ArchiveAboutContact

gyalchi

World News

རྒྱ་ནག་གིས་ ནེ་པཱལ་གྱི་ ས་ཁོངས་ལེ་ཤ་ཅིག་ནང་ ཧམ་འཛུལ་འབད་ཡོད་པའི་ གྲོས་འཆར་སྙན་ཞུ། 

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ནེ་པཱལ་གྱི་ རཱཛ་ཊི་ཡ་ ཨེ་ཀ་ཏ་ ཨ་བྷི་ཡན་གྱི་ཁྲི་འཛིན་ བི་ནེ་ཡ་དེབ་ཀྱིས་ འགོ་ཁྲིད་ཐོག་ལུ་ འཐུས་མི་སྡེ་ཚན་ཅིག་གིས་ ནེ་པཱལ་གྱི་ ས་ཁོངས་ལེ་ཤ་ཅིག་ རྒྱ་ནག་གིས་ དབང་སྟེ་ཡོད་པའི་སྐོར་ལས་ གྲོས་འཆར་སྙན་ཞུ་ཅིག་ཕུལ་ནུག། དེ་ཡང་ ནེ་པཱལ་གྱི་རྒྱལ་ས་ ཀཱཋ་མཱན་ཌུ་ལུ་སྦེ་ ས་ཆ་འཛིན་སྐྱོང་དང་ དབུལ་ཕོངས་མར་ཕབ་ཀྱི་བློན་པོ་ ཤ་ཤི་ཤེ་རེཛ་ཐ་ལུ་ ཕུལ་ཡོདཔ་ད་ དེ་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ རུའི་ལ་ས་མཚམས་ཁར་ གོར་ཁ་ཆུ་མ་ནུ་བི་རི་ གྲོང་གསེབ་ཁྲོམ་སྡེ་-༡ པའི་ནང་ཡང་ རྒྱ་ནག་གིས་ བཙན་འཛུལ་ཐོག་ལུ་ ནེ་པཱལ་དང་ གྲོས་བསྟུན་ཙམ་ཡང་མེད་པར་ རཝ་བསྒོར་ཏེ་ཡོད་པའི་སྐོར་ལས་ཡང་ བཀོད་ཡོདཔ་ཨིན་པས། ད་རུང་ རྒྱ་ནག་གིས་ རུའི་ལ་ས་མཚམས་རྩིས་ཏེ་ ནེ་པཱལ་དང་ རྒྱ་ནག་གི་ ས་མཚམས་ས་ཁོངས་ གཞན་ལས་ཕར་ཡང་ ཧམ་འཛུལ་འབད་དེ་ཡོདཔ་ད་ དེ་སྦེ་ ཧམ་འཛུལ་འབད་མི་དེ་ འཛམ་གླིང་རྒྱལ་ཡོངས་ཀྱི་ ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ གྲོས་འཆར་སྙན་ཞུ་ནང་བཀོད་ནུག། དེ་བཟུམ་མའི་ བྱ་ངན་འབད་མི་དེ་གིས་ རྒྱལ་ཁབ་ ༢ […]

gyalchi
National News

གསོ་བའི་བློན་པོ་གིས་ ཐིམ་ཕུ་ལུ་ ནད་བརྟག་འཕྲུལ་ཆས་ཚུ་འགོ་འབྱེད། 

སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ གསོ་བའི་བློན་པོ་ དྲགོས་བདེ་ཆེན་དབང་མོ་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་གཞི་བད་ཀན་དང་ ཕྲ་འབུབ་ལ་སོགས་པའི་ ནད་རིགས་མ་འདྲཝ་ཚུ་ བརྟག་དཔྱད་འབད་མི་ འཕྲུལ་ཆས་གསརཔ་ལེ་ཤ་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ཚུ་ འགོ་འབྱེད་མཛད་ནུག། དེ་ཡང་ ཧེ་མའི་འཕྲུལ་ཆས་ཚུ་གིས་ ནད་རིགས་བརྟག་དཔྱད་འབདཝ་ད་ དུས་ཡུན་ཆུ་ཚོད་ ༡༨ དང་ ༢༤ གི་བར་ན་ འགོརཝ་ཨིན་རུང་ ད་རེས་ གཞི་བཙུགས་འབད་མི་ ནད་རིགས་བརྟག་དཔྱད་ འཕྲུལ་ཆས་གསརཔ་ཚུ་གིས་ དུས་ཡུན་ཆུ་ཚོད་ ༥ དང་ ༡༠ གྱི་བར་ན་ གྲུབ་འབྲས་འཐོན་ཚུགསཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
World News

རྒྱ་ནག་གི་ མཚོ་འགྲམ་ཁྲོམ་སྡེ་ཅིག་ནང་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ལས་ བལྟ་བཤལཔ་ཚུ་ ཐོགས་ལུས་ཡོདཔ།

བི་བི་སི། རྒྱ་ནག་གི་ མཚོ་འགྲམ་ཁྲོམ་སྡེ་ཅིག་ནང་ ནད་ཡམས་ཀོ་ཝིཌ་དེ་ གློ་བུར་དུ་ཡར་འཕར་སོང་སྟེ་ འགྲོ་འགྲུལ་བཀག་དམ་འབདཝ་ལས་ བལྟ་བཤལཔ་ ༢,༠༠༠ ལྷགཔ་ཅིག་ ཐོགས་ལུས་ཡོདཔ་ཨིན་པས། དེ་བཟུམ་སྦེ་ བེ་ཧའི་ཁྲོམ་སྡེ་ནང་ཡང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ལས་ ཁྲོམ་སྡེ་དེ་ནང་ མི་རློབས་ས་ཡ་ ༡.༩ ཡོད་མི་ཚུ་ག་ར་གིས་ ནད་ཡམས་ཀོ་ཝིཌ་ བརྟག་དཔྱད་འབད་དགོཔ་སྦེ་ འགོ་དཔོན་ཚུ་གིས་ བཀོད་རྒྱ་བྱིན་ནུག། དེ་ཡང་ རྒྱ་ནག་གིས་ ནད་ཡམས་ཀོ་ཝིཌ་དེ་ རྩ་མེད་གཏང་ནི་གི་ སྲིད་བྱུས་ཡོད་མི་དེ་ལུ་ གནོད་ཉེན་ཆེ་ནི་ཨིན་པའི་ ཚ་གྱང་ལང་མི་ལུ་བརྟེན་ཏེ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ཨིན་པས། ད་རུང་ བེ་ཧའི་ས་གནས་གཞུང་གིས་ སླབ་མི་དང་འཁྲིལཝ་ད་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཚུ་དང་གཅིག་ཁར་ འབྲེལ་བ་མ་འཐབ་མི་དང་ ཉེན་ཁ་ཆེ་བའི་ ས་ཁོངས་ནང་སོང་སྟེ་ བརྟག་དཔྱད་འབད་མི་ བལྟ་བཤལཔ་ཚུ་ ནད་ཡམས་ཀོ་ཝིཌ་ མ་ཐོབ་པའི་ རྟགས་མཚན་བྱུང་མི་ཚུ་ ལོག་གཏང་ནི་ཨིན་ཟེར་ སླབ་ཡོད་རུང་ བལྟ་བཤལཔ་གཞན་མི་ཚུ་ ས་གནས་དེ་ཁ་ར་ ཟུར་བཞག་ནང་ སྡོད་དགོ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།  

gyalchi
Online now: 6 Today: 1291 Total visitors: 16727