ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

ཐིམ་ཕུ་དང་ ཕུན་ཚོགས་གླིང་ རྫོང་ཁག་ཁྲོམ་སྡེའི་ བཙག་འཐུ་ཐེངས་ ༤ པ་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ འགོ་འདྲེན་འཐབ་ནི།

སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ རྫོང་ཁག་ཁྲོམ་སྡེ་ཚོགས་སྡེའི་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༤ པ་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་ བརྡ་འཕྲིན་སྤེལ་གནང་ཡི། དེ་ཡང་ ཁྲོམ་དཔོན་དང་ རྫོང་ཁག་ཁྲོམ་སྡེ་ཚོགས་པའི་ གོ་གནས་ཀྱི་དོན་ལུ་ དོ་གྲན་འབད་མི་ འདེམས་ངོ་ཚུ་གིས་ གདམ་ངོའི་ཡིག་ཆ་བཙུགས་ནི་གི་ ཚེས་གྲངས་མཐའ་མཇུག་དེ་ སྤྱི་ཚེས་ ༢༠/༦/༢༠༢༦ ལུ་ཨིནམ་ད་ འདེམས་ངོ་ལས་ ཕྱིར་འཐོན་འབད་ནི་གི་ ཚེས་གྲངས་མཇུག་དེ་ཡང་ སྤྱི་ཚེས་ ༢༣/༦/༢༠༢༦ ལུ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ བླ་སློབ་ལེ་ཤ་ཅིག་ གསལ་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡོདཔ།

མགོན་པོ་རྡོ་རྗེ། རང་ཟླ་ ༤ པའི་ཚེས་ ༢༨ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ དབུ་མཛད་དང་ བུམ་ཐང་བྱ་དཀར་རབ་སྡེ་དང་ དར་དཀར་རབ་སྡེའི་ བླམ་གནས་བརྟན་ རྟ་ལོག་བཤད་གྲྭའི་དབུ་འཛིན་ བཻ་རོ་ཙཱ་ན་རིན་པོ་ཆེའི་ཡོངས་འཛིན་ གཞུང་གྲྭ་ཚང་གི་ སྦུག་གྲལ་པའི་ སློབ་གྲལ་ཆུང་དང་ ལམ་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་དང་ འབུམ་སྡེ་སློབ་དཔོན་ ལས་ཚོགས་དྲུང་ཆེན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡོདཔ།

མགོན་པོ་རྡོ་རྗེ། རང་ཟླ་ ༤ པའི་ཚེས་ ༢༦ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ ཡོན་ཏན་སློབ་དཔོན་དང་ འབུམ་སྡེ་སློབ་དཔོན་ ལས་ཚོགས་དྲུང་ཆེན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག། དེ་ཡང་ ཐིམ་ཕུ་རྡོར་གདན་བཀྲིས་ཐང་ ནང་པའི་མཐོ་རིམ་སློབ་གྲྭའི་སྤྱི་འཛིན་ མཁན་པོ་ཀུན་བཟང་འཕྲིན་ལས་མཆོག་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་དང་ སློབ་དཔོན་མིག་དམར་ཚེ་རིང་མཆོག་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ འབུམ་སྡེ་སློབ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་ལས་ སློབ་དཔོན་ཚེ་རིང་དབང་ཕྱུག་དེ་ ལས་ཚོགས་དྲུང་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

རྒྱལ་གཞུང་འགག་སྡེའི་ ལྷན་ཐབས་གཙོ་འཛིན།

སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ དམག་སྲིད་ལྷུན་གྲུབ་རྡོ་རྗེ་དེ་ རྒྱལ་གཞུང་འབྲུ་གི་འགག་སྡེའི་ ལྷན་ཐབས་གཙོ་འཛིན་སྦེ་ བསྐོ་བཞག་གནང་ནུག།. རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཝ་ར་ཎ་སིའི་ ས་ཆ་གླར་སྤྱོད་ཀྱི་ གན་ཡིག་གུ་ མིང་རྟགས་བཀོད་ཡོདཔ།

སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ས་གནས་ ཝ་ར་ཎ་སི་ལུ་ དུས་རིང་གི་དོན་ལས་ ས་ཆ་གླར་སྤྱོད་དང་འབྲེལ་ཏེ་ འབྲུག་གཞུང་གི་ཁ་ཐུག་ལས་ ནིའུ་དིལླི་ རྒྱ་བཞུགས་གཞུང་ཚབ་ ཡིག་ཚང་ནང་ལས་ སྐུ་ཚབ་འོགམ་ བཀྲིས་དཔལ་སྒྲོན་དང་ རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་པར་དེཤ་གཞུང་གི་ བལྟ་བཤལ་ལས་ཁུངས་ཀྱི་ དམིགས་བསལ་དྲུང་ཆེན་ མི་རི་དུལ་ཅའུ་ད་རི་ ༢ ཀྱིས་ གན་ཡིག་ཅིག་གུ་ མིང་རྟགས་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་ ཆ་འཇོག་གྲུབ་གནང་ཡོདཔ།

མགོན་པོ་རྡོ་རྗེ། སྤྱི་ལོ་ ༢༠༢༢ ལོའི་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནས་སྤྱོད་དང་འཁྲིལ་ཏེ་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་འདི་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༥ ལུ་ དཔྱད་ཡིག་གི་ དོན་ཚན་ངོ་མའི་གུ་ དགག་ཆ་དང་ འཕྲི་སྣོན་ག་ནི་ཡང་མེད་རུང་ སྤྱིར་བཏང་གི་ གྲོས་འདེབས་ཅིག་ བཀོད་ཐོག་ལས་ ལོག་སྟེ་ར་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ […]

National News

རྒྱལ་ཡོངས་ཚོགས་འདུའི་ནང་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་ (འཕྲི་སྣོན་) ༢༠༡༦ ཅན་མ་གྲུབ་ཡོདཔ།

སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་མཐུན་གྲོས་ ༢༠༡༦ ཅན་མའི་ ལྷག་ཐེངས་གསུམ་པ་གནང་ཡོདཔ་ད་ དེ་བསྒང་ འགྲོ་བ་མིའི་དབང་ཆ་དང་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ ནུབ་སྦིས་སྟངས་སི་སྦྱིས་ འདེམས་ཁོངས་འཐུས་མི་གིས་ དཔྱད་ཡིག་གུ་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ཡོད་པའི་ སྙན་ཞུ་ཕུལ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་དང་ མོ་ནེ་ཀོ་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་གཞི་བཙུགས།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་དང་ མོ་ནེ་ཀོ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་གསལ་བསྒྲགས་བརྒྱུད་དེ་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་གནང་ཡོདཔ་ཨིན་པས། མཉམ་འབྲེལ་གསལ་བསྒྲགས་དེ་གུ་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་ཨར་དབང་ཕྱུག་དང་ མོ་ནེ་ཀོའི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ནང་ མོ་ནེ་ཀོའི་ གཏན་འཇགས་སྐུ་ཚབ་ ཨི་ཛ་བེལ་པི་ཀོ་ ༢ ཀྱིས་ མཚན་རྟགས་བཀོད་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་རྗེ་བློན་ཆེན་གྱིས་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་དང་ ཁ་བྲལ་མཇལ་ཕྲད། 

འབྲུག་ལུ་ དཱན་ཏག་ལས་འགུལ་ནང་ དུས་ཡུན་ཚང་སྟེ་ ལོག་འགྱོ་མི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མདོ་འཛིན་རོ་ཧིད་གུབ་ཏ་དེ་ ཁ་བྲལ་ལེགས་སྨོན་གྱི་དོན་ལས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག། མི་རྗེ་བློན་ཆེན་གྱི་ ཁ་ཐུག་ལས་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་སྦེ་ མདོ་འཛིན་རོ་ཧིད་གུ་བ་ཏ་དེ་ འབྲུག་ལུ་སྡོད་པའི་ དུས་ཡུན་ནང་ བརྩོན་ཤུགས་ཀྱི་སྒོ་ལས་ ཞབས་ཏོག་ཞུ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ མ་འོངས་པའི་ ལཱ་འགན་ཚུ་ནང་ཡང་ མཐར་འཁྱོལ་གང་དྲག་གི་ རེ་སྨོན་ཡོད་ལུགས་ཡང་ གསུངས་ཡོད་པའི་གནཔས་ཚུལ། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མཐའ་ཡས་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ བེ་སཱག་ཉིནམ་བརྩི་སྲུང་།

པདྨ་དབང་འདུས།མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ འགོ་འདྲེན་འཐབ་དོ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ བེ་སཱག་ཉིནམ་ཟེར་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ སྐུ་འཁྲུངས་པ་དང་ སངས་རྒྱས་པ་ མྱ་ངན་ལས་འདས་པ་བཅས་ཀྱི་ དུས་སྟོན་ ༢༠༢༦ ཅན་མའི་ནང་ འཛམ་གླིང་མཐའ་དབུས་མེད་པའི་ རྒྱལ་ཁབ་ཚུ་གི་ནང་ལས་ གྲལ་གཏོགས་མཛདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 17 Today: 1310 Total visitors: 8530