མགོན་པོ་རྡོ་རྗེ།
གནམ་ལོ་ཤིང་སྦྲུལ་ཟླཝ་ ༥ པའི་ཚེས་ ༧ སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ཡོན་ཏན་རྒྱལ་མཚན་མཆོག་ དགུང་ལོ་ ༩༠ ཐོག་ལུ་ དཔལ་ཎ་ལེནྜའི་ མཚམས་ཁང་ནང་ ཕྱི་རོའི་ཆུ་ཚོད་ ༡༠.༢༠ དེ་ཅིག་ཁར་ དགེ་བགྲེས་ཅིག་གིས་ བཀྲོངས་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
དོགས་པ་ཅན་ ཕོ་སྐྱེས་དེ་ ཧེ་མ་ལས་ ཨར་རྐུན་འབད་བའི་ ཉེས་འཛུགས་ཐོག་ལུ་ བཙོན་ཁྲིམས་འབག་མི་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པ་ལས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༥ པ་ཚུན་འབདཝ་ད་ ལོ་ངོ་ཕྱེད་དང་ ༢ ཀྱི་རིང་ལུ་ བཙོན་ཁང་ནང་ སྡོད་ཡོདཔ་སྦེ་ བྷུ་ཊཱན་ནིཛ་ གསར་ཤོག་ནང་བཀོད་ནུག།
མཛད་རྣམ་བཅུད་བསྡུས།
དེ་ཡང་ རྡོར་སློབ་སྐུ་བགྲེས་མཆོག་ རབ་བྱུང་ ༡༦ པའི་ཤིང་ཕག་ཟླཝ་ ༧ པའི་ཚེས་ ༡ སྤྱི་ལོ་ ༡༩༣༥ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ སྤུངས་རྫོང་ཆ་འདུས་ ནོར་བུ་སྒང་གི་ལྟག་ལུ་ གཡུས་འབུལ་སྒང་ཟེར་སར་ ཕ་མིང་འཕྲིན་ལས་དང་ མ་མིང་སངས་རྒྱས་ཆོས་འཛོམས་ ༢ ཀྱི་བུ་ལུ་ འཁྲུངས་ཡོདཔ་ཨིན་པས།
དགུང་ལོ་ ༥/༦ དེ་ཅིག་ཁར་ ཀ་ཁ་སྦྱང་ཀློག་དང་ ཚིག་བསྡུར་ བླ་མའི་སྐུ་བསྟོད་ ཀུན་བཟང་ནམ་མཁའ་ཚུན་ མ་རྒན་སངས་རྒྱས་ཆོས་འཛོམས་ཀྱིས་ སློབ་སྟོན་ཕུལ་བའི་ཤུལ་ལུ་ དགུང་ལོ་ ༨ ལས་ ཐིམ་བཀྲིས་ཆོས་རྫོང་ནང་ རྡོར་སློབ་ཀྱི་སྒོ་ཁར་ ལྟོ་གཟན་བཏང་ཡོདཔ་ད་ དགུང་ལོ་ ༩ ལས་ རྗེ་མཁན་ཁྲི་རབས་ ༦༠ པ་ བྱམས་མགོན་ངག་དབང་འཕྲིན་ལས་མཆོག་གི་ བཀའ་རྒྱ་ལྟར་དུ་ སྒྲ་པའི་གྲལ་ཁར་ ཕྱག་མཇལ་ཕུལ་ནུག།
དེ་ལས་ སྒྲ་པའི་གྲྭ་ཚང་ནང་ ཡོན་ཏན་སློབ་སྦྱངས་དང་ སྒྲིག་ལམ་རྣམ་བཞག་ གྲལ་རིམ་ལས་ཕོག་པའི་ལཱ་འགན་ ཚེས་བཅུ་གཉེར་པ་དང་ མཆོད་བཤམས་ལ་སོགས་པ་ཚུ་ འཐུས་ཤོར་མེད་པར་ ཕྱག་ཞུ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༦༡ པ་ བསམ་གཏན་རྒྱ་མཚོའི་སྒོ་ཁར་ གསོལ་གཟིམ་མཆོད་གསུམ་ལ་སོགས་པ་ ཕྱག་ཞུ་དགོ་པའི་རིགས་ཡང་ འཐུས་ཤོར་མེད་པར་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ སྒྲ་སློབ་ཐུབ་བསྟན་རྣམ་རྒྱལ་མཆོག་ སྔར་སྒྲ་སློབ་ཀྱི་ གོ་གནས་ཁར་ བཞུགས་རིང་ལུ་ ཡི་གུ་ལན་ཙྪ་དང་ ཝརྟུ་ དབུ་མེད་ལ་སོགས་པ་དང་ ཟམ་ཏོག་སུམ་རྟགས་དང་ སྔགས་ཀློག་ བཤེས་སྤྲིངས་ རྒྱལ་སྲས་ལག་ལེན་ ཀུན་མཁྱེན་བཀའ་འབུམ་གྱི་ ལྗགས་ལུང་ཚུ་ཞུ་ནུག།
སྤྱི་ལོ་ ༡༩༥༦ ལོར་ ན་ལེནྡྲ་ལུ་ སྒྲ་སློབ་སྐུ་བགྲེས་ རྣམ་རྒྱལ་མཆོག་གི་ ཞབས་སར་བཅར་ཏེ་ ཟམ་ཏོག་སུམ་རྟགས་དང་ ངག་སྒྲོན་ སྙན་ངག་ གཞུང་རིག་ཕལ་ཆེར་དང་ དཔལ་ལྡན་འབྲུག་པའི་ ཟབ་ཆོས་གདམས་ངག་སྡོང་པོ་གསུམ་འདྲིལ་ ཕ་ཆོས་བུ་ཆོས་ སྐྱེད་རིམ་ཡོངས་རྫོགས་ཀྱི་མན་ངག་ བཀའ་འགྱུར་ལྗགས་ལུང་ ཕྱག་ཆེན་ཆོས་དྲུག་ བསེ་འཕོ་རྫོགས་རིམ་ལ་སོགས་པའི་ བཀའ་ཁྲིད་ཚུ་ཞུ་སྟེ་ ལོ་ངོ་ ༥ དེ་ཅིག་ བཞུགས་ཡོདཔ་ཨིན་པས།
དེ་ལས་ རྗེ་མཁན་ཡོན་ཏན་བརྩོན་འགྲུས་མཆོག་གིས་ ལོག་འབོད་བཀུག་གནང་སྟེ་ སྦུག་གྲལཔ་ཚུ་དང་འདྲ་མཉམ་སྦེ་ དུས་མཆོད་འབུམ་སྡེ་ ཆེ་འབྲིང་ཆུང་ ༣ ག་ཅི་ལུ་ཡང་ ཆད་ལྷག་མེད་པར་ ཕྱག་ཞུ་ཡོདཔ་ད་ སྤུངས་ཐང་རྫོང་ནང་ དགེ་བཤེས་དགེ་འདུན་རིན་ཆེན་ཞུ་སྟེ་ བཤད་གྲྭ་འགོ་དང་པ་ བཙུགས་གནང་མིའི་ནང་ཡང་ འཛུལ་ཞུགས་མཛད་དེ་ དག་ཡིག་སུམ་རྟགས་ལ་སོགས་པ་ རིག་གནས་ཀྱི་སྐོར་དང་ རྒྱལ་སྲས་ལག་ལེན་དང་ བཤེས་སྤྲིངས་ལ་སོགས་པ་ གཞུང་གི་སྐོར་ ཐེག་པ་རིག་དགུ་ བདེན་བཞི་མི་རྟག་པ་ ༡༦ ཞབས་དྲུང་དག་སྣང་སྐོར་བབས་ཚུ་ཞུ་ནུག།
སྤྱི་ལོ་ ༡༩༥༩ ལུ་ འབྲུག་རྒྱལ་གསུམ་པ་མཆོག་གི་ བཀའ་རྒྱ་ལྟར་དུ་ བདེ་ཆེན་ཆོས་གླིང་ རྒྱལ་པོའི་ཡིག་ཚང་ནང་ རྫོང་ཁག་ ༩ ལུ་ ཁྲིམས་ཡིག་འདྲ་རེ་ བཀྲམ་ནིའི་དོན་ལས་ གྲྭ་ཚང་དམངས་ལས་ ཡི་གུ་བྲིས་ཤེས་མི་ ༥ ཁྲིམས་ཡིག་འདྲ་བཤུས་རྐྱབ་པར་ བཏང་གནང་ཡོདཔ་བཞིན་དུ་ ལོ་ཕྱེད་དང་ ༢ ཀྱི་རིང་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་ ༢༥ རེ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༦༡ ལུ་ སྐྱབས་རྗེ་ཡེ་ཤེས་སེངྒེ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེར་ འབྲུག་རྒྱལ་ཁབ་ནང་ དུས་དང་བསྟུནམ་ད་ རིག་གཞུང་སྦྱངས་སའི་ སློབ་གྲྭ་ཅིག་ བཙུགས་གནང་དགོ་པའི་ གསོལ་འདེབས་ཞུ་ཐོག་ལས་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ རྒྱ་གར་ལས་ གདན་འདྲེན་ཞུ་སྟེ་ དབང་འདུས་རྩེ་ལུ་ གཞུང་གྲྭ་ཚང་ལས་ ཞལ་གྲངས་ ༢༠ དང་ དམག་སྒར་ལས་ ༢༠ བདེ་གླིང་ཡིག་ཚང་ལས་ དྲུང་ཡིག་ ༢༠ རྫོང་ཁག་ཚུ་ལས་ ༤༠ བཅས་ སློབ་ཕྲུག་བསྡོམས་ ༡༠༠ སྦེ་ འགོ་བཙུགས་གནང་སར་ཡང་ འཛུལ་ཞུགས་མཛད་ནུག།
སྤྱི་ལོ་ ༡༩༦༥ ལུ་ སྐྱབས་རྗེ་ཡེ་ཤེས་སེངྒེ་མཆོག་ རྗེ་མཁན་པོའི་ཁྲི་ཐོག་ཁར་ ཕེབས་པའི་ཤུལ་ལུ་ སྒྲ་སྡེའི་ཞུས་དགཔ་སྦོམ་ཤོས་ཀྱི་ སྟོད་རྩེ་འཇིམ་དང་ བཀྲིས་ལེགས་དར་གནང་ཡོདཔ་ད་ སྤྱི་ལོ་ ༡༩༦༦ ལུ་ སྐྱབས་རྗེ་ཡེ་ཤེས་སེངྒེ་མཆོག་གིས་ སྔར་སྡེ་སྲིད་དྲུག་པ་ ངག་དབང་ཚེ་རིང་གིས་ བཞེངས་གནང་མི་ བཀའ་འགྱུར་གསེར་བྲིས་མ་དེ་ ཐིམ་རྫོང་མེ་མཆོད་སྐབས་ལུ་ ཕྱེད་ཀ་ཅིག་ མེ་གིས་བཞེས་ཡོད་མི་དེ་ ལོག་བཞེངས་ནི་གི་ ཕྱག་ལཱ་ཚུ་ཡང་ མཛད་གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་འགྱུར་གསེར་བྲིས་མ་ཡང་ བཞེངས་དགོ་པའི་ བཀའ་རྒྱ་གནངམ་བཞིན་དུ་ ལོ་ངོ་ ༣ གྱི་ནང་འཁོད་ལུ་ བསྟན་འགྱུར་པོ་ཏི་ ༢༢༥ གསེར་བྲིས་མ་ བཞེངས་ཚར་ནུག།
དེ་ལས་ སྤྱི་ལོ་ ༡༩༧༤ ལུ་ ཞུས་དག་པའི་ གོ་གནས་ལས་ དགོངས་ཞུ་མཛད་དེ་ བདེ་ཆེན་ཕོ་བྲང་སློབ་གྲྭའི་ དབུ་འཛིན་སྦེ་ ལོ་ངོ་ ༥ གི་རིང་ བཞུགས་པའི་སྐབས་ལུ་ སློབ་ཕྲུག་དྲག་རིམ་ ༡༠༠ ལྷགཔ་ཅིག་ལུ་ དག་ཡིག་སུམ་རྟགས་དང་ སྙན་ངག་ རྒྱལ་སྲས་ལག་ལེན་ བཤེས་སྤྲིངས་སྡོམ་ ༣ གྱི་ བཤད་པ་དང་ ཡི་གུ་ལན་ཙྪ་དང་ ཝརྟུ་ དབུ་མེད་ སྔགས་ཀློག་ལ་སོགས་པ་ཚུ་གི་ སློབ་སྟོན་མཛད་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༨༠ ལུ་ བློ་གྲོས་ཚོགས་སྡེ་ལས་ ཁྲིམས་བཟོ་ཚོགས་ཆུང་ཅིག་ བཙུགས་ཡོད་མིའི་ནང་ གྲྭ་ཚང་སྐུ་ཚབ་ རྩོམ་བྲིས་ཤེས་མི་ ༡ བཏང་གནང་དགོ་པའི་ ཞུ་ཡིག་འབྱོརཝ་བཞིན་དུ་ འདུས་དམངས་ལས་ སྐུ་ཚབ་སྦེ་ འགྱོ་དགོ་པའི་ བཀའ་གནངམ་ལས་ བློ་གྲོས་ཚོགས་སྡེའི་ནང་ ལོ་ངོ་ ༡༠ བཞུགས་རིང་ལུ་ བློ་ཚོགས་ཀྱི་ལས་འགན་དང་གཅིག་ཁར་ ཁྲིམས་གཞུང་ལེ་ཤ་ཅིག་ བརྩམས་གནང་ནུག།
སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་གིས་ སྒྲ་པའི་སློབ་དཔོན་ཀྱི་ དར་བཟེད་པར་ཤོག་ཟེར་ བཀའ་ཤོག་གནང་ཡོད་རུང་ གསོལཝ་བཏབ་སྟེ་ བསྙེན་མཚམས་ནང་ ལོ་ ༡ བཞུགས་པའི་ཤུལ་ལས་ སྤྱི་ལོ་ ༡༩༨༩ ལུ་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་ ཁྲི་ཐོག་ཁར་ ཕེབས་མ་ཐག་ཏུ་ སྒྲ་སློབ་ཀྱི་ བཀྲིས་ལེགས་དར་ གནང་ཡོདཔ་བཞིན་དུ་ སྒྲ་སློབ་སྦེ་ བཞུགས་རིང་ལུ་ སྐུ་རིམ་འབུམ་སྡེ་དང་ སྔ་ཕྱིའི་གསོལ་ཚོགས་ལ་སོགས་པའི་ དངུལ་རྩིས་ཀྱི་ འགོ་འཛིན་མཛད་དེ་ ལོ་ངོ་ ༨ དེ་ཅིག་ བཞུགས་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༩༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་མཆོག་ གསེར་ཁྲིར་ཕེབས་ཏེ་ ལོ་ངོ་ ༢༥ འཁོར་བའི་ དུས་སྟོན་དང་ཁྲིལ་ཏེ་ རྡོ་རྗེ་སློབ་དཔོན་གྱི་ གོ་གནས་བཞེས་ཡོདཔ་ལས་ ལོ་ངོ་ ༣ གྱི་རིང་ལུ་ གཞུང་གྲྭ་ཚང་ནང་ རྡོ་རྗེ་སློབ་དཔོན་སྦེ་ བཞུགས་ཡོད་པའི་གནས་ཚུལ།
གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་མཆོག་ བཀྲོངས་ཡོད་པའི་དོགས་ཟོན།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]