ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

National News

རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལས་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ རྒྱལ་སྤྱིའི་སྒོ་ར་ཚུ་ སྒོ་བསྡམ་ནི།

སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷོ་ཕྱོགས་ཁ་ཐུག་གི་ རྒྱལ་སྤྱིའི་སྒོ་ར་ཚུ་ སྒོ་བསྡམ་ནི་ཨིན་ཟེར་ ནང་སྲིད་ལྷན་ཁག་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཕྱི་རོའི་ཆུ་ཚོད་ ༦ ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ གི་ ཕྱི་རོའི་ཆུ་ཚོད་ ༦ ཚུན་འབདཝ་ད་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ རྒྱལ་སྤྱིའི་སྒོ་ར་ཚུ་ག་ར་ སྒོ་བསྡམ་ནི་ཨིནམ་ལས་ ཕན་ཚུན་འགྲོ་འགྲུལ་འབད་མི་ཚུ་ག་ར་ གོང་གསལ་དུས་ཚོད་ཁར་ འགྲོ་འགྲུལ་འབད་མ་གནང་ཟེར་ གསལ་བསྒྲགས་ནང་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ཕྱད་མདའི་གནམ་གྲུ་ཆུང་བ་ ཌཱོན་ལག་ལེན།

སི་ཨེན་ཨེན། སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ ཕྱད་མདའི་གནམ་གྲུ་ཆུང་བ་ ཌཱོན་ལེ་ཤ་ཅིག་ ལག་ལེན་འཐབ་ཐོག་ལས་ གནོད་འཚུབ་བཀལ་ནུག།དེ་ཡང་ ར་ཤི་ཡ་གིས་ ཕྱོགས་ ༢ ལས་སྦེ་ གནམ་གྲུ་ཆུང་བ་ ཌཱོན་ ༧༥ དེ་ཅིག་ བཏང་མིའི་གྲས་ལས་ ༧༡ ཡུ་ཀེ་རེན་གྱི་ མཁའ་དབྱིངས་སྲུང་སྐྱོབ་ཀྱིས་ བཀག་ཚུགས་ཡོདཔ་ཨིན་པས།དེ་བསྒང་ ཡུ་ཀེ་རེན་གྱིས་ མི་ཛ་ཡེལ་དང་ ཐབས་བྱུས་ཅན་གྱི་ མཁའ་དབྱིངས་ལས་དོན་ དེ་ལས་ གློག་ཐོག་ཕྱད་མདའ་ཚུ་ བཀག་ཐབས་འབད་མི་ སྡེ་ཚན་མ་འདྲཝ་ཚུ་གིས་ ར་ཤི་ཡའི་ གནམ་གྲུ་ཆུང་བ་ཚུ་གི་ གདོང་ལན་འབད་ནུག།ཀི་ཡེབ་ལུ་ དེ་བཟུམ་མའི་ གནམ་གྲུ་ཌཱོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་མི་དེ་ ཐེངས་ ༤ པ་ཨིནམ་ད་ དེ་བསྒང་ མི་ ༢ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

སྲིད་དོན་ཚོགས་པ་ག་ར་གིས་ འགོ་ཐོག་བཙག་འཐུའི་ནང་ལས་ མཐར་འཁྱོལ་འབྱུང་པའི་རེ་འདུན།

བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་མཐུན་འབྲེལ་ཚོགས་པ་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་འབདཝ་ད་ སྲིད་དོན་ཚོགས་པ་ ༥ ག་ར་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ འགོ་ཐོག་བཙུག་འཐུའི་ནང་ལས་ མཐར་འཁྱོལ་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་རྙིངམ་ཚུ་ལུ་ གོ་སྐབས་མངམོ་ཡོད་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ སྲིད་ཚོགས་ག་ར་ལུ་ གོ་སྐབས་འདྲ་མཉམ་འཐོབ་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་སྲིད་ཚོགས་དེ་ སྤྱིར་བཏང་བཙག་འཐུའི་ནང་ལྷོད་པའི་ ཡིད་ཆེས་ཡོད་ཟེར་ཨིནམ་ད་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ འགྱུར་བའི་དོན་ལས་ ཧེ་མ་བཟུམ་སྦེ་ར་ སྲིད་ཚོགས་གསརཔ་ཚུ་ལུ་ གོ་སྐབས་བྱིན་པའི་ རེ་བ་ཡོད་ལུགས་ཚུ་ བཤདཔ་ཨིན་པའི་གནས་ཚུལ།

National News

གཞུང་དབང་ལས་འཛིན་ཚུ་ལུ་ དངུལ་ཕོགས་བརྒྱ་ཆ་ ༤༦ ལས་ ༧༢ ཀྱི་བར་ན་ཡར་སེང་།

དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་དང་འཁྲིལཝ་ད་ གཞུང་དབང་ལས༌འཛིན༌ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཏན་འཇགས་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་དེ་ རང་སོའི་དངུལ་ཕོགས་ཚད་གཞི་ དམའ་མཐའ་གུ་ བརྒྱ་ཆ་ ༤༦ ལས་ བརྒྱ་ཆ་ ༧༢ ཀྱི་བར་ན་ འཐོབ་ནི་ཧིནམ་ད་ དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ འཐོབ་ནི་ཨིན་པས།མ་གཞི་ དངུལ་རྩིས་ལྷན་ཁག་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ དངུལ་ཕོགས་ཡར་སེང་གི་སྐོར་ལས་ གསལ་བསྒྲགས་ཅིག་ བཏོན་ཡོད་རུང་ བདུན་ཕྲག་ ༡ གི་རྒྱབ་ལས་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་དང་ གཞུང་དབང་ལས་འཛིན་ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་མིའི་ནང་ལས་ གཞུང་དབང་ལས་འཛིན་ཚུ་གིས་ དངུལ་ཕོགས་ཡར་སེང་གི་ གྲོས་འདེབས་རེ་ མདོ་ཆེན་བཀོད་ཚོགས་ཀྱི་ གནང་བའི་ཐོག་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ གི་ཧེ་མར་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་དགོ་པའི་ བཀོད་རྒྱ་བཏང་ནུག།དངུལ་ཕོགས་བསྐྱར་བཟོ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཟུར་ཕོགས་དང་ […]

World News

ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ མི་ཁུངས་ཨིན་མི་ བཙོན་པ་ཚུ་ གློད་གྲོལ་བཏང་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་ ཕྱད་མདའ་དེ་ ཉིན་གྲངས་ ༤ གི་རིང་ལུ་ མཚམས་འཇོག་འབད་ཐོག་ལས་ ཨིཛ་རེལ་གྱིས་ པེ་ལེན་ཊིན་གྱི་ མི་ཁུངས་ཨིན་མི་ བཙོན་པ་ཨམ་སྲུ་དང་ ཨ་ལོ་བསྡོམས་ ༣༩ གློད་གྲོལ་བཏང་ཡོདཔ་བཞིན་དུ་ ཧ་མཱཛ་གིས་ཡང་ ཨིཛ་རེལ་གྱི་ ཞི་བའི་མི་སེར་ ༡༣ གློད་གྲོལ་བཏང་ནུག།དེ་ཡང་ ཀ་ཊར་གྱིས་ བར་འཛུལ་ཐོག་ལས་ འགྲིགས་ཆ་བཟོ་མི་དང་འཁྲིལ་ཏེ་ཨིནམ་ད་ ཨིཛ་རེལ་གྱིས་ གློད་གྲོལ་བཏང་མི་ བཙོན་པ་ཚུ་ སྔ་གོང་ལས་ར་ ཨོ་ཕར་ཟེར་མི་ བཙོན་ཁང་ནང་ བསྐྱལ་ཡོདཔ་ལས་ བཙོན་ཁང་དེ་གི་ ཕྱི་ཁར་དང་ པེ་ལིཛ་ཊིན་གྱི་ ཁྲོམ་ཚུ་ནང་ མི་སེར་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།དེ་ལས་ བཙོན་པ་ ༢༨ འབད་མི་ སྡེ་ཚན་ཅིག་ ཝེཛ་བེང་ལུ་དང་ གཞན་མི་ ༡༡ འབད་མི་ སྡེ་ཚན་དེ་ ཇེ་རུ་ས་ལིམ་ལུ་ འཛིན་གྲོལ་འབད་ཡོདཔ་ད་ དེ་སྦེ་ འགྲིགས་ཆ་བཟོ་མི་ལྟར་དུ་ ཉིན་གྲངས་ […]

Online now: 11 Today: 507 Total visitors: 13870