ArchiveAboutContact

gyalchi

National News

ཡུ་ནའེ་ཊེཌ་ ཀིང་ཌོམ་གི་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་ གཤགས་མིའི་དོན་ལུ་ མར་མེ་སྟོང་མཆོད།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ ༢ ཀྱིས་ བསམ་རྩེ་ལུ་ ཡུ་ནའེ་ཊེཌ་ ཀིང་ཌོམ་གི་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་ ཞིང་ཕེབས་མིའི་དོན་ལུ་ མར་མེ་སྟོང་མཆོད་ ཕུལ་གནང་ནུག།དེ་བསྒང་ དམིགས་བསལ་གྱི་ མར་མེ་སྨོན་ལམ་གནང་སར་ མི་རྗེ་བློན་ཆེན་དང་ གཞུང་གི་འགོ་དཔོན་ཚུ་ དེ་ལས་ བསམ་རྩེའི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ད་ དུས་སྐབས་རྩ་ཅན་དེ་ཁར་ བྱིན་གྱིས་བརླབས་ཐབས་ལུ་ གུ་རུ་རིན་པོ་ཆེ་དང་ ཞབས་དྲུང་རིན་པོ་ཆེའི་ མཐོང་གྲོལ་ཚུ་ཡང་ མཇལ་ཁ་གནང་ཡོདཔ་ཨིན་པས།ཐིམ་ཕུ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་རྭ་ཆེན་མོའི་ནང་ མར་མེ་སྟོང་མཆོད་དང་ སྨོན་ལམ་ཚུ་ གནང་ཡོདཔ་མ་ཚད་ གཞུང་གི་དཔོན་ཁག་ཚུ་དང་ འབྲུག་ལུ་ཡོད་མི་ ཕྱི་རྒྱལ་གྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།མི་དབང་རྒྱལམོ་ ཞིང་ཕེབས་ལུ་ གུས་བཏུད་ཞུནིའི་དོན་ལས་ འབྲུག་གི་རྒྱལ་དར་དེ་ཡང་ ཕྱེད་ཀ་སྦེ་ འཕྱར་ཡོདཔ་ད་ མི་དབང་མཆོག་གི་ བཀའ་རྒྱ་ལྟར་དུ་ རྒྱལ་ཁབ་མཐའ་དབུས་ཀྱི་ རྫོང་གཞི་དང་ ལྷ་ཁང་དང་ […]

gyalchi
National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷོ་མཚམས་རྫོང་ཁག་ཚུ་ནང་གཟིགས་སྐོར།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་མཚམས་རྫོང་ཁག་ཚུ་ནང་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཚུ་ཡང་ ཕྱག་ཞུ་སྟེ་ བྱོན་ཡོདཔ་བཞིན་དུ་ སྤྱི་ཟླ་ ༩ པའི་ཚེས་ ༧ ལུ་ ཕུན་ཚོགས་གླིང་ལུ་ ཕེབས་གནང་ནུག།དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ཚུ་ ཕུན་ཚོགས་གླིང་ལུ་ བྱོན་པའི་ལམ་ཁར་ དགེ་འདུ་ཚོང་རིག་ མཐོ་རིམ་སློབ་གྲྭའི་ནང་ གཟིགས་སྐོར་གནང་ཡོདཔ་མ་ཚད་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ནང་ཡང་ གཟིགས་སྐོར་གནང་ཡོདཔ་ཨིན་པས།མཐོ་རིམ་སློབ་གྲྭ་དེ་ཚུའི་ནང་ སློབ་ཚོགས་དང་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་པའི་སྐབས་ལུ་ མི་དབང་མངའ་ཞབས་མཆོག་གིས་ ང་བཅས་རའི་ མཐོ་རིམ་སློབ་གྲྭ་ཁག་གི་ མདུན་ལམ་དེ་ སློབ་ཕྲུག་ཚུ་ འཛམ་གླིང་ནང་ གྲ་སྒྲིགས་ཡོདཔ་ བཟོ་ནི་དང་ དེ་ཡང་ སློབ་ཕྲུག་ཚུ་ ལོངས་སྤྱོད་དང་ལྡནམ་ བཟོ་ཐབས་ལུ་ རྒྱལ་སྤྱིའི་ཚོང་ལམ་ནང་ དོ་འགྲན་འབད་ཚུགསཔ་ བཟོ་ནི་དེ་ཨིན་ཟེར་ གསུངས་གནང་ནུག།ང་བཅས་རའི་ སློབ་ཕྲུག་ཚུ་ ཁྱད་དུ་འཕགསཔ་ འགྱུར་ཚུགས་ནིའི་དོན་ལས་ གོ་སྐབས་དང་ གནས་སྟངས་ཚུ་ གསར་བཏོད་འབད་བའི་བསྒང་ཡོད་རུང་ གཙོ་བོ་ […]

gyalchi
National News

ཡུ་ནའེ་ཊེཌ་ ཀིང་ཌོམ་གི་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་ གཤགས་མིའི་དོན་ལུ་ མར་མེ་སྟོང་མཆོད།

རྡོ་རྗེ་དབང་ཕྱུག།རྒྱལ་པོའི་ཡིག་ཚང་གི་ འགོ་འདྲེན་ཐོག་ལུ་ འབྲུག་རྒྱལ་ཁབ་ནང་ གི་རེཌ་བི་རི་ཊིན་དང་ བྱང་ཕྱོགས་ཨར་ལེན་གྱི་ མི་དབང་རྒྱལམོ་ ཨེ་ལི་ཟ་བེཐ་ ༢ པ་གཤགས་མིའི་ མྱ་ངན་བརྩི་སྲུང་དང་འབྲེལ་ཏེ་ རྫོང་ཁག་རའི་ནང་ དཀར་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་གནང་ཡོདཔ་མ་ཚད་ འབྲུག་གི་རྒྱལ་དར་ཡང་ ཕྱེད་ཀར་ཕབ་སྟེ འཕྱར་ཡོདཔ་ཨིན་པས།བཀྲིས་ཆོས་རྫོང་ནང་ དཀར་མེ་སྟོང་མཆོད་ཕུལ་བའི་ ལས་རིམ་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་པོ་ལྷན་རྒྱས་་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ དེ་ལས་ ཐིམ་ཕུ་ལུ་ཡོད་མི༌ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ནུག།དེ་ལས་ སེམས་རྟོགས་ཁ་དང་ ལྕང་སྒང་ཁའི་ལྷ་ཁང་ནང་ དཀར་མེ་སྟོང་མཆོད་ཕུལ༌བའི༌ ལས་རིམ་ནང༌ཡང་ བློན་པོ་ལྷན་རྒྱས༌དང་ གཞུང་གི་ཆེ་མཐོའི༌འགོ་དཔོན་ཚུ་གིས་ བོཅའ་མར་གཏོགས་ཡོདཔ་ཨིན་པས།མི་དབང་རྒྱལམོ༌ ཨེ་ལི་ཟ་བེཐ་མཆོག་ དགུང་ལོ་ ༩༦ ལུ་ སི་ཀོཊ་ལེན་གྱི་ བཱལ་མོ་རཱལ་གྱི་ བཙན་རྫོང་ནང་ལུ་སྦེ་ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༨ ལུ་ མི་ལོ་ ༧༠ རྒྱལ་ཁབ་སྐྱོང་བའི་ཤུལ་ལས་ གཤགས་ཡོད་པའི་གནས་ཚུལ།

gyalchi
National News

ངང་ལམ་དང་ བདེ་བ་ཐང་གི་མར་ན་ འཁོར་ལམ་བསལ་ནི་གི་ འགོ་འབྱེད་རྟེན་འབྲེལ།

རྡོ་རྗེ་དབང་ཕྱུག།སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༦ ལུ་ ངང་ལམ་དང་ བདེ་བ་ཐང་གི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་ ༦༨ འབད་མི་ བསལ་ནིའི་དོན་ལས་ ཌན་ཊག་ལས་འགུལ་གྱི་ འགོ་འདྲེན་ཐོག་ལུ་ ངང་ལམ་ལུ་སྦེ་ འགོ་འབྱེད་རྟེན་འབྲོལ་ བརྩི་སྲུང་འབད་ནུག།དེ་སྦེ་ འབྲུག་གི་ཤར་ཕྱོགས་ཁ་ཐུག་ལུ་ ག་ནི་བ་ གནད་གལ་ཆེ་བའི་ ལས་འགུལ་འདི་ནང་ འཁོར་ལམ་ཀི་ལོ་མི་ཊར་ ༢༤ དེ་ཅིག་གི་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནིའི་དོན་ལུ་ སྔོ་ལྗང་དང་ལྡན་པའི་ ས་གཞི་ཚུ་ནང་ འཕྲང་ལམ་གྱི་དོན་ལུ་ འཕྲུལ་ཆས་བསྐྱལ་ནི་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།དེ་བསྒང་ སྐུ་མགྲོན་གཙོ་བོ་སྦེ་ ལས་གཡོག་བློན་པོ་ ཀརྨ་རྡོ་རྗེ་དང་ ཌན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མདོ་འཛིན་ཇཱཛ་ཝིན་ཌར་ སིང་གིས་གཙོས་པའི་ ལས་གཡོག་ལྷན་ཁག་ནང་ལས་ འགོ་དཔོན་ ༣༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ད་ བླམ་གནས་བརྟན་མཆོག་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ ས་བླངས་རྟེན་འབྲེལ་མཛད་ནུག།འགོ་འབྱེད་རྟེན་འབྲེལ་དེ་ ཌན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཀྲིན་ལེགས་སོའི་ གསལ་བཤད་དང་བཅསཔ་སྦེ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

gyalchi
National News

རྒྱ་པཱན་གཞུང་གིས་ བློན་པོ་དར་མགོ་ཚེ་རིང་ལུ་ གཟེངས་བསྟོད་རྟགས་མ།

རྡོ་རྗེ་དབང་ཕྱུག།རྒྱ་པཱན་གཞུང་གིས་ བློན་པོ་དར་མགོ་ཚེ་རིང་ལུ་ རའི་ཛིང་སཱན་གཱོལ་ ཨེན་ སིལ་ཝར་སི་ཊར་ཟེར་མི་ གཟེངས་བསྟོད་རྟགས་མ་ གནང་ཡོད་མི་དེ་ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཐིམ་ཕུར་སྦེ་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ ས་ཏོ་ཤི་ སུ་ཟུ་ཀི་གིས་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ འཛོམས་ཐོག་ལུ་སྦེ་ རྩིས་སྤྲོད་འབད་ནུག།དེ་ཡང་ བློན་པོ་དར་མགོ་ཚེ་རིང་མཆོག༌ རྒྱ་པཱན་ལུ་ འབྲུག་གི་གཞུང་ཚབ་སྦེ་ ཕྱག་ཞུ་བའི་སྐབས་ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མཐུན་ལམ་དམ་ཟབ་སྦེ་ གཞི༌བཙུགས༌འབད་བའི༌ བཀྲིན་དགའ༌ཚོར༌ རྗེས་སུ་དྲན༌ནིའི༌དོན༌ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་ནང་ གནང་ནི་སྦེ་ཨིན༌རུང༌ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ཏེ་ ལུས༌ཡོདཔ༌ད་ རྒྱ་པཱན་གཞུང་གིས་ འབྲུག་མི་ལུ་ དེ༌བཟུམ༌མའི་ གཟེངས་བསྟོད་རྟགས་མ་ གནང་མི་དེ་ འགོ་དང་པ་ཨིན་པས།རྟགས་མ་དེ་ རྒྱ་པཱན་གྱི་ རྒྱལ་ཆེན་མཆོག་གིས་ རྒྱ་པཱན་གྱི་ ནང་མི་དང་ རྒྱལ་ཁབ་གཞན་གྱི་མི་ གཟེངས་ཐོན་བྱུང་མི་དང་ ལཱ་མཆོག༌ཏུ༌འགྱུར༌པ༌འབད༌མི༌ཚུ༌ལུ༌ གནང་སྲོལ་ཡོདཔ་ཨིན༌པས།བློན་པོ་དར་མགོ་ཚེ་རིང་འདི་ རྒྱ་པཱན་ལུ་ […]

gyalchi
World News

ཡུ་ཀེ་རེན་གྱི་མངའ་སྡེ་ ཁར་ཀིབ་ཟེར་ས་ལས་ ར་ཤི་ཡའི་ དམག་མི་ཚུ་ ཕྱིར་གཏོན་འབད་ནི།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་མངའ་སྡེ་ ཁར་ཀིབ་ཟེར་ས་ལས་ ར་ཤི་ཡའི་ དམག་མི་ཚུ་ ཕྱིར་གཏོན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ ཡུ་ཀེ་རེན་གྱི་ ལྷོ་ཁ་ཐུག་ལུ་ཡོད་མི་ ཁྲོམ་སྡེ་སྦོམ་ཤོས་ ༢ པ་ ཁར་ཀིབ་དེ་ ར་ཤི་ཡ་གིས་ བཙན་དབང་འབད་དེ་ ཟླཝ་ ༧ མ་ལངམ་ཅིག་ཁར་ ཡུ་ཀེན་གྱི་ དམག་མི་ཚུ་གིས་ ལོག་ལེན་ནི་ལུ་ མཐར་འཁྱོལ་བྱུང་ནི་དེ་གིས་ཨིན་པས།དེ་མ་ཚད་ ཡུ་ཀེ་རེན་གྱི་ ཌོ་ནེཊཛ་མངའ་སྡེའི་ བ་ལ་ལི་ཡ་དང་ ཨིཛ་ཡུམ་ས་གནས་ནང་ ར་ཤི་ཡའི་ དམག་མི་ཚུ་ ལོག་སྟེ་ར་ སྡེ་ཚན་བཟོ་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱཛ་ཊེ་ལི་ཡ་ལུ་ སྐྱབས་བཅོལ་བ་ཚུ་གིས་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་དགོ་པའི་ ཨུ་ཚུགས་སྐྱེད་ཡོདཔ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༩ ལུ་ ཨཱཛ་ཊེ་ལི་ཡར་ཡོད་མི་ སྐྱབས་བཅོལ་བ་ཚུ་གིས་ ཟླ་ངོ་ ༣ ལས་ མ་འགྱོ་མི་ གཞུང་གསར་པའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནེཛ་ལུ་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་དགོ་པའི་ ཨུ་ཚུགས་སྐྱེད་ཡོདཔ་ཨིན་པས།དེ་ཡང་ བློན་ཆེན་གྱིས་ ཟླ་ངོ་ ༣ གྱི་ཧེ་མར་ ཁྱེད་ཆ་ཁྱབ་ དཔེ་ཆ་ལྷབ་ཞིནམ་ལས་ ལཱ་འབད་དེ་ མི་ཚེ་སྐྱིད་ཏོང་ཏོ་སྦེ་ སྐྱོང་ཐབས་ལུ་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་ནི་ཟེར་ ཁས་བླངས་འབད་མི་དེ་ སྒྲུབ་དགོཔ་སྦེ་ཨིན་པས།དེ་བསྒང་ སྐྱབས་བཅོལ་བ་ ༡,༠༠༠ ལྷགཔ་ཅིག་དང་ རྩོད་ཚབ་པ་ དེ་ལས་ སྲིད་བྱུས་དང་ མི་སྡེའི་འགྱུར་བ་ལུ་ བརྩོན་ཤུགས་སྐྱེད་མི་ཚུ་ ཚོགས་ཁང་གི་གདོང་ཁར་ སྤུངས་འཛོམས་འབད་དེ་ ཨུ་ཚུགས་རྐྱབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 2 Today: 141 Total visitors: 22337