ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

དབང་འདུས་ཕོ་བྲང་རྫོང་ཁག་སྲས་ཕུག་རྒེད་འོག་གི་ སྡོད་ཁྱིམ་ཅིག་ལུ་མེ་རྐྱེན།

འཇམ་དཔལ་ཞི་བའི་བློ་གྲོས། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ དབང་འདུས་ཕོ་བྲང་རྫོང་ཁག་ སྲས་ཕུག་རྒེད་འོག་ འབུ་ས་གཡུས་ཚན་ནང་ སྡོད་ཁྱིམ་ཐོག་ ༢ འབད་མི་ ༡ མེ་གིས་རྩ་བ་ལས་ར་ འཚིགས་ཡོདཔ་ཨིན་པས། དེ་བསྒང་ ཁྱིམ་དེ་ནང་གི་ ནང་མི་བཟའ་ཚང་ཚུ་ག་ར་ དབྱར་རྩྭ་དགུན་འབུབ་ འཐུ་བར་སོང་ཡོདཔ་ལས་ རྒྱུ་དངོས་ཚུ་ག་ར་ འཚིགས་ཡོད་རུང་ མིའི་ཚེ་སྲོག་ལུ་ བར་ཆད་ག་ནི་ཡང་ མ་བྱུངམ་ཨིན་པས། མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

མི་དབང་ཞབས་ལུ་ རྒྱལ་ཁབ་ ༦ གི་ གཞུང་ཚབ་ཚུ་གིས་ ངོ་སྤྲོད་ཡིག་ཆ།

སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཊར་ཀི་དང་ ཅེག་མི་སེར་རྒྱལ་ཁབ་ ནེ་པཱལ་ ཝེཏ་ནམ་ བེལ་ཇི་ཡམ་ མལ་དིབཛ་རྒྱལ་ཁབ་ཀྱི་ གཞུང་ཚབ་ཚུ་གིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡི། དེ་ཡང་ ཊར་ཀི་མི་སེར་རྒྱལ་ཁབ་ཀྱི་གཞུང་ཚབ་ ཕི་རཱཏ་སུ་ནེལ་དང་ ཅེག་མི་སེར་རྒྱལ་ཁབ་ཀྱི་གཞུང་ཚབ་ ཌོག་ཊར་ཨི་ལིཛ་ཀ་ ཟི་གོ་ཝ་  ནེ་པཱལ་གྱི་གཞུང་ཚབ་ ཌོག་ཊར་ཤང་ཀར་ པར་སཱད་ཤར་མ་ ཝེཏ་ནམ་མི་སེར་རྒྱལ་ཁབ་ཀྱི་གཞུང་ཚབ་ ནུ་ཡེན་ཐེན་ཧའི་ བེལ་ཇི་ཡམ་གྱི་གཞུང་ཚབ་ ཌི་ཌི་ཡར་ཨ་ན་ ཨེལ་ཝན་ཌར་ཧཛ་སེལ་ མལ་དིབཛ་རྒྱལ་ཁབ་ཀྱི་གཞུང་ཚབ་ ཨི་བ་ར་ཧིམ་ ཤ་ཧིབ་ཚུ་ཨིན་པའི་གནས་ཚུལ།

gyalchi
National News

མི་དབང་ཞབས་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་།

སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་གནང་ཡི། དེ་ཡང་ མདོ་འཛིན་རྡོ་རྗེ་རིན་ཆེན་ལུ་ གུང་བློན་འོག་མའི་ གོ་གནས་གནང་ཡོདཔ་ད་ དེ་ལས་ དམག་སྲིད་ཤ་བྷ་དུར་རའི་དང་ དམག་སྲིད་ཚེ་རིང་དངོས་གྲུབ་ དམག་སྲིད་རིག་འཛིན་རྡོ་རྗེ་ དམག་སྲིད་ངག་དབང་འཇིགས་མེད་ཚུ་ལུ་ མདོ་འཛིན་གྱི་ གོ་གནས་གནང་ཡོད་པའི་གནས་ཚུལ།

gyalchi
National News

རྒྱལ་ཡོངས་ཚོགས་འདུའི་ནང་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་གི་གྲོས་འདེབས།

སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༩ པའི་ནང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ཚུ་གི་ དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ ༢༠༢༣ ཅན་མ་ སྙན་འབུལ་ཞུ་ཡི།དངུལ་ཕོགས་ལྷན་ཚོགས་ ༦ པ་གིས་ གྲོས་འདེབས་ཕུལ་མི་ དངུལ་ཕོགས་ཡར་སེང་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ བསྒྱུར་བཅོས་མེད་པར་ ཆ་འཇོག་འགྲུབ་པ་ཅིན་ ཆེ་མཐོའི་སྡེ་རིམ་གྱི་ ལས་གཡོགཔ་ཚུ་ལུ་ བརྒྱ་ཆ་ ༥༥ རེ་དང་ ཆུང་རིམ་ལས་གཡོགཔ་ཚུ་ལུ་ བརྒྱ་ཆ་ ༧༤ དེ་རེ་ ཡར་སེང་འཐོབ་ནི་ཨིནམ་ད་ དངུལ་ཕོགས་ཡར་སེང་དེ་ནང་ དངུལ་ཕོགས་ལྷན་ཚོགས་ ༥ པ་དང་ ༦ པ་གིས་ བསྐྱར་བཟོ་འབད་མི་གཉིས་ཆ་ར་ ཚུད་དེ་ཡོདཔ་ཨིན་པས།ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ ༢ ལས་ སྤྱི་གཡོགཔ་གི་གྲངས་སུ་ བློན་ཆེན་དང་ བློན་པོ་ སྤྱི་ཚོགས་ཀྱི་འཐུས་མི་ ཁྲིམས་སྤྱི་བློན་པོ་དང་ རྩ་ཁྲིམས་ཅན་གྱི་ […]

gyalchi
National News

ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལུ་ ཟངས་མདོག་དཔལ་རི་སྨོན་ལམ།

དབྱངས་ཅན་ལྷ་མོ། རང་ཟླ་ ༤ པའི་ཚེས་ ༡༩ སྤྱི་ཟླ་ ༦ པའི་ཚེས་ ༧ ལས་ བདུན་ཕྲག་ ༡ གི་རིང་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་ ངག་དབང་འཇིགས་བྲལ་ཀུན་དགའ་རིན་པོ་ཆེ་ དབུ་བཞུགས་ཐོག་ལས་ ཀུར་སྟོད་སྟག་སྐད་ལ་ ཨྱོན་མདོ་སྔགས་འོད་གསལ་ཆོས་གླིང་ གྲྭ་ཚང་གི་ དགེ་སློང་ ༦༠ ལྷགཔ་ཅིག་གིས་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལུ་སྦེ་ ཟངས་མདོག་དཔལ་རི་སྨོན་ལམ་ འཚོགས་གནངམ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༢ ལུ་ ཀུར་སྟོད་སྟག་སྐད་ལ་ ཨྱོན་མདོ་སྔགས་འོད་གསལ་ཆོས་གླིང་ གྲྭ་ཚང་ནང་སྦེ་ འགོ་འདྲེན་འཐབ་ཡོད་རུང་ དུས་ཅི་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལུ་སྦེ་ འགོ་འདྲེན་འཐབ་དོ་ཟེར་ ལས་རིམ་འགོ་འདྲེན་པ་ ཀུན་བཟང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།ད་རེས་ ས་ག་ཟླ་བའི་ དུས་ཆེན་ཁྱད་པར་ཅན་དང་བསྟུན་ཏེ་ འགོ་འདྲེན་འཐབ་མི་ ཟངས་མདོག་དཔལ་རི་སྨོན་ལམ་དེ་ རང་ཟླ་ ༤ པའི་ཚེས་ ༢༥ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

gyalchi
National News

མི་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༩ པ་ འགོ་འབྱེད་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ མི་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༩ པ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།དེ་བསྒང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་གཙོས་པའི་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ དཔོན་ཁག་གཞན་ཚུ་གིས་མ་ཚད་པར་ ནུབ་ཕྱོགས་ཨཱཛ་ཊེ་ལི་ཡའི་ ཁྲིམས་བཟོ་ཚོགས་འདུའི་ཚོགས་དཔོན་ མའི་ཀཱལ་རོ་བཱཊཛ་གིས་ འགོ་ཁྲིད་འབད་མི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོད་པའི་གནས་ཚུལ།

gyalchi
National News

བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ མི་ ༥ ལུ་ཤི་རྐྱེན།

འཇམ་དཔལ་ཞི་བའི་བློ་གྲོས། སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་ ༥ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་རྒེད་འོག་ ས་གནས་ཤིག་པ་ཤིང་དང་ ཏོ་ཀ་རོང་གི་བར་ན་ སྣུམ་འཁོར་ཅིག་ ལམ་འོག་ལས་མར་ རྦོབ་རིལ་འགྱོ་བའི་ རྐྱེན་ངན་ནང་ འགྲུལ་པ་ ༥ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ སྣུམ་འཁོར་ཀེ་རེ་ཊ་དེ་ ལམ་འོག་ལས་མར་ མི་ཊར་ ༢༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་དེ་ནང་ ཨམ་སྲུ་ ༣ དང་ ཕོ་སྐྱེས་ ༢ ཀྱི་གྲས་ཁར་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་ བཟོ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ ༢ ཡང་ཡོདཔ་ཨིན་པས། སྲོག་སྐྱབས་འབད་མི་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཤི་རྐྱེན་བྱུང་མིའི་ ཕུངམོ་དེ་ཚུ་ ཁོང་རའི་ཕམ་སྤུན་མཆེད་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཐུག་རྐྱེན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གིས་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

རང་ཟླ་ ༤ པ་འདི་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན།

ད་རེས་ སྤྱིར་རང་ཟླ་ ༤ པ་འདི་ ས་ག་ཟླ་བའི་ དུས་ཆེན་ཟེར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲོལ་ཡོད་པའི་ནང་ལས་ཡང་ ཚེས་ ༡༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་ཆེན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།དེ་ཡང་ རང་ལུགས་འབྲུག་རྩིས་དང་འཁྲིལ་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་མཆོག་ ལྷུམས་སུ་ཞུགས་པ་དང་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པ་ ༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ རྩིས་སྲོལ་ཡོདཔ་ཨིན་པས།དང་པ་ བདག་ཅག་གི་སྟོན་པ་མཆོག་ སྐུ་འཕྲེང་འདི་གི་ཧེ་མར་ དགའ་ལྡན་ལྷ་ཡུལ་ལུ་ ལྷའི་བུ་དམ་པ་ཏོག་དཀར་པོར་ སྐུ་སྐྱེས་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་བཞུགས་བཞུགས་པར་ སངས་རྒྱས་མར་མེ་མཛད་ཀྱིས་ ལུང་བསྟན་དྲན་ཏེ་ བྱམས་པ་མགོན་པོ་ རྒྱལ་ཚབ་ལུ་ བསྐོས་ཞིནམ་ལས་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཡབ་རྒྱལ་པོ་ ཟས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་ ༢ ཀྱི་སྲས་ལུ་ གླངམོ་ཆེ་མཆེཝ་དྲུག་ལྡན་ གསེར་གྱི་ཁ་མདོག་བཟུམ་ཅིག་ལུ་སྤྲུལ་ཏེ་ ཡུམ་གྱི་ལྷུམས་སུ་ཞུགས་པའི་ དུས་ཆེན་དང་།གཉིས་པ་ སངས་རྒྱས་བཅོམ་ལྡན་འདས་ ལུམྦི་ནིའི་ཚལ་ལུ་ […]

gyalchi
National News

འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་ཀྱི་ གནད་དོན་ཐོག་ལུ་ མཁས་མཆོག་སྡེ་ཚན་གྱི་ཞལ་འཛོམས།

ཐིམ་ཕུ་ལུ་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལས་ ༢༥ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་ཀྱི་ གནད་དོན་ཐོག་ལུ་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༢ པ་ འཚོགས་ཡོདཔ་ཨིན་པས།དེ་ཡང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ ལས་འཕྲོ་སྟོབས་ལྡན་སྟང་སྦིས་ཀྱིས་ འགོ་ཁྲིད་འབད་ཡོདཔ་ད་ རྒྱ་ནག་གི་ འཐུས་མི་སྡེ་ཚན་དེ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ ས་མཚམས་དང་ མཚོ་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབས་མདོ་ཆེན་ ཧོང་ལི་ཡང་གིས་ འགོ་ཁྲིད་འབད་ནུག།དེ་བསྒང་ རྒྱ་ནག་ཀཱུན་མིང་ལུ་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༡ པའི་ནང་ རྒྱལ་ཁབ་ ༢ ཀྱི་བར་ན་ མོས་མཐུན་བྱུང་མི་ཚུ་ བསྐྱར་ཞིབ་འབད་ཡོདཔ་མ་ཚད་ གོ་རིམ་ ༣ གྱི་ མདུན་ལམ་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོདཔ་ཨིན་པས།ཞལ་འཛོམས་དེ་ནང་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ གོ་རིམ་ ༣ གྱི་ མདུན་ལམ་ལུ་ ངལ་རངས་ཡོད་ལུགས་ཚུ་ […]

gyalchi
National News

འབྲུག་གི་ཁྲལ་ཡངས་ཚད་འཛིན་གྱིས་ བལྟ་བཤལཔ་དང་ འབྲུག་པའི་མི་ཁུངས་ཚུ་ལུ་ གསེར་ཚོང་ལག་ལེན།

འབྲུག་གི་ཁྲལ་ཡངས་ཚད་འཛིན་གྱིས་ བལྟ་བཤལཔ་དང་ འབྲུག་པའི་མི་ཁུངས་ཚུ་ལུ་ གསེར་ལེགས་ལྡན་ཚུ་ ཁྲལ་ཡངས་ཆག་ཐོག་ལས་ བཙོང་ནི་འགོ་བཙུགས་ཡོད་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ ཁྲལ་ཡངས་ཐོག་གི་ འཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ རྒྱ་སྐྱེད་ཀྱི་ ཐབས་ལམ་སྦེ་ གསེར་སྤུས་དག་ཚུ་ དོ་འགྲན་ཅན་གྱི་ གོང་ཚད་ཁར་ བཙོང་ནི་ཨིནམ་ད་ རིན་དངུལ་དེ་ ཡུ་ཨེཛ་ཌོ་ལར་ནང་ སྤྲོད་དགོཔ་ཨིན་པས།འབྲུག་གི་ཁྲལ་ཡངས་ཚད་འཛིན་དེ་ རྒྱལ་ཁབ་ནང་ ཁྲལ་ཡངས་ཅ་ཆས་ཀྱི་ བསིལ་ཚོང་འཐབ་མི་དང་པ་ཨིནམ་ད་ ལྷམ་པ་མ་འདྲཝ་སྦེ་ཡོད་མི་ སྤུས་ཚད་ཅན་གྱི་ འཐོན་སྐྱེད་ཚུ་ བཙོང་ནི་དང་གཅིག་ཁར་ གནས་ཚད་མཐོ་བའི་ ཞབས་ཏོག་བྱིན་ནི་དང་ ཚོང་མགྲོན་ཚུ་གི་ ཁ་གསལ་ཚུ་ཡང་ གསང་བྱའི་ཐོག་ལུ་ བཞག་ནི་གི་ ཁས་ལེན་འབད་ནུག།ཚོང་མགྲོན་པ་ཚུ་གིས་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ལུ་ཡོད་མི་ ཁྲལ་ཡངས་ཚད་འཛིན་དང་མཉམ་ཅིག་དང་ ཡང་ཅིན་ ཕུན་ཚོགས་གླིང་ལུ་ འབྲུག་གི་དངུལ་ཁང་གི་ཡན་ལག་ཡིག་ཚང་ནང་ སུམ་བིར་རའི་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༤༧༧༧༤༡ དང་ ཐིམ་ཕུ་ལུ་ ཆུ་བར་ཆུ་ལུ་ ཕུབ་དབང་འདུས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༤༥༥༥༥༣ གྱི་ཐོག་ལས་ འབྲེལ་བ་འཐབ་དགོཔ་སྦེ་ བཀོད་ཡོད་པའི་གནས་ཚུལ།

gyalchi
Online now: 9 Today: 735 Total visitors: 14098