ArchiveAboutContact

gyalchi

National News

བློན་པོ་ཀརྨ་རྡོ་གནོན་དབང་འདུས་ཀྱིས་ ཁས་བླངས་ཐོག་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ལས་དགོངས་ཞུ།

པདྨ་དབང་འདུས། ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ཞི་གཡོག་གཞི་སྒྱུར་དང་འཁྲིལ་ཏེ་ ལྷན་ཁག་ ༡༠ ཡོད་མི་དེ་ ལྷན་ཁག་ ༩ ལུ་ མར་ཕབ་འབདཝ་ལས་ ཧེ་མའི་བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ ཁས་བླངས་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ནང་ལས་ དགོངས་ཞུ་འབད་ནུག།དེ་ཡང་ བློན་པོ་ཀརྨ་རྡོ་གནོན་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ དེ་སྦེ་ དགོངས་ཞུ་འབད་མི་དེ་གིས་ གཞི་སྒྱུར་གསར་བཏོད་ཀྱི་ ལས་རིམ་ལུ་ གལ་གནད་ཆེ་བའི་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ངལ་རངས་ཡོད་ལུགས་དང་ ལས་སྡེ་ཁག་ཚུ་ མཉམ་བསྡོམས་དང་ ཆ་མེད་ དེ་ལས་ ལ་ལོ་ཅིག་ གསར་བཙུགས་འབད་མི་དེ་ རྒྱལ་ཁབ་ནང་ སྔར་ལས་ལྷག་པའི་ ཡར་འཕེལ་གྱི་དོན་ལུ་ཨིནམ་སྦེ་ བཤདཔ་ཨིན་པས།དེ་མ་ཚད་ རྒྱལ་ཁམས་ལུ་ ཕན་རླབས་ཆེ་བའི་ གཞི་སྒྱུར་དེ་ ནུས་རྩལ་ཅན་དང་ སྲ་བརྟན་ཡོདཔ་ བཟོ་ནིའི་ནང་ ང་བཅས་ག་ར་ མཐུན་སྒྲིག་ཅན་གྱི་ ཆ་ཤས་ཅིག་ཡང་ཨིན་ཟེར་བཤད་ནུག།བློན་པོ་ཀརྨ་རྡོ་གནོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ ནད་ཡམས་ཀྱི་ དུས་སྐབས་ནང་དང་ […]

gyalchi
World News

རྒྱ་གར་ཨཱན་ད་ར་པར་དེཤ་ལུ་ སློབ་ཕྲུག་ ༩ གིས་ རང་སྲོག་བཅད་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་མངའ་སྡེ་ ཨཱན་ད་ར་པར་དེཤ་ལུ་ ཆོས་རྒྱུགས་བཀོད་ཚོགས་ཀྱིས་ སློབ་རིམ་ ༡༡ པ་དང་ ༡༢ པའི་ ཆོས་རྒྱུགས་ཀྱི་ གྲུ་འབྲས་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ སློབ་ཕྲུག་ལེ་ཤ་ཅིག་གིས་ རང་སྲོག་བཅད་ནུག།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ ཆོས་རྒྱུགས་ཀྱི་ གྲུ་འབྲས་ཚུ་ གསལ་བསྒྲགས་འབད་དེ་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ ནང་འཁོད་ལུ་ སློབ་ཕྲུག་ ༩ གིས་ རང་སྲོད་བཅད་ཡོདཔ་མ་ཚད་ སློབ་ཕྲུག་གཞན་མི་ ༢ ཀྱིས་ཡང་ རང་སྲོག་བཅད་ནི་གི་ དཔའ་བཅམས་ཡོདཔ་ཨིན་པས།ཆོས་རྒྱུགས་དེ་ སློབ་ཕྲུག་འབུམ་ ༡༠ དེ་ཅིག་གིས་ ཕུལ་ཡོདཔ་ད་ ཆོས་རྒྱུགས་མཐར་འཁྱོལ་གྱི་ སྐུགས་ཚད་དེ་ སློབ་རིམ་ ༡༡ པའི་ ཆོས་རྒྱུགས་ནང་ ༦༡ དང་ སློབ་རིམ་ ༡༢ པའི་ ཆོས་རྒྱུགས་ནང་ ༧༢ ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 6 Today: 1831 Total visitors: 17267