ArchiveAboutContact
National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ འབྲུག་གི་འཕྲུལ་ལྟོ་བསྡུ་སྒྲིག་དང་ བཟོ་བཏོན་མཐུན་རྐྱེན་དང་པའི་དོན་ལུ་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ།

gyalchi · 1 min read

སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཏ་ལུ་ གཞི་གནས་འབད་དེ་ཡོད་མི་ གཙང་དག་ནུས་ཤུགས་ལས་སྡེ་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཟོ་བཏོན་དང་ བསྡུ་སྒྲིག་མཐུན་རྐྱེན་ གཞི་བཙུགས་ཀྱི་དོན་ལུ་ ཀུན་སློང་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག།
མཐུན་རྐྱེན་དེ་ནང་ལས་ འཕྲུལ་ལྟོའི་ནུས་ཤུགས་ སྲུང་མཛོད་རིམ་ལུགས་ཚུ་ བཟོ་བཏོན་འབད་ནི་དང་ དེ་ཚུ་ཡང་ ཉིན་དྲོད་དང་ རླུང་ཤུགས་ ཆུར་བརྟེན་ནུས་ཤུགས་ཚུ་གི་ འཛིན་ཆས་ཚུ་གི་ཐོག་ལས་ བཟོ་བཏོན་འབད་ནི་ཨིན་པས།
མཐུན་རྐྱེན་དེ་ཡང་ གོ་རིམ་གཉིས་སྦེ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ད་ མཐུན་རྐྱེན་དེ་གི་ བཟོ་བསྐྲུན་ལྕོགས་གྲུབ་དེ་ གི་ག་ཝཱཊ་ཨ་ཝར་ ༡༠ ཚུན་འོང་ནི་ཨིནམ་སྦེ་བཀོད་ནུག།
དེ་ཡང་ འབྲུག་ལུ་ འཕྲུལ་ལྟོའི་ནུས་ཤུགས་སྲུང་མཛོད་རིམ་ལུགས་ དང་པ་སྦེ་ གནས་ནི་ཨིནམ་ད་ མཐུན་རྐྱེན་དེ་གིས་ ཆུར་བརྟེན་ནུས་ཤུགས་སྤྱོད་ཐོག་ལས་ འཕྲུལ་ལྟོ་སྡེ་ཚན་དང་ ནུས་ཤུགས་འཛིན་ཆས་ཚུ་ བཟོ་བཏོན་འབད་དེ་ འབྲུག་གི་ཚོང་མགྲོན་པ་དང་ ལུང་ཕྱོགས་ནང་གི་ ཚོང་མགྲོན་པ་ཚུ་ལུ་ མ་སྤེལ་བའི་ཧེ་མར་ བསྡུ་སྒྲིག་དང་ བརྟག་དཔྱད་ཀྱི་ ལམ་ལུགས་ཚུ་ མཇུག་བསྡུ་དགོཔ་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱི་ མཉམ་འབྲེལ་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ སིའུ་ཧི་ཨང་ལི་གིས་ ད་རེས་ ཀུན་སློན་ཡིག་ཆ་གུ་ མཚན་རྟགས་བཀོད་མི་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཙང་དག་འཕྲུལ་རིག་བཟོ་བཏོན་གྱི་ གཞི་རྟེན་གྱི་དོན་ལུ་ གལ་ཆེ་བའི་ གོམ་པ་མདུན་སྤོའི་ བརྡ་མཚོན་ཨིན་ཟེར་བཤད་ནུག།
ཁོ་གིས་འབད་བ་ཅིན་ རྒྱལ་སྤྱིའི་ནུས་ཤུགས་ གཞི་སྒྱུར་ནང་ལུ་ འཕྲུལ་ལྟོའི་ནུས་ཤུགས་འཛིན་ཆས་དེ་ གལ་ཅན་ཅིག་ཨིནམ་ད་ དེ་གི་ཁེ་ཕན་ཡང་ མ་འདྲཝ་ཅིག་ར་ཡོདཔ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་ལྟར་དུ་ འབྲུག་མི་ཚུ་གི་དོན་ལས་ རིག་རྩལ་ཅན་གྱི་ ལཱ་གཡོག་བཏོན་ནི་དང་ ས་གནས་ཀྱི་བཟོ་གྲྭ་གོང་འཕེལ་དོན་ལུ་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ ལཱ་འབད་ནི་གི་ སྤྲོ་བ་ཡོད་ལུགས་ཡང་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ པ་ཏེལ་གི་རིན་ཊེག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མ་ནི་མ་རཱན་ ཀི་རིཤ་ནཱན་གྱིས་ ད་རེས་ ཀུན་སློང་ཡིག་ཆ་གུ་ མཚན་རྟསག་བཀོད་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཁོང་གིས་ གྲལ་གཏོགས་འགོ་བཙུགས་པའི་ དུས་སྐབས་ཅིག་ཨིནམ་ད་ ཁོང་གི་ཁ་ཐུག་ལས་ ལས་དོན་དེ་ནང་ མ་རྩ་གཞི་བཙུགས་ཀྱི་ ཁས་ལེན་འབདཝ་ཨིནམ་སྦེ་ཡང་ བཤད་ཡོདཔ་ཨིན་པས།
ད་ལས་ཕར་ རྩ་ཕན་གཉིས་ཀྱིས་ ལས་འགུལ་གྱི་ སྙན་ཞུ་རྒྱསཔ་ཅིག་ བཟོ་ཐོག་ལས་ ཆིངས་ཡིག་ངེས་གསལ་ཅན་གྱི་དོན་ལུ་ ལཱ་ཚུ་འབད་ནི་དང་ མཐུན་རྐྱེན་གོང་འཕེལ་གཏང་པའི་སྐབས་ལུ་ རིག་རྩལ་ཅན་གྱི་ བཟོ་བཏོན་གྱི་ ལཱ་གཡོག་ཚུ་ འཐོན་ནི་གིས་མ་དོ་བར་ ས་གནས་ཀྱི་ མཁོ་ཆས་བཀྲམ་སྤེལ་བ་ཚུ་གི་དོན་ལུ་ཡང་ གོ་སྐབས་གསརཔ་ཚུ་ འཐོན་ནི་གི་ རེ་བ་ཡོདཔ་སྦེ་བཤད་ནུག།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནང་པའི་ ཉིནམ་ ༡ གི་ཤུལ་ལས་ དགེ་ལེགས་ཕུག་ལུ་སྦེ་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མ་འོངས་དྲན་ཤེས་ཅན་ འཚོ་རྟེན་གྱི་དོན་ལུ་ མཉམ་འབྲེལ་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ དེ་ལས་ གི་རིན་ཌི་ཇི་ཊལ་ཚད་འཛིན་གྱི་ཡན་ལག་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆོ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་སྒྲུབ་ཐབས་ལུ་ ཐབས་བྱུས་ཅན་གྱི་ རྒྱབ་སྐྱོར་ཕུལ་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས། མཉམ་འབྲེལ་དེ་གིས་ རྒྱལ་སྤྱིའི་གནས་ཚད་ཁར་ དལ་ཉམས་མགྲོན་སྐྱོང་དང་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ དེ་ལས་ ཡུན་བརྟན་དང་ དྲན་ཤེས་ཅན་གྱི་ མ་འོངས་པའི་དོན་ལུ་ འབྲུག་གི་རེ་འདུན་ཚུ་ གཅིག་ཁར་བསྡུཝ་ཨིནམ་སྦེ་བཀོད་ནུག། དེ་ཡང་ ཨ་མཱན་སྡེ་ཚན་གྱིས་ རྒྱལ་སྤྱིའི་གནས་ཚད་ཁར་ མགྲོན་སྐྱོང་དང་ འཚོ་རྟེན་གྱི་ མཁས་རིག་དང་སྦྲགས་ཏེ་ ལོ་ངོ་བཅུ་ཕྲག་ལས་ལྷག་པའི་ དུས་ཡུན་ནང་ དལ་ཉམས་མགྲོན་སྐྱོང་ ལག་ལེན་འཐབ་མི་་ཨིན་པའི་ ངོ་རྟགས་ཅན་གྱི་ ལཱ་ཤུལ་གྱི་སྒོ་ལས་ ཁེ་ཕན་འབད་ནི་ཨིན་པས། དེ་བཟུམ་སྦེ་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་གྱི་ ཁ་ཐུག་ལས་ མ་དངུལ་དང་ གཞི་ཁྱིམ་འཛིན་སྐྱོང་གི་ ཉམས་མྱོང་ཚུ་གི་སྒོ་ལས་ ཕན་ཐབས་འབད་ནི་དང་ ཇི་ཌི་ཨེལ་རེ་བེན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་ལུ་ རྒྱབ་སྐྱོར་གྱི་ […]

gyalchi
National News

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས། སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་དེ་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག། དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ […]

gyalchi
National News

འབྲུག་ལུ་ རྒྱ་གར་གཞུང་གི་ བློན་པོ་ཅིག་ གཟིགས་སྐོར་ལུ་བྱོན་ཡོདཔ།

མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གཞུང་གི་ སྤྱི་ཚོགས་ལས་དོན་དང་ མི་རིགས་གྲངས་ཉུང་ལས་དོན་བློན་པོ་ ཤྲཱི་ཀི་རེན་རི་ཇི་ཇུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་དུ ས་སྟོན་ནང་ གྲལ་གཏོགས་མཛད་ནི་ཨིན་པས། དེ་མ་ཚད་ བློན་པོ་ཀི་རེན་རི་ཇི་ཇུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་འགྲུབ་ཐབས་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གི་ ཁས་ལེན་དང་ རྒྱ་གར་གྱི་ རྒྱབ་སྐྱོར་ལུ་ ཆེད་དུ་བསྔོ་བའི་ སྨོན་འདེབས་ཚུ་ཡང་ ཕུལ་ནི་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། ཤྲཱི་ཀི་རེན་རི་ཇི་ཇུ་གི་ གཟིགས་སྐོར་དེ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ཡོད་པའི་ ཡུན་གནས་མཐུན་ལམ་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་གྲུབ་གནས་ལུ་ འགྱུར་བ་མེད་པའི་ རྒྱབ་སྐྱོར་གྱི་ བརྡ་མཚོནམ་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
Online now: 25 Today: 1330 Total visitors: 58472
22,140Facebook followers
+3Today
+41This month