ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གུ་རུ་ཐོད་ཕྲེང་རིགས་ལྔའི་ བཀའ་དབང་དང་ སྨོན་ལམ་ཆེན་མོ་གནང་ནི།

རང་ཟླ་ ༤ པའི་ཚེས་ ༡༥ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ ག་ནི་བ་ རྩ་ཆེ་བའི་ སྟོན་པའི་དུས་ཆེན་ལྔ་འཛོམས་ཀྱི་ཉིན་མར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ མི་དམངས་ལུ་ གུ་རུ་ཐོད་ཕྲེང་རིགས་ལྔའི་ བཀའ་དབང་གནང་ནི་ཨིན་པས།དེ་བསྒང་ གཞུང་གྲྭ་ཚང་དང་ ཐིམ་ཕུ་རྫོང་ཁག་གི་ སྨོན་ལམ་ཚོགས་ཆུང་ འཁྲུངས་སྟོན་ཚོགས་ཆུང་ ༣ མཉམ་འབྲེལ་ཐོག་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་གི་ སྐུ་རིམ་སྣ་ཚོགས་ཀྱི་གྲས་ལས་ དང་པ་ཕྱག་དང་ བཛྲ་གུ་རུ་དུང་ཕྱུར་བསགས་གནང་ནི་ འགོ་བཙུགས་ནི་ཨིན་ཟེར་ གཞུང་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག།དེ་ལས་ རང་ཟླ་ ༤ པའི་ཚེས་ ༡༦ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ གནང་ནི་ཨིནམ་བཞིན་དུ་ དེ་བསྒང་ དྲོ་པའི་ཆུ་ཚོད་ ༥ ལས་ ༧ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སུའི་ཌེན་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སུའི་ཌེན་གྱི་རྒྱལ་ས་ སི་ཊོག་ཧཱོམ་ལུ་ རྒྱལ་འཛིན་ཕོ་བྲང་ནང་སྦེ་ མི་དབང་རྒྱལཔོ་ཀཱལ་གུཛ་ཏཱཕ་ ༡༦ པ་མཆོག་དང་ མཇལ་ཕྲད་མཛད་གནང་ནུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སི་ཊོག་ཧཱོམ་ལུ་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ འཛམ་གླིང་ནང་ འགྱུར་བ་འཐོན་པའི་ ཐབས་ཤེས་སྐོར་ལས་ གསར་བཏོད་ཀྱི་ རིག་རྩལ་དང་ལྡན་པའི་ མི་ངོམ་ཚུ་གི་ རྒྱལ་སྤྱིའི་གྲོས་འཛོམས་ནང་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གདན་འདྲེན་ཞུ་མི་དང་བསྟུན་ཏེ་ སུའི་ཌེན་ལུ་ ཆིབས་བསྐྱོད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

མི་དབང་ཞབས་ལུ་ རྒྱ་པཱན་གྱི་ ཅི་བཱ་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ མཁས་དབང་སྐུ་ཡོན་གྱི་ ཆེ་བསྟོད་ལག་ཁྱེར།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ རྒྱ་པཱན་གྱི་ ཅི་བཱ་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཁས་དབང་སྐུ་ཡོན་གྱི་ ཆེ་བསྟོད་ལག་ཁྱེར་ཕུལ་ནུག།དེ་ཡང་ མི་དབང་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་སྒྱུར་བཅོས་ནང་ དབུ་ཁྲིད་མཛད་གནང་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་གོང་འཕེལ་དང་ མཁྱེན་རྒྱ་ཆེ་བའི་ རྒྱལ་སྲུང་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལ་སོགས་པ་ཚུ་ གསར་བཏོད་གནང་པ་ལུ་བརྟེན་ཏེ་ ལག་ཁྱེར་དེ་ ཕུལཝ་ཨིན་ཟེར་ གཙུག་ལག་སློབ་སྡེ་དེ་གི་ བསྔགས་བརྗོད་ནང་ བཀོད་དེ་ཡོདཔ་ཨིན་པས།དེ་མ་ཚད་ བསྔགས་བརྗོད་ནང་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ བཟང་སྤྱོད་ཀྱི་ ཐུགས་སྟོབས་དང་ རིམ་མཐུན་དགོངས་བཞེད་ དེ་ལས་ རྒྱལ་སྤྱིའི་འགན་ཁུར་བསྣམས་མི་ཚུ་ ང་བཅས་རའི་ སློབ་ཕྲུག་ཚུ་ལུ་ རྒྱུད་སྐུལ་གྱི་ འབྱུང་གནས་ཨིན་ཟེར་ཡང་ བཀོད་དེ་ཡོདཔ་ད་ ཅི་བཱ་གཙུག་ལག་སློབ་སྡེའི་ ཁ་ཐུག་ལས་ ཕྱག་ཕྱིད་ཞུ་ནི་ཟེར་རུང་ མཐོ་ཤོས་ར་ མཁས་དབང་སྐུ་ཡོན་གྱི་ ཆེ་བསྟོད་ལག་ཁྱེར་ ཕུལ་ནི་དེ་ར་ཨིནམ་སྦེ་ གསལ་བཀོད་འབད་ནུག།མཁས་དབང་སྐུ་ཡོན་གྱི་ ལག་ཁྱེར་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་པཱན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མཉམ་འབྲེལ་པ་ཚུ་དང་ མཇལ་ཕྲད་ཀྱི་དོན་ལས་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ […]

Special News

སྤུངས་ཐིམ་དགེ་འདུན་གྲྭ་ཚང་ གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུ་ལུ་ གསོལ་ཐབ་ཕེས་ཡོདཔ།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ སྐུ་འབག་ཁམས་གསུམ་ཟིལ་གནོན་དང་ ནང་རྟེན་བྱིན་ཅན་ མང་རབས་ཅིག་དང་བཅསཔ་སྦེ་ སྤུངས་ཐིམ་གྲྭ་ཚང་ལྟེ་བའི་ རྡོར་སློབ་རིན་པོ་ཆེ་གིས་ དབུ་གཙོས་པའི་ སློབ་དཔོན་ལྷན་རྒྱས་ཚུ་དང་ འཕགས་ཚོགས་དགེ་འདུན་པ་ཚུ་ བཀྲིས་ཆོས་རྫོང་ནང་ གསོལ་ཐབ་ཕེབས་གནང་ཡི། དེ་བསྒང་ གཞུང་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་རྒྱས་ཚུ་དང་ ཆེ་བསྟོད་ཅན་གྱི་འཐུས་མི་ དེ་ལས་ ཞི་དྲག་ལས་ཁུངས་ཁག་གི་ འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ གཞུང་ལམ་གྱི་ གཡས་གཡོན་ལས་ དད་ཅན་མི་སེར་ཚུ་གིས་ ནང་རྟེན་བྱིན་ཅན་ཚུ་ལས་ དབང་དང་ བྱིན་རླབས་ཚུ་ ཞུ་ཡོདཔ་ཨིན་པས། དེ་ཡང་ རང་ཟླ་ ༣ པའི་ཚེས་ ༣༠ ལུ་ གནམ་དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་བ་ཆེན་པོའི་ཕོ་བྲང་ལས་ གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུ་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ དེ་ཚེ་ཕྱི་རོ་ དགུང་ཞག་སེམས་རྟོགས་ཁ་ གསང་ཟབ་ཆོས་རྫོང་ནང་བཞུགས་ནུག། སྤུངས་ཐིམ་གྲྭ་ཚང་གི་ འཕགས་པའི་དགེ་འདུན་པ་ཚུ་ ད་ལས་ཕར་ ཟླ་ངོ་ […]

Special News

མི་དབང་མཆོག་གིས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པ་ འགོ་འབྱེད་མཛད་སྒོའི་ནང་དབུ་བཞུགས།

མགོན་པོ་རྡོ་རྗེ། ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༢༦ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ གཟའ་སྐར་འཕྲོན་སྦྱོར་ཚུ་ ག་ནི་བ་ ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པ་ འགོ་བཙུགས་གནང་པའི་ འགོ་འབྱེད་རྟེན་འབྲེལ་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡི།དེ་ཡང་ མི་དབང་མངའ་ཞབས་མཆོག་ སྒོ་ར་ཁ་ལས་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ བློན་པོ་ལྷན་རྒྱས་ཚུ་གིས་ རང་ལུགས་ཆིབས་གྲལ་ཐོག་ལུ་ གདན་འདྲེན་ཞུ་སྟེ་ ཚོགས་ཁང་ཆེན་མོའི་ ཕྱི་ཁར་ཕེབས་ད་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་པོ་བགྲེསཔ་ཚུ་གིས་གཙོས་པའི་ གཞུང་གི་དཔོན་ཁག་ཚུ་དང་ འཛམ་གླིང་རྒྱལ་སྤྱིའི་ དོན་གཅོད་སྐུ་ཚབ་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ རྫོང་ཁག་ ༢༠ གི་ སྲོལ་འཛིན་འགོ་དཔོན་ཚུ་ དེ་ལས་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ སློབ་ཕྲུག་གིས་ཡང་ གྲལ་གཏོགས་འབད་ནུག།དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ […]

Special News

མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ ཟངས་མདོག་དཔལ་རིའི་ ཀི་དེབ་འགོ་འབྱེད།

མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་ལུ་ གུ་རུ་རིན་པོ་ཆེའི་ པདྨ་འོད་ཀྱི་ཕོ་བྲང་གི་ བླ་ན་མེད་པའི་ དངོས་སྣང་ཟེར་མི་ ཟངས་མདོག་དཔལ་རིའི་ ཀི་དེབ་ཅིག་ འགོ་འབྱེད་མཛད་གནང་ནུག།དེ་བསྒང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་དང་ ཨ་ཞེ་བཀྲིས་རྡོ་རྗེ་ མི་དབང་རྒྱལ་སྲསམོ་ པདྨ་ལྷ་སྒྲོན་དབང་ཕྱུག་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ཡང་ བྱོན་གནང་ཡོདཔ་ད་ མཐའ་ཡས་ལེན་དང་ འབྲུག་ལས་ ཀི་དེབ་རྩོམ་སྒྲིག་འབད་མི་སྡེ་ཚན་གྱིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།བུམ་ཐང་སྐུ་རྗེས་ཀྱི་ ཟངས་མདོག་དཔལ་རི་དེ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ དེ་ལས་ མ་ཡུམ་ཆོས་དབྱིངས་དབང་མོ་རྡོ་རྗེ་ཚུ་གིས་ ཆོས་ཕྱོགས་ཀྱི་ འབྲེལ་དོན་གཟབ་མོའི་ བརྡ་མཚོན་ལུ་ བཀེངས་གནང་ཡོདཔ་ད་ ཀི་དེབ་དེ་ནང་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་གནང་པའི་ ཆེད་བརྗོད་དང་ མཧཱ་གུ་རུའི་ སྨོན་ལམ་གྱིས་གཙོས་པའི་ གུ་རུ་རིན་པོ་ཆེའི་ སྨོན་ལམ་ཚུ་ཡང་ཡོདཔ་སྦེ་བཀོད་ནུག།ཀི་དེབ་བཀྲམ་སྤེལ་གྱི་ ཁེ་འབབ་ཡོངས་རྫོགས་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ བློ་གཏད་མ་དངུལ་ནང་ བཙུགས་ཐོག་ལས་ ལྷ་ཁང་དགོན་སྡེ་ ༥༠༠ ལྷགཔ་ཅིག་གི་ འཚོ་རྟེན་དང་ ཤེས་ཡོན་ གནད་འགག་ཆེ་བའི་ གསོ་བའི་ཞབས་ཏོག་ མི་ཏོག་རྒྱུན་སྐྱོང་དང་ ཀེན་སར་སྨན་བཅོས་ མཁྲིས་པའི་སྨན་བཅོས་ ཡུན་རིང་ནད་འཚུབ་ཀྱི་ […]

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ བཛྲ་གུ་རུ་དུང་སྒྲུབ།

ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་འདུན་པ་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ འདུ་ཁང་སྐུ་གསུམ་ཕོ་བྲང་ནང་སྦེ་ གུ་རུ་ཐོད་འཕྲེང་རིགས་ལྔའི་སྒོ་ལས་ བདུན་ཕྲག་ ༡ གི་རིང་ལུ་ བཛྲ་གུ་རུ་དུང་སྒྲུབ་ གནང་མི་དེ་ རང་ཟླ་ ༣ པའི་ཚེས་ ༡༧ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ གྲོལ་གནང་ཡོདཔ་ཨིན་པས། དུང་སྒྲུབ་དེ་ཡང་ རང་ཟླ་ ༥ པའི་ཚེས་ ༡༡ སྤྱི་ཟླ་ ༥ པའི་ཚེས་ ༨ ལས་ འགོ་བཙུགས་གནང་ཡོདཔ་ད་ དུང་སྒྲུབ་ཉིན་གྲངས་ ༥ པར་ ཤར་ཕྱོགས་རྫོང་ཁག་ ༦ གི་ བླམ་གནས་བརྟན་ལྷན་རྒྱས་ཚུ་ཡང་ ཐུགས་སྨོན་གནང་པར་བྱོན་ནུག། དེ་མ་ཚད་ རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ […]

Special News

མི་དབང་མངའ་ཞབས་ལས་ རྒཔོ་གསརཔ་ ༣ ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དུས་མིན་བཙག་འཐུའི་ནང་ལས་ བཙག་འཐུ་གྲུབ་མི་ རྒཔོ་གསརཔ་ ༣ ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ད་ དེ་ཡང་ སྐྱབས་ཆ་རྒཔོ་ ཕུབ་སྲི་ཐུབ་དང་ སྐོར་ཕུག་རྒཔོ་ ཀུན་བཟང་ཆོས་སྒྲོན་ དགོན་ཤར་རི་རྒཔོ་ ཨྱོན་རྡོ་རྗེ་ཚུ་ཨིན་པས། ས་གནས་གཞུང་དེ་ གྲོང་གཡུས་ཚུ་ནང་ མི་སེར་ཚུ་གིས་ འབྲེལ་བ་མང་ཤོས་འཐབ་སའི་ གཞུང་གི་གནས་རིམ་ཨིནམ་ལས་ སྤྱི་ལོ་ ༢༠༡༡ ལོར་ ས་གནས་གཞུང་གི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་ཞིནམ་ལས་ཚུར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒཔོ་ཚུ་ལུ་ བཀྲིས་ལེགས་དར་ གནངམ་ཨིན་པའི་གནས་ཚུལ།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞབས་དྲུང་སྐུ་མཆོད་ བརྩི་སྲུང་ཞུ་སར་དབུ་བཞུགས།

རང་ཟླ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་རྫོང་ནང་ ག་ནི་བ་ རྩ་ཆེ་བའི་ ཞབས་དྲུང་སྐུ་མཆོད་ བརྩི་སྲུང་ཞུ་སར་ ཆིབས་བསྐྱོད་གནང་སྟེ་ ཐུགས་སྨོན་ཚུ་གནང་ནུག། ཞབས་དྲུང་སྐུ་ཆོས་དེ་ འབྲུག་རྒྱལ་ཁབ་ གཞི་བཙུགས་གནང་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམས་པའི་ དུས་དྲན་ཅིག་ཨིནམ་ད་ སྤུ་ན་ཁ་རྫོང་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ གདན་ས་གཙོ་བོ་ཅིག་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྙིང་ཐིག་ཡ་བཞི་དང་ འདུས་པ་མདོ་དབང་གི་ དབང་ལུང་གནང་ནི།

མགོན་པོ་རྡོ་རྗེ། ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཉིན་གྲངས་ ༣༢ ཀྱི་རིང་ལུ་ སྙིང་ཐིག་ཡ་བཞི་དང་ འདུས་པ་མདོ་དབང་གི་ ལྗགས་ལུང་དང་ བཀའ་དབང་ཚུ་ གནང་ནི་ཨིན་པས།དེ་ཡང་ རང་ཟླ་ ༣ པའི་ཚེས་ ༨ སྤྱི་ཟླ་ ༥ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ རང་ཟླ་ ༤ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༥ ཚུན་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༩ ལས་ ཉིན་ཡོལ་ཆུ་ཚོད་ ༡ གི་རིང་ལུ་ བཀའ་དབང་གནང་ནི་དང་ ཉིན་ཡོལ་ཆུ་ཚོད་ ༢ ལས་ ཕྱི་རུའི་ཆུ་ཚོད་ ༥ གི་རིང་ལུ་ ལྗགས་ལུང་གནང་ནི་གི་ ལས་རིམ་ཡོད་ཟེར་ བུམ་ཐང་ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་ མཁན་པོ་བློ་གསལ་དབང་པོ་གིས་ གསུངས་གནང་ཡི།བཀའ་དབང་དེ་གི་རིང་ལུ་ དད་ལྡན་མི་སེར་ཚུ་ག་ར་ བྱ་སྟབས་བདེ་ཐབས་ལུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་དང་ […]

Online now: 18 Today: 2863 Total visitors: 12893