ArchiveAboutContact
National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཨང་ཅན་བདོག་གཏད་ཀྱི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལུ་ འབྲུག་དང་ ཀམ་བར་ལེན་ ཌི་ཨར་ཌབ་ལུ་གི་བར་ན་ ཐབས་བྱུས་ཅན་གྱི་མཉམ་འབྲེལ།

· 1 min read

པདྨ་དབང་འདུས།

སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ འབྲུག་གི་ཡུན་བརྟན་དང་ གསར་བཏོད་ཅན་གྱི་ ཨང་ཅན་དཔལ་འབྱོར་གྱི་ དུས་རིང་འཆར་སྣང་ལུ་ རྒྱབ་སྐྱོར་གྱི་དོན་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཀམ་བར་ལེན་ ཌི་ཨར་ཌབ་ལུ་གི་བར་ན་ གོ་དོན་ཆིངས་ཡིག་ཅིག་བཟོ་ནུག། 

དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ དགོངས་བཞེད་དང་ ལམ་སྟོན་ཐོག་ལས་ མཉམ་འབྲེལ་དེ་གིས་ འབྲུག་གི་བརྩི་མཐོང་ཚུ་དང་ ཚུལ་མཐུན་ཡོད་པའི་ ཀུན་ཚང་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནི་དང་ རྒྱལ་སྤྱིའི་རིག་རྩལ་དང་ འགན་ཁུར་ཅན་གྱི་ འཕྲུལ་རིག་ཡར་འཕེལ་གཏང་ནི་་ཚུ་ལུ་ དམིགས་གཏད་བསྐྱེད་པའི་ དཔལ་འབྱོར་ས་ཁོངས་གསརཔ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས། 

གོ་དོན་ཆིངས་ཡིག་དེ་གི་འོག་ལུ་ འབྲུག་དང་ རྒྱལ་སྤྱིའི་ཨང་ཅན་བདོག་གཏད་ ཚོང་སྒྱུར་གྱི་འགོ་ཁྲིདཔ་ ཀམ་བར་ལེན་ ཌི་ཨར་དྲབ་ལུ་གིས་ དེང་དུས་དང་བསྟུན་པའི་ ཨང་ཅན་འཕྲུལ་རིག་བདོག་གཏད་ཀྱི་ གནས་སྟངས་དང་ དེ་གི་རྒྱབ་སྐྱོར་ལུ་ དགོས་དོན་ཡོད་པའི་ དངུལ་འབྲེལ་གཞི་རྟེན་མཁོ་ཆས་ གོང་ཕེལ་ནང་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

མཉམ་འབྲེལ་དེ་གི་ནང་ན་ མ་འོངས་འཐོན་རིམ་གྱི་ ཨང་ཅན་བདོག་གཏད་ སྒྲིག་བཀོད་དང་ ཡུན་བརྟན་ཅན་གྱི་ ཨང་ཅན་བདོག་གཏད་བསྡུ་སྒྲིག། བཅོས་མའི་རིག་རྩལ་རིམ་ལུགས། འབྲུག་གི་ཨང་ཅན་བདོག་གཏད་དང་ འབྲེལ་བ་ཡོད་པའི་ ཐོན་འབྲས་ཀྱི་ གོ་སྐབས་དང་ ཚད་གཞི་ལྡན་པའི་ རྒྱལ་ཡོངས་བརྟན་གཞིའི་དངུལ་ཚབ་ སིཊ་བཱལ་ཀོ་ཡིན་ཚུ་ ཚུད་དོ་ཡོད་པའི་ཁར་ མཉམ་འབྲེལ་དེ་གིས་  དུས་རིང་གི་ འགྱུར་ཁྱད་ཐུབ་ཚད་དང་ དཔལ་འབྱོར་སྣ་མང་ལུ་ བསྒྱུར་ནི་ཚུ་གི་ རྒྱབ་སྐྱོར་ལུ་ རིག་རྩལ་གོང་འཕེལ་དང་ གཙུག་སྡེའི་ལྕོགས་གྲུབ བཙན་ཐབས་འབད་ནི་ལུ་ཡང་ གཙོ་བོར་བཏོན་ནི་ཨིན་པས། 

གསར་བཏོད་ལས་དོན་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འབྲུག་སླར་བྱུང་ཨང་ཅན་ལས་སྡེ་གིས་ འགོ་ཁྲིད་འབད་ནི་དང་ ལས་སྡེ་དེ་གིས་ ཨང་ཅན་བདོག་གཏད་ཀྱི་ གཞི་རྟེན་མཁོ་ཆས་ལས་སྡེ་ཅིག་སྦེ་ སླར་བྱུང་ནུས་ཤུགས་ལུ་བརྟེན་པའི་ གློག་རིག་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་སྟེ་ ཨང་ཅན་ཏི་རུའི་ཡོངས་འབྲེལ་ ཉེན་སྲུང་ཅན་བཟོ་ནི་ལུ་ རྒྱབ་སྐྱོར་དང་ འབྲུག་གི་ དུས་རིང་ཡུན་བརྟན་དང་ རྒྱ་སྐྱེད་ཀྱི་དམིགས་དོན་ཚུ་ མདུན་བསྐྱོད་འབད་ནི་ཨིནམ་སྦེ་བཀོད་ནུག། 

གསལ་སྒྲགས་དེ་ འབྲུག་གི་ཨང་ཅན་ དངུལ་རྩིས་གཞི་རྟེན་མཁོ་ཆས་ཚུ་ དྲན་ཤེས་དང་ ལྕོགས་གྲུབ་ཀྱི་སྒོ་ལས་ གཞི་བཙུགས་དང་ བདེ་སྒྲིག་གི་ ཉམས་མྱོང་ལུ་ གཞི་བརྟེན་འབད་དེ་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ སླར་བྱུང་གློག་མེ་ ལག་ལེན་འཐབ་སྟེ་ དངུལ་ཚབ་བིཊ་ཀོ་ཡིན་ནང་སྦེ་ འཛམ་གླིང་ནང་ རང་དབང་གི་གྲལ་གཏོགས་འབད་མི་ ཧ་ཤོས་ཅིག་ཨིན་པས།

ད་རེས་ འབྲུག་གི་བདག་དབང་ལུ་ གཙང་སྦྲ་ཅན་གྱི་ ནུས་ཤུགས་བརྒྱུད་དེ་བསྒྲུབས་པའི་ རྒྱལ་ཡོངས་དངུལ་ཚབ་བིཊ་ཀོ་ཡིན་ རྒྱ་ཆེ་ཏོག་ཏོ་ཅིག་ བསགས་ཏེ་ཡོདཔ་ད་ དེ་དང་གཅིག་ཁར་ འབྲུག་གིས་ རྒྱལ་ཡོངས་ཨང་ཅན་རིམ་ལུགས་དེ་ཡང་ མི་མང་དངུལ་ཚབ་ཀྱི་ གཞི་རྟེན་མཁོ་ཆས་དང་ མཐུད་སྦྲེལ་ཐོག་ལས་ མི་སེར་ ༨༠༠,༠༠༠ དེ་ཅིག་གིས་ རང་སོའི་ངོ་རྟགས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ ངེས་སྦྱོར་འབད་ཚུགས་དོ་ཡོདཔ་མ་ཚད་ མི་མང་གི་ ཞབས་ཏོག་ཚུ་གི་ གོ་སྐབས་ཚུ་ཡང་ ལེན་ཚུགས་དོ་ཡོདཔ་སྦེ་བཀོད་ནུག།

རིམ་ལུགས་དེ་ལུ་ གཞི་བརྟེན་ཏེ་ འབྲུག་གིས་ ཨང་ཅན་བདོག་གཏད་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཐབས་བྱུས་ཅན་གྱི་ ཟུར་གསོག་ནང་ འབྲེལ་མཐུད་འབད་དེ་ ཚོང་འབྲེལ་དང་ བལྟ་བཤལ་ལས་སྡེ་ཚུ་ནང་ དངུལ་ཚབ་ཏི་རུ་ལུ་བརྟེན་པའི་ སྤྲོད་ལེན་འབད་ཚུགསཔ་ བཟོ་བ་གིས་མ་དོ་བར་ དངོས་གཟུགས་ཅན་གྱི་གསེར་དང་ འབྲེལ་མཐུད་ཐོག་ལས་ རང་དབང་ཅན་གྱི་ ཨང་ཅན་དངུལ་ཚབ་གཏེར་དེ་ འགོ་བཙུགས་ཡོདཔ་ཨིན་པས།

གསར་བཏོད་ལས་སྣ་དེ་ཚུ་གིས་ གཞུང་སྐྱོང་དང་ ཡུན་བརྟན་ དེ་ལས་ འཛམ་གླིང་དངོས་ཡོད་ཀྱི་ ལག་ལེན་ཚུ་ནང་ གསར་བཏོད་ཀྱི་དོན་ལུ་ ཡུན་རིང་ཐབས་ལམ་ཀྱི་ བརྡ་མཚོན་སྟོན་དོ་ཡོདཔ་སྦེ་བཀོད་ནུག། 

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སླར་བྱུང་ཨང་ཅན་ལས་སྡེའི་ཁྲི་འཛིན་ དགེ་ལེགས་རྒྱ་མཚོ་གིས་འབད་བ་ཅིན་ ད་རེས་ ཀམ་བར་ལེན་དང་ མཉམ་འབྲེལ་ཐོག་ལས་ དགེ་ལེགས་ཕུག་ ཨང་ཅན་ལས་སྡེ་གིས་ འབྲུག་གི་སླར་བྱུང་ནུས་ཤུགས་ལུ་བརྟེན་པའི་ གཞི་རྟེན་མཁོ་ཆས་ཚུ་ འཛམ་གླིང་ནང་གི་ ཨང་ཅན་བདོག་གཏད་ དངུལ་སྒྱུར་དང་གཅིག་ཁར་ མཐུན་འབྲེལ་འབད་དོ་ཟེར་ཨིནམ་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁ་ཐུག་ལས་ འགན་ཁུར་ཅན་གྱི་ གཞུང་སྐྱོང་ཐོག་ལས་ ཨང་ཅན་བདོག་གཏད་ཀྱི་ལྟེ་བ་ གོང་འཕེལ་གཏང་ནི་ལུ་ ཁས་ལེན་ཡོད་མི་དེ་གིས་ འབྲུག་གི་ཁྱབ་ཆེ་བའི་ ཡུན་བརྟན་གོང་འཕེལ་དང་ རྒྱ་སྐྱེད་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།

དེ་མ་ཚད་ ཌི་ཨར་ཌབ་ལུ་ གཞི་བཙུགས་འབད་མི་ ཌོ་ནཱལ་ཨར་ཝིལ་སཱོན་གྱིས་ འབྲུག་གི་དྭངས་གསལ་ཅན་གྱི་ འཆར་སྣང་དང་ ཡུན་བརྟན་གོང་འཕེལ་གྱི་ གཙོ་རིམ་ཚུ་ལུ་བརྟེན་ཏེ་ འབྲུག་རྒྱལ་ཁབ་འདི་ འགན་ཁུར་ཅན་དང་ ཕུགས་མཐོང་ཅན་གྱི་ གསར་བཏོད་ལས་དོན་ཚུ་ནང་ རང་བཞིན་བསྡོམས་རོགས་ཅིག་སྦེ་ ཚུད་དེ་ཡོད་ཟེར་ཨིནམ་ད་ ཁོང་གིས་ འབྲུག་ལུ་ དེང་དུས་ཀྱི་ ཨང་ཅན་དཔལ་འབྱོར་གྱི་ གཞི་འགྱམ་བཙུགས་ནི་ལུ་ རྒྱབ་སྐྱོར་འབད་ནི་དེ་ དཔའ་ཉམས་ཀྱི་ གཞི་ཅིག་ཡང་ཨིནམ་སྦེ་ གསལ་བཤད་འབད་ནུག།

ཀམ་བར་ལེན་ཟེར་མི་དེ་ ཌི་ཨར་ཊབ་ལུ་ལས་སྡེའི་ ཨང་ཅན་བདོག་གཏད་ཀྱི་ ཡན་ལག་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༡༤ ལས་ གཞི་བཙུགས་ཐོག་ལུ་ དངུལ་ཚབ་བདོག་གཏད་ཀྱི་ ཚོང་ལམ་ནང་ དེ་བཟུམ་མའི་ ལས་སྣ་འགོ་བཙུགས་མི་ དང་པ་ཨིན་པས།

ཌི་ཨར་ཌབ་ལུ་གི་ ལོ་ངོ་བཅུ་ཕྲག་ནང་འཁོད་ཀྱི་ ཚོང་འབྲེལ་དང་ འཕྲུལ་རིག་གི་ འགོ་ཁྲིད་དང་ ཨང་ཅན་བདོག་གཏད་ཀྱི་ གཞི་རྟེན་མཁོ་ཆས་དང་འབྲེལ་བའི་ ཉམས་མྱོང་ཚུ་ གཅིག་སྒྲིལ་ཐོག་ལས་ ཀམ་བར་ལེན་གྱིས་ རྒྱལ་སྤྱིའི་ཚོང་ལམ་ཚུ་ནང་ ཡིད་ཆེས་བརྟན་པའི་ དངུལ་སྒྱུར་དང་ རྙོག་འཛིང་ཅན་གྱི་ ལག་ལེན་ཚུ་ལུ་ གཏིང་ཟབ་ཆེ་བའི་ དཀའ་ངལ་བསལ་ཐབས་ཚུ་ འབད་དོ་ཡོདཔ་ལས་ འཛམ་གླིང་མཐའ་དབུས་མེད་པའི་ གཙུག་སྡེ་ཚུ་གིས་ དྭངས་གསལ་ཅན་གྱི་ ཚོང་ལམ་དང་ ཨང་ཅན་བདོག་གཏད་ཀྱི་ རིམ་ལུགས་ཚུ་ འཕྲོ་མཐུད་དེ་ར་ འཕོ་འགྱུར་འབད་ནི་དང་འབྲེལ་ཏེ་ མཉམ་འབྲེལ་གྱི་དོན་ལུ་ ཀམ་བར་ལེན་ལུ་ གཞི་བརྟེན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ། 

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 5 Today: 4257 Total visitors: 6934