ArchiveAboutContact

gyalchi

Special News

མི་དབང་མངའ་ཞབས་མཆོག་གིས་ ལྷོ་མཚམས་ཁ་ཐུག་ལུ་ བདུན་ཕྲག་ ༡ གི་གཟིགས་སྐོར།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདུན་ཕྲག་ ༡ གི་རིང་ ལྷོ་མཚམས་ཁ་ཐུག་ལུ་ གཟིགས་སྐོར་གནང་སྟེ་ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ ལོག་ཐིམ་ཕུར་ཕེབས་ནུག།དེ་ཡང་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ རྒྱལ་སྲུང་སློབ་སྡེའི་ ས་ཁོངས་ཚུ་གིས་གཙོས་པའི་ བདེ་སྲུང་ཆུའི་ལས་འགུལ་དང་ བདེ་སྲུང་རིག་རྩལ་ལས་རིམ་ལྟེ་བ་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་ བཟོ་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ གཟིགས་ཞིབ་གནང་ཡོདཔ་མ་ཚད་ རྫོང་ཁག་དང་ ལུང་ཕྱོགས་ལས་སྡེའི་འགོ་འཛིན་ སྒེར་སྡེའི་ངོ་ཚབ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ གཟིགས་སྐོར་གནང་ནུག།སྤྱི་ཟླ་ ༣ པའི་ཚེས་ ༨ ལས་ མི་དབང་མཆོག་གི་ གཟིགས་སྐོར་ལས་རིམ་དེ་ འགོ་བཙུགས་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་ལུ་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ བདེ་སྲུངཔ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ འཕྱོག་ནིའི་དོན་ལས་ དམག་འཁྲུག་ལང་མིའི་ནང་ རྒྱལ་ཁབ་གཉིས་ཆ་ར་ལུ་གྱོང་རྒུད།

བི་བི་སི།   ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བཱག་མུཊ་འཕྱོག་ནིའི་དོན་ལས་ བརྩོན་ཤུགས་བསྐྱེད་དེ་ དམག་འཁྲུག་ལང་མིའི་ནང་ ཡུ་ཀེ་རེན་དང་ ར་ཤི་ཡའི་ རྒྱལ་ཁབ་གཉིས་ཆ་ར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ཨིན་པས། དེ་ཡང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེན་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཉིན་གྲངས་ དག་པ་ཅིག་གི་ ནང་འཁོད་ལུ་ར་ ར་ཤི་ཡའི་དམག་མི་ ༡,༡༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་འཚུབ་ཅན་སྦེ་ར་ བྱུང་ནུག་ཟེར་ཨིན་པས། ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ར་ ཡུ་ཀེ་རེན་གྱི་ དམག་མི་ ༢༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་རུང་ བི་བི་སི་ གནས་ཚུལ་ལས་སྡེའི་ ཁ་ཐུག་ལས་ བདེན་དཔྱད་འབད་མ་ཚུགས་ཟེར་བཀོད་ནུག། ར་ཤི་ཡའི་ དམག་མི་ཚུ་ བཱག་མུཊ་ཁྲོམ་སྡེའི་ ཉེ་འདབས་ལུ་ ལྷོད་ཡོདཔ་ད་ དེ་ཡང་ ཌོ་ནེཊཛ་ཟེར་མི་ ལུང་ཕྱོགས་དེ་ ར་ཤི་ཡ་གིས་ དབང་བཟུང་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 13 Today: 1872 Total visitors: 22003