ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

མི་རྗེ་བློན་ཆེན་མཆོག་གིས་ ཕི་ལི་པིན་ལུ་ མ་དངུལ་རིམ་ལུགས་གྲོས་འཛོམས་ནང་ གྲལ་གཏོགས་མཛད་ཡོདཔ།

པདྨ་དབང་འདུས། མི་རྗེ་བློན་ཆེན་མཆོག་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ གཙོ་འཛིན་གྱིས་ མགྲོན་བརྡ་ཕུལ་ཡོདཔ་བཞིན་དུ་ ཕི་ལི་པིན་ལུ་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ མ་དངུལ་རིམ་ལུགས་གྲོས་འཛོམས་ ༢༠༢༦ ཅན་མའི་ནང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་དང་ རྒྱ་པཱན་གྱི་བར་ན་ སྲིད་འབྲེལ་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་ ༤༠ འཁོར་བའི་ དུས་དྲན་བརྩི་སྲུང་།

སྤྱི་ཟླ་ ༣ པའི་ཚེས་ ༡༦ ལུ་ རྒྱ་པཱན་ཕྱི་འབྲེལ་ལྷན་ཁག་གིས་ འབྲུག་དང་ རྒྱ་པཱན་གྱི་བར་ན་ སྲིད་འབྲེལ་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་ ༤༠ འཁོར་བའི་ དུས་དྲན་བརྩི་སྲུང་དང་འབྲེལ་ཏེ་ འགོ་འདྲེན་འཐབ་ཡོད་པའི་ བསུ་སྟོན་ཅིག་ནང་ མི་རྗེ་བློན་ཆེན་མཆོག་གིས་ གྲལ་བཞུགས་མཛད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

རྒྱལ་ཁབ་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་སྦོམ་སོང་ཡོདཔ།

ད་རེས་ནངས་པ་ ཡུ་ཨེཛ་དང་ ཨིཛ་རེལ་ ༢ མཉམ་འབྲེལ་ཐོག་ལས་ ཨི་རཱན་ལུ་ ཕྱད་མདའ་རྐྱབ་དོ་ཡོད་མི་དང་བསྟུན་ཏེ་ ཁ་ཙ་ སྤྱི་ཟླ་ ༣ པའི་ཚེས་ ༡༦ གི་ ནུབམོ་ཕྱེད་ལས་ རྒྱལ་ཁབ་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ གནམ་མེད་ས་མེད་ ཡར་སེང་སོང་ནུག། དེ་ཡང་ ཐིམ་ཕུ་མུ་ཏི་ཐང་གི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་ ༦༣.༢༩ ལས་ ༨༥.༣༠ རེ་དང་ ཌི་ཟལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧༠.༡༨ ལས་ ༡༠༨.༡༧ རེ་ལུ་ ཡར་སེང་སོང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱ་པཱན་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར།

སྤྱི་ཟླ་ ༣ པའི་ཚེས་ ༡༣ ལས་ ༡༧ ཚུན་ མི་རྗེ་བློན་ཆེན་མཆོག་ རྒྱ་པཱན་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ བྱོནཡོདཔ་བཞིན་དུ་ རྒྱ་པཱན་གྱི་བློན་ཆེན་ ཨམ་ཏ་ཀ་ཨི་ཅི་ས་ནེ་དང་ མཇལ་ཕྲད་མཛད་ཡོདཔ་ད་ དེ་བསྒང་ བློན་ཆེན་ ༢ ཀྱི་བར་ན་ ཡུན་རིང་གི་བར་ན་གནས་མི་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དང་ མཉམ་འབྲེལ་བཙན་ཐབས་ཀྱི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཨ་རབ་ལུང་ཕྱོགས་ནང་ཡོད་མི་ འབྲུག་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ཡོདཔ།

རྡོ་རྗེ་ལས་འཕྲོ། སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ཟླ་རིམ་བརྡ་བརྒྱུད་ཞལ་འཛོམས་ ཐེངས་ ༢༥ པའི་ནང་ ཕྱི་འབྲེལ་དང་ ཕྱིར་ཚོང་དྲུང་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་གི་ཁ་ཐུག་ལས་ ཨ་རབ་ལུང་ཕྱོགས་ནང་ དམག་འཁྲུག་ལང་མི་ལུ་བརྟེན་ཏེ་ འབྲུག་མི་ཚུ་གི་ ཉེན་སྲུང་ལུ་ ཐུགས་ཀྱི་ཚ་གྱང་ཡོད་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་དང་བང་ལ་དེཤ་གི་བར་ན་ ཚོང་འབྲེལ་དྲུང་ཆེན་གྱི་ གནས་རིམ་ཁར་ ཞལ་འཛོམས་ཐེངས་ ༡༠ པ།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༩ དང་ ༡༠ ལུ་ འབྲུག་གཞུང་དང་ བང་ལ་དེཤ་གི་བར་ན་ ཚོང་འབྲེལ་དྲུང་ཆེན་གྱི་ གནས་རིམ་ཁར་ ཞལ་འཛོམས་ཐེངས་ ༡༠ པ་དེ་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་ ཚོགས་གནང་ནུག། དེ་བསྒང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ བཀྲིས་དབང་མོ་དང་ བང་ལ་དེཤ་གི་ འཐུས་མི་སྡེ་དེ་ ཚོང་འབྲེལ་ལྷན་ཁག་གི་དྲུང་ཆེན་ མཧཱ་བུ་བུར་ རཱ་མཱན་གྱིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ རྒྱ་འབྲུག་གི་ ཕན་ཐོགས་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་གསུམ་པ།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ འབྲུག་གཞུང་དང་ རྒྱ་གཞུང་གི་བར་ན་ འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་འོག་ལུ་ རྒྱ་འབྲུག་གི་ ཕན་ཐོགས་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་ ཚོགས་ཆུང་གི་ ཞལ་འཛོམས་ཐེངས་ ༣ པ་དེ་ ཐིམ་ཕུ་ལུ་ ཚོགས་ཡོདཔ་ཨིན་པས། དེ་བསྒང་ འབྲུག་གཞུང་གི་ འཐུས་མི་སྡེ་ཚན་དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ པདྨ་མཚོ་མོ་གིས་ འགོ་ཁྲིད་འབད་ཡོདཔ་ད་ རྒྱ་གཞུང་གི་ འཐུས་མི་སྡེ་ཚན་དེ་ ཐིམ་ཕུ་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ཡིག་ཚང་ནང་ལས་ གཞུང་ཚབ་གཙོ་འཛིན་འོགམ་ ཨ་ནི་ཀེཏ་ ཇི་ མཱན་ཌབ་ག་ནེ་གིས་ འགོ་ཁྲིད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། […]

National News

དངུལ་རྩིས་བློན་པོ་གིས་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ གསལ་བཤད་གནང་ཡོདཔ།

ཕུན་ཚོགས་དབང་འདུས།སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཟླ་རིམ་བརྡ་བརྒྱུད་ཞལ་འཛོམ་ ཐེངས་ ༢༥ པའི་ནང་ ཅ་ཆས་དང་ ཞབས་ཏོག་ཁྲལ་ ངོ་སྤྲོད་འབད་མི་འདི་ ཐད་ཀར་མིན་པའི་ཁྲལ་ཚུ་ དེང་སང་དང་ དྭངས་གསལ་ཅན་གྱི་ གཞི་བཀོད་ཅིག་ནང་ མཉམ་སྡེབ་འབད་ཐབས་ལུ་ཨིན་ཟེར་ གསུངས་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

གསོ་བའི་ཞབས་ཏོག་ཚུ་ ཡར་དྲགས་ཀྱི་དོན་ལས་ སྨན་བཅོས་སྣུམ་འཁོར་མཁོ་སྒྲུབ།

ཕུན་ཚོགས་དབང་འདུས།སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ལུ་ གསོ་བའི་ཞབས་ཏོག་ཚུ་ ཡར་དྲགས་བཏང་ནིའི་དོན་ལས་ རྒེད་འོག་རེའི་ནང་ དྲུང་འཚོ་རེ་ གཏང་མི་ཚུགས་ནི་ཨིནམ་ལས་ སྨན་བཅོས་སྣུམ་འཁོར་ མཁོ་སྒྲུབ་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ལྷན་རྒྱས་གཞུང་ཚོགས་ཀྱིས་ ཨ་ལོ་གསུམ་པམ་ སྐྱེས་མི་ལུ་ སེམས་ཤུགས་མཐུན་རྐྱེན་ བྱིན་ནི་དང་འབྲེལ་བའི་ སྙན་ཞུ་ཕར་ཕུད།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲག་ཤོས་སྐལ་བཟང་བདེ་སྐྱིད་་ཀྱིས་ བརྡ་བརྒྱུད་ཞལ་འཛོམས་ ཐེངས་ ༢༥ པ་ ཚོགས་གནང་པའི་སྐབས་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཨ་ལོ་གསུམ་པམ་ སྐྱེས་མི་ལུ་ སེམས་ཤུགས་མཐུན་རྐྱེན་ བྱིན་ནི་དང་འབྲེལ་བའི་ སྙན་ཞུ་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡོད་རུང་ མི་འབོར་ཞིབ་རྩིས་ཀྱི་ བསྐྱར་ཞིབ་མཐིལ་ཕྱིན་འབད་ནིའི་དོན་ལས་ ལོག་སྤྲོད་ཅི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 10 Today: 2077 Total visitors: 9297