ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

ནང་སྲིད་ལྷན་ཁག་གི་དྲུང་ཆེན་ ལོག་སྟེ་ར་ ད་རུང་ གནས་ཡུན་ཅིག་གི་རིང་ལུ་བསྐོ་བཞག།

ནང་སྲིད་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་དབང་རྒྱལ་དེ་ ལོག་སྟེ་ར་ ནང་སྲིད་དྲུང་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ ནང་སྲིད་ལྷན་ཁག་གིས་ མཛད་སྒོའི་རྟེན་འབྲེལ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ ཅན་མ་ ཆ་འཇོག་མཛད་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ ཅན་མ་འདི་ ཆ་འཇོག་མཛད་གནང་ཡོདཔ་ཨིན་པས།དེ་ཡང་ མཐའ་འཁོར་དང་ གནམ་གཤིས་འགྱུར་བགྲོད་ ཚོགས་ཆུང་ཁྲི་འཛིན་གྱིས་ དོན་ཚན་གསརཔ་དང་ བསྐྱར་བཟོ་འབད་ཡོད་མི་ཚུ་གི་ སྙན་ཞུ་ཕུལ་ཏེ་ གྲོས་བསྡུར་རྒྱས་ཤིང་རྒྱསཔ་སྦེ་ གནང་ཡོདཔ་ད་ དེ་སྦེ་ ཆ་འཇོག་མ་མཛད་པའི་ཧེ་མར་ ཚོགས་ཆུང་ཁྲི་འཛིན་གྱིས་ ཚོགས་ཁང་གིས་ བཀའ་རྒྱ་དང་འཁྲིལ་ བསྐྱར་ཞིབ་འབད་ཡོད་པའི་ དོན་ཚན་ ༡༠ གྱི་ སྙན་ཞུ་ཚུ་ཕུལ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་ལུ་ གསོ་བའི་ལག་ཆ་ཚུ་ མཁོ་སྒྲུབ་ཀྱི་དོན་ལས་ རྒྱ་པཱན་གཞུང་གིས་ གནང་སྦྱིན་རོགས་རམ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ ནིའུ་དིལླིར་ རྒྱ་པཱན་གཞུང་ཚབ་ཀྱི་ ཡིག་ཚང་ནང་སྦེ་ རྒྱ་པཱན་གྱི་དོན་ལུ་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་གི་དོན་ལུ་ རྒྱ་པཱན་གྱི་གཞུང་ཚབ་ ཀེ་ཨི་ཅི་ཨོ་ནོ་ ༢ ཀྱི་བར་ན་ རྒྱ་པཱན་གྱི་ གནང་སྦྱིན་གྲོགས་རམ་འོག་ལུ་ དཔལ་འབྱོར་དང་ མི་སྡེ་གོང་འཕེལ་ལས་རིམ (གསོ་བའི་ལག་ཆ་) གྱི་ དྲན་ཐོ་ཅིག་ བརྗེ་སོར་འབད་ཡོདཔ་ཨིན་པས།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་རྗེ་བློན་ཆེན་གྱིས་ ཨོ་མཱན་གྱི་ མི་དབང་རྒྱལཔོ་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ མི་རྗེ་བློན་ཆེན་གྱིས་ ཨཱལ་བ་ར་ཀ་ཕོ་བྲང་ནང་སྦེ་ མི་དབང་རྒྱལཔོ་ སུལ་ཏཱན་ ཧའི་ཐཱམ་བིན་ཏ་རིག་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས། དེ་བསྒང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནི་དང་ དཔལ་འབྱོར་གྱི་ ལས་དོན་སྣ་མང་དང་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ མཐའ་དོན་གཅིག་པའི་ ཁེ་ཕན་ཚུ་ སྒྲུབ་ཐབས་ལུ་དམིགས་ཏེ་ དཔལ་འབྱོར་དང་ ཚོང་འབྲེལ་ལས་སྡེ་ གཙོ་བོ་ཚུ་ནང་ མ་རྩ་གཞི་བཙུགས་ཀྱི་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གསུང་གྲོས་བྱུང་དུག། མི་རྗེ་བློན་ཆེན་མཆོག་ ཨོ་མཱན་ལུ་ བཞུགས་རིང་གར་ ཕྱི་འབྲེལ་བློན་པོ་དང་ ཚོང་འབྲེལ་བློན་པོ་ ཁྱིམ་བཟོ་བློན་པོ་ དེ་ལས་ རྒྱལ་འཛིན་འཛིན་སྐྱོང་སྤེལ་ཁང་དང་ ཨོ་མཱན་མ་རྩ་གཞི་བཙུགས་དབང་འཛིན་གྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་ཡོད་པའི་གནས་ཚུལ།

National News

རྒྱལ་ཁབ་ནང་ རླུང་མ་ཤུགས་ཅན་སྦེ་ འཕུ་ནི་བཟུམ་ཅིག་ཡོད་པའི་སྔོན་བཤད།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་ལས་ གས་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མ་འོངས་པའི་ ཉིནམ་ཚུ་ནང་ འཛམ་གླིང་ནུབ་ཕྱོགས་ཀྱི་ གནམ་གཤིས་ཀྱི་ དཀའ་ངལ་དང་ འཛམ་གླིང་ནུབ་ཕྱོགས་ལས་ ཤར་ཕྱོགས་ཁ་ཐུག་འཕུ་མི་ འཛམ་གླིང་བསྐོར་བའི་ རླུང་མའི་འཕུ་ཤུགས་ ཡར་སེང་གིས  འབྲུག་གི་ལུང་ཕྱོགས་ལུ་ ཤན་ཞུགས་ནི་མས་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢ དང་ ༣ ལུ་ འབྲུག་བྱང་ཕྱོགས་དང་ ནུབ་ཕྱོགས་ དབུས་ཕྱོགས་ ཤར་ཕྱོགས་ཚུ་ནང་ རླུང་མ་ཤུགས་ཅན་སྦེ་ འཕུ་ནི་བཟུམ་ཅིག་ཡོདཔ་སྦེ་ སྔོན་བཤད་འབད་ཡོདཔ་ད་ གནད་དོན་དེ་གི་ཐེད་ཁར་ ལྟ་རྟོག་ཚུ་འབད་བཞིན་དུ་ཡོདཔ་ལས་ སྔོན་བཤད་དེ་ལུ་ འགྱུར་བ་སྦོམ་སྦེ་ར་ འཐོན་པ་ཅིན་ དུས་མཐུན་གྱི་ སྙན་ཞུ་ཚུ་ འབད་འོང་ཟེར་བཀོད་ནུག། རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་གིས་ བཤད་མིའི་ནང་ ནུབ་ཕྱོགས་ཀྱི་ གནམ་གཤིས་ཀྱི་ དཀའ་ངལ་ཟེར་མི་དེ་ མེ་ཌི་ཊེ་རི་ནི་ཡཱན་ཟེར་མི་ ལུང་ཕྱོགས་ནང་ལས་ལངས་མི་ ཆུ་རླུང་གི་ འཚུབ་ཆ་ལུ་བརྟེན་ཏེ་ […]

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ཡིག་ཆ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ འབྲུག་གི་དོན་ལས་ མཐའ་ཡས་ལེན་གྱི་གཞུང་ཚབ་ ཨམ་ཐི་ཊི་པཱོན་ ཅི་ར་ས་ཝ་དི་གིས་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

འབྲུག་གི་ནང་པའི་སྨན་བཅོས་ནང་ འབྱུང་རབས་ཅན་གྱི་བརྡ་མཚོན།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ འབྲུག་གི་གསོ་བ་རིག་པ་ གཞི་སྒྱུར་གྱི་ ལས་སྣ་དང་འབྲེལ་ཏེ་ ཀ་ཝ་བྱང་ས་ ནང་པའི་སྨན་ཁང་གི་ སྤྱི་དོན་ཁང་ནང་སྦེ་ ནང་པའི་སྨན་བཅོས་ཞབས་ཏོག་གི་ རྒྱལ་ཡོངས་ལྟེ་བ་དང་ རྒྱལ་ཡོངས་ནང་པའི་ སྨན་བཅོས་ཐབས་བྱུས་དང་ ལག་ལེན་འཆར་གཞི་ ༢༠༢༥-༢༦ ཅན་མའི་ འགོ་འབྱེད་རྟེན་འབྲེལ་དང་གཅིག་ཁར་ གནང་སྦྱིན་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་ཚུ་ ནང་པའི་སྨན་བཅོས་ནང་ འབྱུང་རབས་ཅན་གྱི་ དུས་བསྐལ་ཅིག་ཨིན་པས།  ཐབས་བྱུས་དང་ ལག་ལེན་འཆར་གཞི་ ༢༠༢༥-༢༦ ཅན་མ་དེ་གིས་ ཞབས་ཏོག་སྤྲོད་ནི་དང་ ཤེས་ཡོན་སྤེལ་ནི་ ཞིབ་འཚོལ་འབད་ནི་ སྨན་རིགས་ཀྱི་ཐོན་ཁུངས་འཛིན་སྐྱོང་ དེ་ལས་ བདེ་ཉམས་ལུ་ ལས་སྣ་གསར་བཏོད་ཚུ་གི་དོན་ལས་ སྔོན་དཔག་ཅན་གྱི་ ལམ་སྟོན་འབད་ནི་ཨིནམ་ད་ གསོ་བ་རིག་པ་དེ་ འཕྲོ་མཐུད་དེ་ར་ དེང་སང་གི་ གསོ་བའི་སྐྱོང་བཞག་དང་ མཐུན་སྒྲིག་ཐོག་ལས་ ཡར་འཕེལ་བཟོ་ནི་ཨིན་པས། དེ་མ་ཚད་ ནང་པའི་སྨན་བཅོས་ཞབས་ཏོག་གི་ རྒྱལ་ཡོངས་ལྟེ་བ་ འགོ་འབྱེད་འབད་མི་དེ་ ནད་པའི་སྨན་བཅོས་དང་ གསར་བཏོད་ལས་སྣ་ སྦྱོང་བརྡར་ ཉམས་སྲུང་ཚུ་ རྒྱལ་ཡོངས་ལྟེ་བ་ཅིག་གི་ནང་ལས་འབད་ནི་ལུ་ གལ་གནད་ཅན་གྱི་ གཙུག་སྡེ་གཞི་སྒྱུར་ཅིག་ཨིན་པས། […]

National News

རྒྱལ་ཁབ་ནང་ སྡོད་ཁྲི་ ༨ འབད་མི་ གནམ་གྲུ་ཆུང་ཀུ་གསརཔ་ཅིག་ ཉོ་འདྲེན་འབད་བའི་ བསུ་སྟོན་རྟེན་འབྲེལ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་གསརཔ་ པི་ལེ་ཊཱཛ་-༢༤ ཟེར་མི་ཅིག་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་ཡོད་མི་དེ་ འབྲུག་རྒྱལ་ཁབ་ཀྱི་ མཁའ་འགྲུལ་ལྕོགས་གྲུབ་ བཙན་ཐབས་དང་ རྒྱལ་ཡོངས་ཀྱི་ གནམ་གྲུའི་གྱངས་ཁ་ ཡར་སེང་དང་འབྲེལ་ཏེ་ གལ་གནད་ཆེ་བའི་ མདུན་བསྐྱོད་ཀྱི་ གནད་དོན་ཅིག་ཨིན་པས།སུ་ཡིད་ཛར་ལེན་ལུ་ བཟོ་བསྐྲུན་འབད་མི་ སྡོད་ཁྲི་ ༨ འབད་མི་ གནམ་གྲུ་དེ་ རྩིས་ནག་མ་བཏང་པའི་ གནམ་ཐང་ཆུང་ཀུ་ཚུ་ནང་ ལག་ལེན་འཐབ་བཏུབ་མ་ཚད་ འཕུར་འགྲུལ་གྱི་ ཁྱད་ཆོས་ཡང་ འབྲུག་གི་སའི་ཆགས་ཚུལ་ལུ་ དམིགས་བསལ་གྱིས་ འོས་འབབ་ཡོདཔ་སྦེ་བཀོད་ནུག།གནམ་གྲུ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ གཞན་ཡང་ གློ་བུར་གྱི་ ལག་ལེན་དང་ ལཱ་འགན་ཚུ་ལུ་ ཆེད་དུ་དམིགས་པའི་ འགྲུལ་བསྐྱོད་ཚུ་བརྩིས་ཏེ་ འོས་འབབ་དང་ལྡན་པའི་ འགྲོ་འགྲུལ་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་པས།གནམ་གྲུ་དེ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཆགས་པའི་ཤུལ་ལུ་ རང་ལུགས་ཆིབས་གྲལ་ཐོག་ལས་ བསུ་སྟོན་འབད་བའི་ ལས་རིམ་ནང་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་གཞུང་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེ་ […]

National News

རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོག་འཐབ་མི་ཅིག་ སྣུམ་འཁོར་ནང་ལས་ མཆོངས་འགྱོ་བའི་ཤུལ་ལུ་ ཤི་རྐྱེན་བྱུང་ཡོདཔ།

པདྨ་དབང་འདུས། རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྨྱོ་རྫས་དང་ སྨན་རྫས་ གནོད་རྫས་སྡེ་ཚན་གྱིས་ སྨྱོ་རྫས་ལག་ལེན་གྱི་སྐོར་ལས་ གསང་བའི་བརྡ་དོན་ ཐོབ་ཡོད་མི་དང་འཁྲིལ་ཏེ་ ཐིམ་ཕུ་ཅང་བང་འབྲུག་ལུ་ ནུབ་མོའི་གསང་ཞིབ་ཅིག་ འགོ་འདྲེན་འཐབ་ནུག། དེ་ཡང་ གསང་ཞིབ་སྐབས་ལུ་ མི་ངོམ་ ༥ འཛིན་བཟུང་འབད་མིའི་གྲས་ལས་ སྨྱོ་རྫས་འབག་མི་ མི་ངོམ་ ༢ དོ་དམ་འོག་ལུ་བཞག་སྟེ་ སྨྱོ་རྫས་སྤྱོད་ཡོད་པའི་ བརྟག་དཔྱད་ནང་ལས་ གྲུབ་འབྲས་ཐོན་མི་ ༣ བར་འཛུལ་གྱི་དོན་ལས་ སྨྱོ་རྫས་ལོག་སྤྱོད་སྨན་བཅོས་ལྟེ་བའི་ནང་ བཏང་ཡོདཔ་ཨིན་པས། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། […]

National News

མི་དབང་ཞབས་ལས་ ཡོངས་ཁྱབ་དྲུང་ཆེན་དང་ སྤྱི་འཛིན་ ཕྱི་འབྲེལ་དྲུང་ཆེན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ མི་དབང་མདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ ཕྱི་འབྲེལ་དྲུང་ཆེན་ ༣ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ཡི། དེ་ཡང་ གསོ་བའི་ལྷན་ཁག་ སྨན་རིགས་བཀྲམ་སྤེལ་དང་ གསོ་བའི་གཞི་རྟེན་ལས་ཁུངས་ནང་ ཡོངས་ཁྱབ་མདོ་ཆེན་སྦེ་ ཕྱག་ཞུ་མི་ རིན་ཆེན་རྡོ་རྗེ་དེ་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་སྦེ་ བསྐོ་བཞག་གནང་ནུག། རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་གསརཔ་སྦེ་ དབང་འཛིན་དེ་ནང་ར་ སྤྱི་འཛིན་འོགམ་སྦེ་ ཕྱག་ཞུ་མི་ དབྱངས་ཅན་མཚོ་རྒྱལ་དེ་ བསྐོ་བཞག་གནང་ཡོདཔ་ཨིན་པས། ཕྱི་འབྲེལ་དྲུང་ཆེན་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ ཡིག་ཚང་ནང་ གཞུང་ཚབ་སྦེ་ ཕྱག་ཞུ་མི་ པདྨ་ལེགས་གྲུབ་རྡོ་རྗེ་དེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

Online now: 17 Today: 2653 Total visitors: 9873