ArchiveAboutContact

gyalchi

World News

ཡུ་ཀེ་རེན་གྱི་ ཌཱོན་བཱཛ་མངའ་སྡེའི་ནང་ ར་ཤི་ཡ་གིས་ རྫས་བམ་རྐྱབ་སྟེ་ མི་གྲངས་ ༦ དམར་བསད།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་མངའ་སྡེ་ ཌཱོན་བཱཛ་ཟེར་སར་ ར་ཤི་ཡ་གིས་ རྫས་བམ་བཀོག་སྟེ་ མི་གྲངས་ ༦ དམར་བསད་ནུག། དེ་ཡང་ བེལ་ཇི་ཡམ་གྱི་རྒྱལ་ས་ བུ་རུཛ་སེལཛ་ལུ་ ཡུ་རོ་པི་ཡན་ ཡུ་ནི་ཡན་ཟེར་མི་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་ བློན་པོའི་ཞལ་འཛོམས་ནང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ར་ཤི་ཡ་ལུ་ ཚོང་འབྲེལ་བཀག་དམ་འབད་མི་དེ་གིས་ ཕན་ཐོགས་ཡོདཔ་སྦེ་ བཤད་ནི་དེ་གིས་ཨིན་པས། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀི་གིས་ འཕྲལ་ཁམས་ཅིག་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ འགོདཔོན་གོངམ་ཅིག་ དགོངས་ཕོག་བཏང་སྟེ་ སྲུང་སྐྱོབ་གཙོ་འཛིན་ངོ་ཚབ་ཅིག་ཡང་ གསར་བསྐོས་འབད་ནུག། དེ་ལས་ ཡུ་ཀེ་རེན་གྱི་ ཌོ་ནེཛ་ཁྲོམ་སྡེའི་ནང་ ར་ཤི་ཡ་གིས་ སྟོབས་རྐྱབ་སྟེ་ སྒྲིང་ཁྱིམ་ཐོག་ ༢ འབད་མི་ཅིག་ སྟོར་བཏང་མིའིནང་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ རག་རོ་ཚུ་བརྐོ་སྟེ་ ས་རུག་རྡོ་རུག་འོག་ལས་ མི་རོ་ ༥ […]

gyalchi
World News

རྒྱ་གར་ལུ་ བཙན་ཁྲིད་འབད་ཡོད་པའི་ ཁ་ཉེས་བཀལ་མི་ ཡུ་ཨེཛ་གི་ ཨམ་སྲུ་ཅིག་འཛིན་འཟུང་།     

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ བཙན་ཁྲིད་འབད་ཡོད་པའི་ ཁ་ཉེས་བཀལ་ཏེ་ གཡོ་སྒྱུ་འབད་མི་ ཡུ་ཨེཛ་གི་ ཨམ་སྲུ་ཅིག་ རྒྱ་གར་གྱི་རྒྱལ་ས་ དིལ་ལི་ལུ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག། སྐྱེས་ལོ་ ༢༧ འབད་མི་ ཨམ་སྲུ་དེ་གིས་ དེ་བཟུམ་མའི་ གཡོ་སྒྱུ་འབད་མི་དེ་ཡང་ མོ་རའི་ལག་པར་ཡོད་མི་ ཏི་རུ་རྫོགས་སོང་ནི་དེ་གིས་ མོ་རའི་ཕམ་ལས་ ཏི་རུ་གཏང་ལེན་ནིའི་དོན་ལུ་ གཡོ་སྒྱུ་འབད་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ ཨམ་སྲུ་དེ་དང་ འབྲེལ་བ་ཡོད་མི་ ཨཕ་རི་ཀ་ ནའི་ཇི་རི་ཡ་ལས་ སྐྱེས་ལོ་ ༣༡ འབད་མི་ ཕོ་སྐྱེས་ཅིག་ཡང་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་དེ་གི་ ལམ་ཡིག་དང་ ཨམ་སྲུ་དེ་གི་ སྐྱོད་ཐམ་གྱི་ དུས་ཡུན་རྫོགས་སོངཔ་ལས་ ཆ་གནས་མེད་པའི་ ཡིག་ཆ་འཆང་སྟེ་ རྒྱ་གར་ལུ་ སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།   

gyalchi
National News

མི་དབང་ཞབས་ལས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསར་བསྐོས།

སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་ཅིག་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།དེ་ཡང་ བཟང་ལ་རྣམ་རྒྱལ་དེ་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མི་དབང་མཆོག་གི་ ཕྱག་སྒརཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།དེ་མ་ཚད་ དྲུང་ཆེན་བཟང་ལ་རྣམ་རྒྱལ་གྱིས་ ཞི་གཡོག་ནང་ ཕྱག་ཞུ་བའི་རིང་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ མདོ་ཆེན་འོགམ་དང་ ནང་སྲིད་ལྷན་ཁག་ནང་ སྒྲིག་ལམ་རྣམ་གཞག་གི་ འགོ་འཛིན་སྦེ་ཡང་ ཕྱག་ཞུ་ནུག།དེ་ལས་ བཀྲིས་ཆོས་འཛོམས་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

gyalchi
World News

ཀེ་ན་ཌ་ལུ་ ཕྱི་རྒྱལ་ལས་ལྷོད་མི་ཚུ་ ཀོ་ཝིཌ་གྱི་ བརྟག་དཔྱད་བསྐྱར་འཛུགས།

ཧིན་དུཛ་ཏཱན།ཀེ་ན་ཌ་ལུ་ ཕྱི་རྒྱལ་ལས་ལྷོད་མི་ཚུ་ གནམ་ཐང་ཁག་ ༤ གི་ནང་ ག་ཐོབ་སྦེ་ ནད་ཡམས་ཀོ་ཝིཌ་གི་ བརྟག་དཔྱད་འབད་ནི་ ལོག་སྟེ་ར་ འགོ་བཙུགས་ནུག།དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༩ ལས་ ཊོ་རཱོན་ཊོ་དང་ ཝེན་ཀོ་ཝཱར་ མཱོན་ཊེལ་ ཀེལ་ག་རེ་ གནམ་ཐང་ ༤ གི་ནང་ཡང་ ཕྱི་ཁ་ལས་ལྷོད་མི་ མཁའ་འགྲུལཔ་ཚུ་ གོ་རིམ་སྦེ་མིན་པར་ ག་ཐོབ་སྦེ་ ནད་ཡམས་ཀོ་ཝིཌ་ བརྟག་དཔྱད་འབད་དགོ་ཟེར་ཨིན་པས།དེ་མ་ཚད་ གདམ་ཁ་རྐྱབ་མི་ མཁའ་འགྲུལཔ་ཚུ་གིས་ ཅ་དམ་ཡིག་ཚང་ནང་ རྒྱུ་དངོས་ཚུ་ གསལ་སྟོན་འབད་བའི་ཤུལ་ལས་ སྐར་མ་ ༡༥ གི་ ནང་འཁོད་ལུ་ གློག་འཕྲིན་ཐོག་ལས་ བརྡ་ལན་འབད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་ལུ་ ཨམ་སྲུ་དམར་འབད་དེ་ ཁྲོ་ཟངས་ནང་བཙོ་ཡོདཔ།

ཧིན་དུཛ་ཏཱན།པ་ཀིཛ་ཏཱན་གྱི་ སིནཐ་མངའ་སྡེའི་ནང་ ཕོ་སྐྱེས་ཅིག་གིས་ བུ་གཞི་ ༦ གི་གདོང་ཁར་ ཁོ་རའི་གནས་ཚང་ བསད་ཞིནམ་ལས་ ཁྲོ་ཟངས་ནང་སྦེ་ བཙོ་ཡོདཔ་ཨིན་པས།དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ མོ་རའི་རྨགཔ་གིས་ དེ་སྦེ་ དམར་བསད་འབད་བའི་ཤུལ་ལུ་ ཨམ་སྲུ་ནར་གིཛ་གི་ཕུངམོ་དེ་ སྒེར་སྡེ་སློབ་གྲྭ་ཅིག་གི་ ཐབ་ཚང་ནང་ ཁྲོ་ཟངས་ཅིག་གི་ནང་ལས་ མཐོང་ཡོདཔ་སྦེ་བཀོད་ནུག།ཚེ་འདས་ཨམ་སྲུ་དེ་གི་རྨགཔ་ ཨ་ཤིག་དེ་ ས་གནས་བཱ་ཇ་འོར་ སྒེར་སྡེ་སློབ་གྲྭ་ཅིག་ནང་ སྲུང་རྒྱབ་སྦེ་ ལཱ་འབད་དེ་ སྡོད་ཡོད་རུང་ སློབ་གྲྭ་དེ་ ཟླ་ངོ་ ༨ དང་ ༩ གི་རིང་ལུ་ སྒོ་བསྡམས་བཞག་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ རྨགཔ་ཨ་ཤིག་དེ་ ཨ་ལོ་ ༣ ཁྱིད་དེ་ བྱོག་སོང་ཡོདཔ་སྦེ་ སྐྱེས་ལོ་ ༡༥ འབད་མི་ ཉམས་རྒུདཔ་བུམོ་ཅིག་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 10 Today: 1227 Total visitors: 16663