ArchiveAboutContact
World News

གངས་རི་ཨི་བེ་རེཛ་གི་ གཞི་སྒར་ཉེ་འདབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ཐུག་རྐྱེན་བྱུང་མིའི་ནང་ རྒྱ་གར་གྱི་ བལྟ་བཤལཔ་ཅིག་ལུ་ཤི་རྐྱེན།

gyalchi · 1 min read

བི་བི་སི།

སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ གངས་རི་ཨི་བེ་རེཛ་གི་ གཞི་སྒར་ཉེ་འདབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ཆགས་ནི་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ རྒྱ་གར་གྱི་ བལྟ་བཤལཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།

དེ་ཡང་ གངས་རི་ཨི་བེ་རེཛ་གི་ ལྷོ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༢ དེ་ཅིག་གི་ས་ཁར་ ཕེ་རི་ཅེ་ཟེར་ས་ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨ དང་ སྐར་མ་ ༡༥ དེ་ཅིག་ཁར་ ཆགས་ནི་འབདཝ་ད་ གནམ་གྲུ་གཅིག་གིས་གཅིག་གི་གཤོག་ཐེག་ བཏོག་བཏང་ནུག་ཟེར་ཨིན་པས།

ཧེ་ལི་ཀོབ་ཊར་ལས་སྡེ་ ཕིཤ་ཊེལ་ཨེ་ཡར་གྱིས་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་ རྒྱ་གར་ལས་ཨིན་པའི་ ཕོ་སྐྱེས་དེ་ ཝ་སཱན་ཀུ་མར་ བཱ་ལ་ར་མུ་ཌུ་ཨིན་པའི་ ངོས་འཛིན་འབད་ནུག།

ཧེ་ལི་ཀོབ་ཊར་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ཁོང་གི་སྣུམ་འཁོར་ ༡ ཡང་ འབྲེལ་གཏོགས་འབད་དེ་ཡོདཔ་ད་ དེ་བསྒང་ འགྲུལ་པ་གཞན་ ༡ དང་ ཧེ་ལི་ཀོབ་ཊར་གྱི་ དེད་དཔོན་ ༡ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།

དེ་བཟུམ་མའི་ གནམ་གྲུ་ཐུག་རྐྱེན་སྐབས་ལུ་ རྨ་སྐྱོན་བྱུང་མི་ འགྲུལ་པ་དང་ གནམ་གྲུའི་ལས་བྱེདཔ་ཚུ་ ནེ་པཱལ་ཀཋ་པཱན་ཌུ་ལུ་ སྨན་བཅོས་འབད་བར་ བསྐྱལ་ཡོདཔ་ད་ དེ་སྦེ་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ བལྟ་བཤལཔ་ ༡ ནིའུ་ཛར་ལེན་ལས་ཨིན་པའི་ ངོས་འཛིན་བྱུང་ནུག།

ཐུག་རྐྱེན་དེ་ཡང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ས་གནས་ཅིག་ནང་ ཆགས་ནི་འབད་བའི་སྐབས་ལུ་ བྱུང་ཡོདཔ་སྦེ་  ནེ་པཱལ་གྱི་ ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

World News

ཡུ་རོ་པིན་ རྒྱལ་ཁབ་ཁག་གིས་ ཡུ་ཀེ་རེན་ལུ་ དམག་མི་སྟོང་ཕྲག་སྦེ་གཏང་ནི།

བི་བི་སི། བི་རི་ཊེན་དང་ ཕ་རཱནཛ་གིས་ ཞི་བདེའི་གྲོས་མཐུན་ཅིག་ འཐོན་པ་ཅིན་ རྒྱལ་ཁབ་ལེ་ཤ་ཅིག་གི་ དམག་སྡེ་ཅིག་ ཡུ་ཀེ་རེན་ལུ་ བཀྲམ་སྤེལ་འབད་ནི་གི་ ལྕོགས་གྲུབ་བརྟག་དཔྱད་འབད་ནིའི་དོན་ལས་ དམག་སྦྱོང་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས། དེ་ཡང་ སྤྱི་ཟླ་འདི་ནང་ ཡུ་རོ་པིན་ རྒྱལ་ཁབ་ ༡༢ ལས་ དམག་མི་ ༣,༠༠༠ དེ་ཅིག་གིས་ ཁྱིམ་ཚང་རྒྱལ་ཁབ་ པོ་ལེན་ལུ་ སྟ་གོན་སྦྱོང་བརྡར་ནང་ བཅའ་མར་གཏོགས་ནི་ཨིནམ་སྦེ་བཀོད་ནུག། ཡུ་ཀེ་རེན་ལུ་ དེ་བཟུམ་མའི་ ཉེན་སྲུང་དམག་སྡེ་ཅིག་ བཙུགས་ནི་གི་ འཆར་གཞི་དེ་ཡང་ ན་ཧིང་ ཡུ་རོ་པིན་ རྒྱལ་ཁབ་ཚུ་གིས་ གྲོས་འཆར་བཀོད་མི་ ཡུན་རིང་ཉེན་སྲུང་གི་ འགན་ལེན་ཚུ་གི་གྲས་ལས་ ༡ ཨིན་པས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ འགོ་དཔོན་ཚུ་གིས་ ཡུ་ཀེ་རེན་ལུ་བཏང་མི་ དམག་སྡེ་ག་ཅི་ར་ཨིན་རུང་ བཙན་འཛུལ་གྱི་ལཱ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིནམ་མ་ཚད་ ཞི་བདེ་བདག་འཛིན་དང་ དམག་འཁྲུག་མཚམས་འཇོག་གི་ ལྟ་རྟོག་ལས་འགུལ་ནང་ཡང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
World News

ར་ཤི་ཡའི་ བཙན་དབང་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ ཁྲོམ་ཁ་ལས་ མི་སེར་ཚུ་ བེ་ལ་རུཛ་ལུ་ལྷོད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ ར་ཤི་ཡའི་ བཙན་དབང་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ཁྲོམ་ ཨོ་ལེཤ་ཀི་ཟེར་ས་ལས་ མི་སེར་ཚུ་ གནམ་གྲུ་ ༤ གི་ནང་སྦེ་ འཕུར་འགྲུལ་འབད་དེ་ ས་གནས་བེ་ལ་རུཛ་ལུ་ལྷོད་ནུག། དེ་ཡང་ ཡུ་ཨེཛ་གི་ རྒྱབ་སྐྱོར་ཐོག་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ལོ་ ༥ ལང་དོ་ཡོད་མི་ ཕྱད་མདའ་དེ་ འགྲོ་བ་མིའི་དོན་ལས་ མཚམས་འཇོག་འབད་བའི་སྐབས་ལུ་ ཨོ་ལེཤ་ཀི་ལས་ བཀྲེས་སྐོམ་གྱི་ སྡུག་བསྔལ་གྱིས་ ཉམས་ཐག་སྟེ་ཡོད་མི་ མི་སེར་བརྒྱ་ལས་བཅད་མི་ཚུ་ ཁྲོམ་དེ་ནང་ལས་ ཐོན་སོང་ཡོདཔ་ཨིན་པས། ཡུ་ཀེ་རེན་གྱི་སྲིད་འཛིན་ བོ་ལོ་ཌི་མིར་ ཛེ་ལེནཛ་ཀི་དང་ འབྲེལ་ཆགས་ཅན་གྱི་ ཞི་བདེ་བཟོ་མི་ ངོམ་ཌེ་བིཌ་ཨ་ར་ཁ་མི་ཡ་གིས་ གནམ་གྲུ་ ༤ པ་དེ་ གནམ་ཐང་གོ་མེལ་ཟེར་སར་ ཆགས་པའི་ཤུལ་ལས་ ཆུ་ཚོད་དག་པ་ཅིག་ནང་ སྤོ་བཤུད་འབད་མི་ མི་སེར་ཚུ་ ཡུ་ཀེ་རེན་གྱི་ འདུམ་འགྲིག་སྡེ་ཚན་དང་སྦྲགས་ཏེ་ ཨོ་ལེཤ་ཀི་ལས་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ འཕུར་འགྲུལ་འབད་ཡི་ཟེར་བཤད་ནུག། དེ་གི་ཤུལ་ལུ་ […]

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ ༥༠༠ བཙོང་ནི་སྦེ་ ཆ་འཇོག་འབད་ཡོདཔ།

བི་བི་སི། ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ གལ་ཆེ་བའི་གོ་མཚོན་ མི་ཛ་ཡེལ་ ༥༠༠ བཙོང་ནི་སྦེ་ ཆ་འཇོག་འབད་ཡོད་རུང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱེལ་འདྲེན་གྱི་དོན་ལས་ ལོ་ངོ་དག་པ་ཅིག་ འགོར་ནི་ཨིན་པའི་ གསལ་བཤད་འབད་ནུག། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ཛ་ཡེལ་དེ་ཚུ་ལུ་ རིན་གོང་ཌོ་ལར་འཐེར་འབུམ་ ༢.༡ དེ་ཅིག་ གནས་ནི་ཨིན་ཚུ་ག་ར་ ཡུ་རོབ་དང་ ཀེ་ན་ཌ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ མཐུན་ཕྱོགས་ཚུ་གིས་ བྱིན་འོང་ཟེར་ཨིན་པས། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ གི་ཕྱི་རུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཡུ་ཨེཛ་ལུ་ ར་ཤི་ཡ་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནིའི་དོན་ལས་ ནུས་ཤུགས་ཅན་གྱི་ གོ་མཚོན་ཚུ་ གང་མགྱོགས་སྦེ་ གཏང་དགོ་པའི་ ཞུ་བ་འབད་ནུག། ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་ལང་མི་དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ས་གནས་ […]

gyalchi
Online now: 16 Today: 599 Total visitors: 57741
22,138Facebook followers
+1Today
+39This month