ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

National News

ཞི་བའི་མི་སྡེ་ཚོགས་པ་ཚུ་ལུ་ མ་དངུལ་གྱི་གྲོགས་རམ།

འབྲུག་ལུ་ཡོད་མི་ སུའི་ཛར་ལེན་གྱི་ ཧེལ་བེ་ཊཱཛ་ལས་སྡེ་གིས་ འབྲུག་བརྡ་བརྒྱུད་གཞི་ཚོགས་དང་ མཉམ་འབྲེལ་ཐོག་ལས་ གཞུང་སྐྱོང་དང་ གོང་འཕེལ་ལས་འགུལ་ནང་ གྲལ་གཏོགས་ཀྱི་དོན་ལས་ གནང་སྦྱིན་ཐོབ་མི་ ཞི་བའི་མི་སྡེ་ཚོགས་པ་ ༡༠ གདམ་འཐུ་འབད་མི་ཚུ་ གསལ་བསྒྲགས་འབད་ནུག།ལས་རིམ་དེ་ཡང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ ཧེལ་བེ་ཊཱཛ་ ༢ མ་དངུལ་མཉམ་རུབ་ཐོག་ལས་ འབྲུག་ལུ་ཡོད་མི་ ཧེལ་བེ་ཊཱཛ་ལས་སྡེ་དང་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།ལས་རིམ་དེ་གི་ དམིགས་དོན་གཙོ་བོ་ར་ འབྲུག་གི་ཞི་བའི་མི་སྡེ་ཚོགས་པ་ཚུ་དང་ མི་སྡེ་ལུ་ གཞི་བརྟེན་འབད་མི་ལས་ཚོགས་ དེ་ལས་ ཞི་བའི་མི་སྡེ་ཚོགས་པའི་ སྡེ་ཚན་དང་ ཡོངས་འབྲེལ་ཚུ་ བཙན་ཐབས་ལུ་ཨིན་པས།དེ་སྦེ་ གདམ་འཐུ་གྲུབ་མི་ ཚོགས་པ་ཚུ་གིས་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ གོམས་འདྲིས་ལས་རིམ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ཡང་ ཐིམ་ཕུ་ལུ་སྦེ་ ཞི་བའི་མི་སྡེ་ཚོགས་པ་ གནང་སྦྱིན་ཐོབ་མི་ཚུ་གིས་ རང་སོའི་ལས་འགུལ་ཚུ་ ལག་ལེན་འགོ་བཙུགས་མི་དང་འབྲེལ་ཏེ་ འགོ་འདྲེན་འཐབ་ནུག།གོམས་འདྲིས་ལས་རིམ་དེ་གིས་ ལས་འགུལ་ཚུ་གི་ དམིགས་གཏད་ཚུ་དང་ ཐོན་འབྲས་ དེ་ལས་ བདག་སྐྱོང་གི་ བྱ་སྒོ་ཚུ་ ཡོངས་རྫོགས་སྦེ་ ཧ་གོ་ཐབས་འབད་ནི་དང་ ལས་འགུལ་གྱི་ […]

National News

འབྲུག་གཞུང་འཕྲུལ་རིག་ལྷན་ཚོགས་ཀྱི་ ཞལ་འཛོམས་འཚོགས་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ འབྲུག་གཞུང་འཕྲུལ་རིག་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༣ པ་ འཚོགས་གནང་ཡོདཔ་ད་ དེ་བསྒང་ རྒྱལ་ཡོངས་ཨང་གནས་ཐབས་བྱུས་ཀྱི་ གསལ་ཞུ་ཕུལ་མིའི་གུ་ གསུང་གྲོས་གནང་སྟེ་ མཐའ་དཔྱད་བཟོ་ནུག། དེ་ཡང་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ འབྲུག་གཞུང་འཕྲུལ་རིག་ངོ་ཚབ་ཀྱི་ ལས་སྣ་དང་ དམིགས་གཏད་ ཐབས་བྱུས་ཚུ་དང་གཅིག་ཁར་ བསམ་གཞིའི་ཟིན་ཐོ་ལྷན་ཐབས་ཚུ་ ངེས་བདེན་བཟོ་ནི་དང་ གཅིག་སྒྲིལ་ཧྲིལ་བུར་ བཟོ་ནིའི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།

World News

ཡུ་ཀེའི་ཀཱན་སར་ཝེ་ཊིབ་ སྲིད་དོན་ཚོགས་པའི་ འཐུས་མི་ལེ་ཤ་ཅིག་དགོངས་ཞུ།

བི་བི་སི། ད་རེས་ནངས་པར་ བི་རི་ཊེན་གྱི་བློན་ཆེན་ རི་ཤི་སུ་ནག་དེ་ བྱ་སྟབས་མ་བདེ་བའི་ གནས་སྟངས་ནང་ཡོདཔ་ད་ དེ་ཡང་ ཁོ་གི་སྲིད་དོན་ཚོགས་པ་ ཀཱན་སར་ཝེ་ཊིབ་ནང་ལས་ འཐུས་མི་ལེ་ཤ་ཅིག་ དགོངས་ཞུ་འབད་ནི་དེ་གིས་ཨིན་པས།རི་ཤི་སུ་ནག་དེ་ སྤྱི་ལོ་ ༢༠༢༢ ལས་ བློན་ཆེན་གྱི་ གོ་གནས་ཁར་ བཙག་འཐུ་འབད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ རྒྱལ་ཡོངས་བཙག་འཐུ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།ཨིན་རུང་ ཁོ་གི་གནས་ཡུན་རིང་ལུ་ རྒྱལ་ཁབ་ནང་ གོང་ཚད་ཡར་འཕར་མཐོ་དྲགས་དང་ དཔལ་འབྱོར་ཡར་འཕར་དམའ་སུ་ དེ་ལས་ སྲིད་འབྲེལ་གྱི་ གནད་དོན་མ་ལེགསཔ་ཚུ་ ཐོན་ཏེ་ཡོདཔ་ལས་ ཁོ་གི་སྲིད་ཚོགས་ཀྱི་ མིང་གཏམ་ཞན་སུ་ སོང་ཡོདཔ་ཨིན་པས།སྤྱི་ཟླ་ ༥ པའི་ཚེས་ ༢༤ ཚུན་ལུ་ རྒྱལ་ཡོངས་བཙག་འཐུའི་ནང་ བཅའ་མར་མི་གཏོགས་ཟེར་མི་ ༧༨ ལུ་ ལྷོད་ཡོདཔ་མ་ཚད་ གཞུང་གི་འགན་ཁུར་ དག་པ་ཅིག་ར་འབག་མི་ མ་ཡེ་ཀེལ་ གོ་རོབ་གྱིས་ཡང་ དགོངས་ཞུ་འབད་ནི་ཨིནམ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་གིས་ ཏ་ཡེ་ཝཱན་རྒྱལ་ཁབ་ པད་སྐོར་བསྒྱིར་ཏེ་དམག་སྦྱོང་།

སི་ཨེན་ཨེན། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ རྒྱ་ནག་གིས་ ཏ་ཡེ་ཝཱན་རྒྱལ་ཁབ་ པད་སྐོར་བསྒྱིར་ཏེ་ ཁོང་གིས་ དམག་སྦྱོང་འབད་མི་དེ་ མཚོ་གླིང་ཏ་ཡེ་ཝཱན་གྱི་ དབང་ཚད་ཚུ་ བཙན་འཕྲོག་འབད་ནི་ལུ་ ལྕོགས་གྲུབ་བརྟག་དཔྱད་ཀྱི་དོན་ལས་ཨིན་ཟེར་ བཤད་ཡོདཔ་ཨིན་པས།རྒྱ་ནག་གི་ རྒྱ་སྐྱེད་ཅན་གྱི་ དམག་སྦྱོང་ཚུ་ཡང་ ཏ་ཡེ་ཝཱན་ལུ་ སྲིད་འཛིན་གསརཔ་ ལ་ཡེ་ཅིང་ཏེ་གིས་ གཞུང་སྐྱོང་འགོ་བཙུགས་པའི་ཤུལ་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ ལ་ཡེ་ཅིང་ཏེ་གིས་ མཚོ་གླིང་ཏ་ཡེ་ཝཱན་གྱི་ རང་དབང་དང་ ཁྱད་ཆོས་ཅན་གྱི་ ངོ་རྟགས་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ རྒྱ་ནག་དེ་ ངལ་མ་རངས་པར་ཡོདཔ་ཨིན་པས།རྒྱ་ནག་གིས་ ལ་ཡེ་ཅིང་ཏེ་དེ་ མི་འདྲོག་སི་སི་ཅིག་སྦེ་ བརྩི་དོ་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ ལ་ཡེ་ཅིང་ཏེ་གིས་ རྒྱ་ནག་གིས་ ཏ་ཡེ་ཝཱན་ལུ་ འདྲོག་བྱེལ་འཐབ་བཅུག་ནི་དེ་ བཀག་ཆ་འབད་དགོཔ་སྦེ་བཤད་ནུག།རྒྱ་ནག་གི་ ཤར་ཕྱོགས་དམག་སྡེ་གིས་ ཏ་ཡེ་ཝཱན་གྱི་ ཕྱི་རོལ་ཁག་ ༢ ཀྱི་ནང་ དམག་སྦྱོང་ཚུ་འབད་བའི་ཁར་ རྒྱ་ནག་གིས་ ཕྱད་མདའི་གྲུ་ཟིང་ ༡༩ དང་ མཚོ་འགྲམ་སྲུང་སྐྱོབ་ཀྱི་གྲུ་ […]

World News

ཀིར་གིཛ་ཏཱན་ལུ་ མི་དམངས་མཉམ་བསྡོམས་ཐོག་ལས་ གནོད་འཚུབ་བཀལཝ་ལས་ ཕྱི་རྒྱལ་གྱི་ སློབ་ཕྲུག་ཚུ་བྲོས་བྱོལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢༥ ལུ་ ཀིར་གིཛ་ཏཱན་ རྒྱལ་ཁབ་ནང་ མི་དམངས་མཉམ་བསྡོམས་ཐོག་ལས་ པ་ཀིས་ཏཱན་དང་ ཨེ་ཤི་ཡའི་ རྒྱལ་ཁབ་གཞན་ཚུ་ལས་ ཤེས་ཡོན་སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་གི་ སྡོད་ཁྱིམ་ཚུ་ལུ་ གནོད་འཚུབ་བཀལཝ་ལས་ ཕྱི་རྒྱལ་གྱི་ སློབ་ཕྲུག་བརྒྱ་ལས་བཅད་དེ་ འབྱོག་དོ་ཡོད་རུང་ ཀིར་གིཛ་ཏཱན་ལུ་ གནས་སྟངས་ལེགས་ཤོམ་འགྱོཝ་ད་ ལོག་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ཀིར་གིཛ་ཏཱན་གྱི་རྒྱལ་ས་ བིཤ་ཀེག་ལུ་ ཀིར་གིཛ་ཏཱན་གྱི་ མི་ཁུངས་དང་ ཕྱི་མི་ཚུ་གི་བར་ན་ བྱེལཝ་ཐོན་པའི་ཤུལ་ལས་ ཀིར་གིཛ་ཏཱན་གྱི་ ན་གཞོན་ཕོ་སྐྱེས་ཚུ་གིས་ ཕྱི་རྒྱལ་གྱི་ སློབ་ཕྲུག་ཚུ་སྡོད་སར་ གནོད་འཚུབ་བཀལ་ནུག།ཀིར་གིཛ་ཏཱན་ རྒྱལ་སྤྱི་གཙུག་ལག་སློབ་སྡེའི་ནང་ལས་ སློབ་ཕྲུག་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀིར་གིཛ་ཏཱན་གྱི་ ན་གཞོན་ཚུ་གིས་ ཁོང་གི་སྡོད་ཁང་ཚུ་ནང་ བཙན་འཛུལ་འབད་དེ་ གནོད་འཚུབ་བཀལ་བའི་སྐབས་ལུ་ བཀག་ཐབས་འབད་རུང་ བཀག་མ་ཚུགས་ཟེར་ཨིན་པས།པ་ཀིཛ་ཏཱན་གཞུང་གིས་ སློབ་ཕྲུག་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ བིཤ་ཀེག་དང་ པ་ཀིཛ་ཏཱན་གྱི་བར་ན་ གནམ་གྲུ་ཁ་སྐོང་ཚུ་བཙུགས་ཏེ་ ཉིད་བསྟར་བཞིན་དུ་ […]

Online now: 9 Today: 731 Total visitors: 32530
21,992Facebook followers
−2Today
+6This month