ArchiveAboutContact

gyalchi

National News

ལུང་བསྟན་ཕུག་ལུ་ མེ་རྐྱེན་བྱུང༌སྟེ་ དམག༌སྡེའི༌བཟའ་ཚང་ ༩༡ ལུ༌ སྡོད་ཁྱིམ་མེདཔ༌བཟོ་ཡོདཔ།

སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ ཐིམ་ཕུ་ལུང་བསྟན་ཕུག་གི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ཐང་གི་ ལྟག་ལུ་ཡོད་མི་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ སྡོད་ཁྱིམ་ས་ཁོངས་ནང་ མེ་རྐྱེན་བྱུང་སྟེ་ ཁང་ཚན་ ༩༡ དེ༌ཅིག༌ ཚིགས་ཡོད་མིའི་ནང་ལས་ ཅ་ཆས་ཚུ་ ག་ནི་ཡང་ མ་ཐོབ་སྟེ་འབད་རུང་ མི་ལུ་ གནོད་སྐྱོན་ཚུ་ མ་བྱུངམ་ཨིན་པས། .དེ་བསྒང་ ས་གནས་དེ་ཁའི་མི་ཚུ་ ལུང་བསྟན་ཕུག་ རྐང་རིལ་རྩེད་ཐང་ནང་ ལྟདམོ་བལྟ་བར་ འགྱོ་སྡོད་པའི་བར་ན་ ཁང་ཚན་ཅིག་གི་ནང་ལས་ མེ་འབར་མི་དེ་གིས་ སྐར་ཆ་དག་པ་ཅིག་གི་ནང་ར་ ཁང་ཚན་གཞན་ཚུ་ནང་ དར་ཁྱབ་སོང་ནུག།གནས༌སྐབས༌ཀྱི༌ སྡོད་ཁྱིམ་ཚུ་ཡང་ ཤིང་སྲབ་ལེབ་ཀྱིས་ བཟོ་སྟེ་ཡོདཔ་ལས་ མེ་དེ་འཇམ་ཏོང་ཏོ་སྦེ་ འཕྱེལ་སོང་ཡོདཔ་ད་ མེ་རྐྱེན་དེ་ཡང་ གློག་མེའི་བརྒྱུད་ཐག་ལུ་ སྐྱོན་ཞུགས་ཏེ་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།མེ་རྐྱེན་བྱུང་སར་ མཐོང་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ཐབ་རླུང་རྒྱ་རྫི་ཅིག་ གས་ཐོག་ལས་ སྡོད་ཁྱིམ་གཞན་ཚུ་ལུ་ ཁྱབ་སྤེལ་སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ རླུང་མ་ཤུགས་སྦེ་ འཕུ་ནི་དེ་གིས་ མེ་བསད་ནི་ལུ་ བར་ཆད་རྐྱབ་ཅི་ཟེར་ཨིན༌པས།དེ༌མ༌ཚད༌ […]

gyalchi
National News

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ གློག་ཤུགས་འགྲུལ་འཁོར་ ༡༦ རྩིས་སྤྲོད།

ནོར་བུ་བཟང་མོ། རྒྱ་པཱན་གཞུང་དང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ འབྲུག་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡.༡ གི་ ཆ་ཤས་ལས་རིམ་ཐོག་ལས་ གློག་ཤུགསའགྲུལ་འཁོར་ ༡༩ ལས་ འགྲུལ་འཁོར་ ༡༦ རྩིས་སྤྲོད་འབད་ནུག།དེ་ཡང་ རྒྱལ་ཁབ་ནང་ དུག་རླུང་ཀླད་ཀོར་ བཟོ་ནི་དང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གདོང་ལེན་གྱི་ གྲ་སྒྲིག་ལུ་ཨིནམ་ད་ གློག་ཤུགས་འགྲུལ་འཁོར་ ༡༦ པོ་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ལྷོད་ཡོདཔ་མ་ཚད་ སྣུམ་འཁོར་ལྷག་ལུས་ ༣ པོ་ཡང་ འཕྲལ་མགྱོགས་ར་ ལྷོད་ནི་ཨིན་པས།འགྲུལ་འཁོར་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གནས་བཞུགས་སྐུ་ཚབ་ མོ་ཧ་མཱཊ་ ཡོ་ནུཛ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་ལུ་ རྩིས་སྤྲོད་འབད་ནུག།འགྲུལ་འཁོར་ཚུ་གིས་ ལོ་བསྟར་བཞིན་དུ་ དུག་རླུང་ཀི་ལོ་ག་རམ་ ༥,༥༠༠ དེ་རེ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་ད་ ལས་འགུལ་གྱི་ཐོག་ལས་ འགྲུལ་འཁོར་བསྐྱར་གསོ་ལྟེ་བ་ ༨ རྐྱབ་ནི་གི་ ལས་རིམ་ཡང་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ དམག་སྦྱོང་ནང་ བརྩོན་ཤུགས་བསྐྱེད་དགོ་པའི་བཀའ་བསྐུལ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དམག་འཁྲུག་ངོ་མའི་སྐབས་ལུ་ གདོང་ལན་དང་ བཀག་དམ་གྱི་དོན་ལས་ དགོས་མཁོ་ཆེ་བའི་ དམག་སྦྱོང་ཚུ་ སྔར་བ་ལྷགཔ་སྦེ་ བྱིན་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ད་ དེ་ཡང་ སྲིད་འཛིན་གྱིས་ ཀྲོབ་མདའ་རྐྱབ་ནི་གི་ དམག་སྦྱོང་ཅིག་ནང་ བལྟ་རྟོག་འབད་བའི་ཤུལ་ལས་ གནང་ཡོདཔ་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ བྱང་ཀོ་རི་ཡ་གིས་ རྒྱང་ཐུང་མི་ཛ་ཡེལ་ཅིག་ ནུབ་ཕྱོགས་མཚོ་འགྲམ་ཅིག་གི་ནང་ལས་ མོ་བཏབ་ཀྱི་དོན་ལུ་ བཏང་ཡོདཔ་ད་ ལྷོ་ཀོ་རི་ཡའི་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ས་གནས་དེ་ཁ་ལས་ མི་ཛ་ཡེལ་ ལེ་ཤ་ཅིག་ར་ བཏང་ཡོད་པའི་ དོགས་པ་ཡོདཔ་ལས་ བརྟག་ཞིབ་འབད་དོ་ཟེར་ཨིན་པས།བྱང་ཀོ་རི་ཡའི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ དམག་འཁྲུག་ངོ་མའི་ གདོང་ལན་འབད་ཐབས་ལུ་ ལྕོགས་གྲུབ་འགྲེམ་སྟོན་གྱི་ དམིགས་གཏད་ཐོག་ལས་ རྒྱ་མཚོའི་ནང་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ བཏང་ཡི་ཟེར་ཨིན་པས།སྲིད་འཛིན་ཀིམ་གྱིས་ དང་པར་དུ་ དམག་འཁྲུག་བཀག་ཐབས་ལུ་དང་ གཉིས་པ་ […]

gyalchi
World News

རྒྱ་ནག་ལུ་ ཛི་ཇིན་པིང་གིས་ སྲིད་འཛིན་གྱི་ གནས་ཡུན་ཐེངས་ ༣ པའི་ རྒྱལ་ཁ་ཐོབ་ཡོདཔ།

རོའི་ཊརཛ། རྒྱ་ནག་ལུ་ དབང་ཤུགས་ཆེ་བའི་འགོ་ཁྲིདཔ་ མའོ་ཟེ་དོང་གི་ཤུལ་ལས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་དེ་ དབང་ཤུགས་ཆེ་བའི་ སྲིད་འཛིན་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ སྲིད་འཛིན་གྱི་ ལོ་ལྔའི་གནས་ཡུན་ ཐེངས་གསུམ་པའི་ནང་ལས་ རྒྱལ་ཁབ་ཐོབ་ནུག།སྐྱེས་ལོ་ ༦༩ འབད་མི་ ཛི་ཇིན་པིང་དེ་ རྒྱལ་ཡོངས་མི་སེར་ཚོགས་པ་ ནེ་ཤ་ནཱལ་པི་པཱལཛ་ ཀོང་གེ་རེཛ་གི་ སྤྱི་ཚོགས་ནང་ལས་ འཐུས་མི་ ༣,༠༠༠ མགྲིན་གཅིག་གི་ཐོག་ལས་ རྒྱ་ནག་གི་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ དེ་བསྒང་ སྲིད་འཛིན་གྱི་དོན་ལས་ འདེམས་ངོ་གཞན་ ག་ཡང་མ་ཐོནམ་ཨིན་པས།དེ་ལས་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ གོ་གནས་མཐོ་ཤོས་ཚུ་གི་དོན་ལས་ མི་ངོམ་ཚུ་ བསྐོ་བཞག་འབད་ནི་དང་ འཛམ་གླིང་ནང་ དཔལ་འབྱོར་གྱི་ གནས་ཚད་ཨང་ ༢ པ་ཨིན་མི་ རྒྱ་ནག་གི་ འགོ་ཁྲིད་ཨང་ ༢ པ་སྦེ་ ལི་ཀི་ཡང་ཟེར་མི་ བསྐོ་བཞག་འབད་ནི་ཨིན་པས་ཟེར་ […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ལག་ལེན།

བི་བི་སི། ཡུ་ཀེ་རེན་གྱི་ ས་ཁོངས་ཚུ་ནང་ ར་ཤི་ཡ་གིས་ ནུས་ཤུགས་ཅན་གྱི་ མཚོན་ཆ་དང་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་སྟེ་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ འདས་པའི་བདུན་ཕྲག་ཚུ་ནང་ གནོད་སྐྱོན་བྱུང་མི་ཚུ་གི་གྲས་ལས་ འཚུབས་ཅན་ཅིག་ཨིན་པ་ལུ་བརྟེན་ཏེ་ ཡུ་ཀེ་རེན་གྱི་ ས་ཁོངས་ཟ་པོ་རི་ཞི་ཡ་ལུ་ཡོད་མི་ ཡུ་རོབ་ལུང་ཕྱོགས་ཀྱི་ རྡུལ་ཕྲན་ནུས་ཤུགས་ འཕྲུལ་ཁང་སྦོམ་ཤོས་ཀྱི་ གློག་མེ་དེ་ མེདཔ་བཏང་ཡོད་རུང་ བསྐྱར་གསོ་འབད་ཚུགས་ནུག།སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་དང་སྦྲགས་ཏེ་ མཁའ་ཐོག་དང་ རྒྱ་མཚོ་ དེ་ལས་ ས་ཐོག་རྒྱང་རིང་མཚོན་ཆ་ཚུ་གིས་ ཡུ་ཀེ་རེན་གྱི་ དྲག་པོའི་གཞི་རྟེན་མཁོ་ཆས་ གཙོ་བོ་ཚུ་ལུ་ ཕོག་ཅི་ཟེར་ཨིན་པས།ར་ཤི་ཡ་གིས་ ལག་ལེན་འཐབ་མི་ ཨི་རཱན་ལུ་ བཟོ་བསྐྲུན་འབད་མི་ དམག་འཐབ་གནམ་གྲུ་ཆུང་བ་ ཌཱོན་ ༤ དང་ མི་ཛ་ཡེལ་ ༣༤ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ཕབ་བཏང་ཡོདཔ་སྦེ་ བཤད་ཡོད་རུང་ མགྱོགས་ཤུགས་ཅན་གྱི་ […]

gyalchi
Online now: 12 Today: 2066 Total visitors: 24262