ་བྱང་ཕྱད་ཚུ་ ས་ཁོངས་དེ་ནང་ འཛུལ་ཞུགས་འབད་བཅུག་ནི་དེ་ ལཱ་ཁག་འོང་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 14 Today: 2611 Total visitors: 12641