ArchiveAboutContact

gyalchi

National News

ཞི་གཡོགཔ་ཚུ་གི་ དགོངས་ཞུའི་ལོ་ཚད་ ལོ་ངོ་ ༡ ལས་ ༣ ཚུན་ལུ་ཡར་སེང་།

པདྨ། སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཞི་གཡོགཔ་ཚུ་གི་ དགོངས་ཞུའི་ལོ་ཚད་དེ་ ལོ་ངོ་ ༡ ལས་ ༣ གྱི་བར་ན་ ཡར་སེང་འབད་ཡི་ཟེར་ཨིན་པས།དེ་ཡང་ བཀོད་ཁྱབ་དང་ མཁས་མཆོག་གི་ དབྱེ་ཁག་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༦༠ འབད་ས་ལས་ ༦༣ ལུ་དང་ ཁྱད་རིག་དང་ འཛིན་སྐྱོང་གི་ དབྱེ་ཁག་ནང་ སྐྱེས་ལོ་ ༥༨ འབད་ས་ལས་ ༦༠ ལུ་ ཡར་སེང་འབད་ནུག།དེ་བཟུམ་སྦེ་ ལྟ་སྐྱོར་དང་ རྒྱབ་སྐྱོར་དབྱེ་ཁག་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༥༨ འབད་ས་ལས་ ༥༩ ལུ་དང་ སྐྱེས་ལོ་ ༥༦ འབད་མི་དེ་ སྐྱེས་ལོ་ ༥༧ ལུ་ རིམ་པ་བཞིན་དུ་ ཡར་སེང་འབད་བའི་ཁར་ ལག་ལེན་དབྱེ་ཁག་ནང་ཡང་ སྐྱེས་ལོ་ ༥༧ ལུ་ […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ མཁའ་དམག་ཐོག་ལས་དྲག་བཅོམ།

བི་བི་སི། ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ཀྱིས་གཙོས་པའི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ མཁའ་དམག་ཐོག་ལས་ དྲག་བཅོམ་འབད་དེ་ མི་གྲངས་ ༡༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་མ་ཚད་ དབུས་ཕྱོགས་ཁྲོམ་སྡེ་ ཨུ་མཱན་ལུ་ཡང་ མི་ཛ་ཡེལ་ཚུ་བཏང་སྟེ་ སྡོད་ཁྱིམ་ཚུ་ལུ་ གནོད་སྐྱོན་དང་ མི་གྲངས་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་ཁ་ཐུག་ལས་ ར་ཤི་ཡ་ལུ་ དང་ལེན་འབད་དགོཔ་འདུག་ཟེར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུངས་ཡོདཔ་ཨིན་པས།ཀི་ཡིབ་ཁྲོམ་སྡེའི་ དམག་སྡེ་བདག་སྐྱོང་འགོ་འཛིན་གྱིས་ རྒྱལ་ཁབ་དེ་ནང་ དམག་འཁྲུག་འགོ་བཙུགས་ཏེ་ ཉིན་གྲངས་ ༥༡ གི་ ནང་འཁོད་ལུ་ ར་ཤི་ཡ་གིས་ རྒྱལ་ས་ཀི་ཡིབ་ལུ་ མི་ཛ་ཡེལ་ཐོག་ལས་ དྲག་བཅོམ་འབད་མི་དེ་ འགོ་དང་པ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 9 Today: 1870 Total visitors: 17306