ArchiveAboutContact
National News

རྒྱལ་ཁབ་ནང་ རླུང་མ་ཤུགས་ཅན་སྦེ་ འཕུ་ནི་བཟུམ་ཅིག་ཡོད་པའི་སྔོན་བཤད།

· 1 min read

པདྨ་དབང་འདུས།

སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་ལས་ གས་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མ་འོངས་པའི་ ཉིནམ་ཚུ་ནང་ འཛམ་གླིང་ནུབ་ཕྱོགས་ཀྱི་ གནམ་གཤིས་ཀྱི་ དཀའ་ངལ་དང་ འཛམ་གླིང་ནུབ་ཕྱོགས་ལས་ ཤར་ཕྱོགས་ཁ་ཐུག་འཕུ་མི་ འཛམ་གླིང་བསྐོར་བའི་ རླུང་མའི་འཕུ་ཤུགས་ ཡར་སེང་གིས  འབྲུག་གི་ལུང་ཕྱོགས་ལུ་ ཤན་ཞུགས་ནི་མས་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢ དང་ ༣ ལུ་ འབྲུག་བྱང་ཕྱོགས་དང་ ནུབ་ཕྱོགས་ དབུས་ཕྱོགས་ ཤར་ཕྱོགས་ཚུ་ནང་ རླུང་མ་ཤུགས་ཅན་སྦེ་ འཕུ་ནི་བཟུམ་ཅིག་ཡོདཔ་སྦེ་ སྔོན་བཤད་འབད་ཡོདཔ་ད་ གནད་དོན་དེ་གི་ཐེད་ཁར་ ལྟ་རྟོག་ཚུ་འབད་བཞིན་དུ་ཡོདཔ་ལས་ སྔོན་བཤད་དེ་ལུ་ འགྱུར་བ་སྦོམ་སྦེ་ར་ འཐོན་པ་ཅིན་ དུས་མཐུན་གྱི་ སྙན་ཞུ་ཚུ་ འབད་འོང་ཟེར་བཀོད་ནུག།

རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་གིས་ བཤད་མིའི་ནང་ ནུབ་ཕྱོགས་ཀྱི་ གནམ་གཤིས་ཀྱི་ དཀའ་ངལ་ཟེར་མི་དེ་ མེ་ཌི་ཊེ་རི་ནི་ཡཱན་ཟེར་མི་ ལུང་ཕྱོགས་ནང་ལས་ལངས་མི་ ཆུ་རླུང་གི་ འཚུབ་ཆ་ལུ་བརྟེན་ཏེ་ རྒྱ་གར་ནུབ་བྱང་གི་ ལུང་ཕྱོགས་ནང་ གནམ་དགུན་ཆརཔ་རྐྱབ་དོ་ཡོདཔ་ད་ དེ་ཚུ་ལུ་ ནུབ་ཕྱོགས་ཀྱི་ རླུང་མ་གིས་ ཤན་ཞུགས་འབད་དེ་ ཧང་སྟོང་མར་ དྲོད་ཚད་མར་འབབ་ནི་དང་ ཆརཔ་རྐྱབ་ནི་ཚུ་གི་ གནས་སྟངས་བྱུང་དོ་ཡོདཔ་ཨིན་པས།

འབྲུག་ལུ་ དེ་བཟུམ་མའི་ རླུང་མ་ཤུགས་སྦེ་ འཕུ་སྲིད་པའི་ ས་ཁོངས་ཚུ་ཡང་ བྱང་ཕྱོགས་ལུ་ དགའ་ས་དང་ ལ་ཡ། ནུབ་ཕྱོགས་ལུ་ ཐིམ་ཕུ་དང་ ཧཱ་ སྤ་རོ་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ ཕོབ་སྦྱིས་ཁ། དེ་ལས་ དབུས་ཕྱོགས་ལུ་ བུམ་ཐང་དང་ ཀྲོང་གསར་ དར་དཀར་ན་ གཞལམ་སྒང་ རྩི་རང་ གླང་མཐིལ། ཤར་ཕྱོགས་ལུ་ མོང་སྒར་དང་ བཀྲིས་གཡང་རྩེ་ བཀང་ལུང་ ལྷུན་རྩེ། ལྷོ་ཕྱོགས་ལུ་ བསམ་རྩེ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ པདྨ་དགའ་ཚལ་དང་ བདེ་བའི་ཐང་ཚུ་ ཚུད་དོ་ཡོདཔ་ཨིན་པའི་གནས་ཚུལ། 

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 10 Today: 4138 Total visitors: 6815