སྤྱི་ཟླ་ ༣ པའི་ཚེས་ ༢༩ དང་ སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ ཁྱབ་སྤེལ་འབད་མི་ ཀུན་གསལ་གསར་ཤོག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྒེར་གྱི་གསར་ཤོག་ཚུ་ གཞུང་གི་རྒྱབ་སྐྱོར་མ་དངུལ་ བརྡ་བརྒྱུད་ཚོང་ལས་གོང་འཕེལ་འཆར་དངུལ་ལུ་ གཞི་བརྟེན་འབད་དོ་ཡོད་ལུགས་དང་ བརྡ་བརྒྱུད་ཚུ་གིས་ རང་སོའི་འགན་འཁྲི་འབག་དགོ་པའི་ ལོ་རྒྱུས་ཚུ་ བཀོད་དེ་ཡོདཔ་ལས་ སྒེར་གྱི་གསར་ཤོག་ལས་སྡེ་ ༦ པོ་ག་ར་ལུ་ སེམས་ཕམ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྒེར་གྱི་གསར་ཤོག་ལས་སྡེའི་ ཇོ་བདག་ཚུ་ག་ར་ ཚོང་འབྲེལ་སྦོམ་འཐབ་མི་ ཕྱུག་ཆེན་ཚུ་ཨིནམ་སྦེ་ བཀོད་ཡོད་མི་དེ་ གཏམ་བཟང་ཅིག་ཨིནམ་ལས་ སེམས་དགའ་དགོཔ་ཅིག་ཨིན་རུང་ གཞུང་དབང་རང་སྐྱོང་ལས་སྡེ་སྦེ་ འཛིན་སྐྱོང་འཐབ་མི་ གསར་ཤོག་དེ་གིས་ ག་ཏེ་ཡང་ མ་བདེན་པའི་ རྫུན་གཏམ་སྤེལ་མི་དེ་ལུ་ཡང་ ག་དེ་སྦེ་ཨིན་ན་མནོ་བའི་ དོགས་ཟོན་བསྐྱེད་དགོཔ་བྱུང་ནུག།
མ་གཞི་ ཀུན་གསལ་གསར་ཤོག་དེ་ ཕྱི་ཁ་ལས་ རྒྱལ་ཁམས་ཀྱི་ གསར་ཤོག་གམ་ གཞུང་འབྲེལ་གསར་ཤོག་ཅིག་སྦེ་ རྩིས་སྲོལ་ཡོད་རུང་ དོན་མཐར་ཐུག་ལུ་ བགོ་བཤའ་བརྒྱ་ཆ་ ༤༩ དེ་་ རྒྱལ་ཁབ་ནང་ ཚོང་འབྲེལ་སྦོམ་འཐབ་མི་ ཕྱུག་ཆེན་ཚུ་གིས་ འཆང་སྟེ་ཡོད་པའི་གུ་ ས་ཁོངས་དང་ ཡིག་ཚང་གི་ཁྱིམ་ལས་ འགོ་བཙུགས་ཏེ་ དཔར་བསྐྲུན་འཕྲུལ་ཆས་ལ་སོགས་པའི་ གཞི་རྟེན་མཁོ་ཆས་ཚུ་ཡང་ག་ར་ གཞུང་གི་ཁ་ཐུག་ལས་ བཙུགས་གནང་སྟེ་ ལཱ་འབད་ཆོག་ཆོག་སྦེ་ བཟོ་གནང་ཡོདཔ་ཨིན་པས།
དེ་མ་ཚད་ ད་རེས་ནངས་པར་ཡང་ ཀུན་གསལ་གསར་ཤོག་དེ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ ཐད་ཀར་མིན་པའི་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ གནང་བཞིན་དུ་ཡོད་མི་དེ་ཡང་ དཔྱེ་འབད་བ་ཅིན་ རིན་བསྡུར་ནང་ གྲལ་གཏོགས་འབད་མ་དགོ་པར་ དཔར་སྐྲུན་གྱི་རིགས་དང་ གསལ་བསྒྲགས་ལ་སོགས་པ་ཚུ་ག་ར་ ཐད་ཀར་དུ་ ཀུན་གསལ་ལུ་ གནང་བཞིན་དུ་ཡོདཔ་སྦེ་ དངུལ་རྩིས་དྲུང་ཆེན་མཆོག་གིས་ གསུངས་ཡོད་པའི་སྐོར་ལས་ གསར་ཤོག་ཅིག་ནང་ གསལ་བཀོད་འབད་ནུག།
དངུལ་རྩིས་དྲུང་ཆེན་གྱིས་ དེ་སྦེ་ གསུངས་མི་ལུ་བལྟ་བ་ཅིན་ བགོ་བཤའ་བརྒྱ་ཆ་ ༤༩ འཆང་མི་ སྒེར་སྡེ་ཕྱུགཔོ་ཚུ་ལུ་ ཁེ་སང་བགོ་བཀྲམ་འབད་མི་དེ་ ཐུགས་ཁར་མ་འཆརཝ་བཟུམ་ཅིག་གི་ ཚོར་སྣང་བྱུང་པའི་ཁར་ གཞུང་གི་འགོ་དཔོན་ཚུ་དང་ ལས་འཛིན་ ལས་སྡེ་ལ་སོགས་པའི་ འགོ་དཔོན་ཚུ་གིས་ཡང་ ཀུན་གསལ་གྱི་ འབབ་ཁུངས་དེ་ཚུ་ག་ར་ གཞུང་གི་འབབ་ཁུངས་ཨིན་པའི་ ཐུགས་བཞེད་གནང་མི་དེ་ འཛོལ་བ་ཨིནམ་སྦེ་ མཁྱེན་དགོཔ་འདུག།
ཀུན་གསལ་ལུ་ གསལ་བསྒྲགས་ལ་སོགས་པ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ གནང་མི་དེ་ ཁྱབ་ཚད་ལུ་བརྟེན་ཏེ་ཨིན་ཟེར་བ་ཅིན་ ད་རེས་ནངས་པར་ འཕྲུལ་རིག་ཚུ་ ཡར་རྒྱས་མགྱོགས་དྲགས་སྦེ་ འགྱོ་བཞིན་དུ་ཡོདཔ་ལས་ སྒེར་སྡེའི་གསར་ཤོག་ ལ་ལོ་ཅིག་གིས་ ཀུན་གསལ་ལུ་ དོ་འགྲན་འབད་ཚུགས་པའི་ སེམས་ཤུགས་ཡང་ཡོདཔ་ཨིན་པས།
དེ་ལས་ རྒྱལ་སྤྱི་གསར་ཤོག་འདི་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་ བཅའ་ཁྲིམས་དང་འཁྲིལ་ཏེ་ སྒེར་སྡེ་ཚད་འཛིན་སྦེ་ ཐོ་བཀོད་འབད་དེ་ཡོད་རུང་ ཀུན་གསལ་ནང་ མགོན་པོ་རྡོ་རྗེའི་ རང་དབང་གསར་ཤོག་ཨིནམ་སྦེ་ བཀོད་མིའི་ཐེད་ཁར་ཡང་ བཟོད་གསོལ་གྱི་ ནོར་བཅོས་བྲིས་དགོཔ་ ཐོན་ཡོདཔ་ལས་ དོགས་ཟོན་བསྐྱེད་དགོཔ་བྱུང་ནུག།
མ་གཞི་ སྒེར་སྡེའི་གསར་ཤོག་ཚུ་ལུ་ཡང་ ཀུན་གསལ་བཟུམ་སྦེ་ གསལ་བསྒྲགས་ལ་སོགས་པའི་སྒོ་ལས་ ཐད་ཀར་མིན་པའི་ མ་དངུལ་གྱི་ རྒྱབ་སྐྱོར་གནང་པ་ཅིན་ ཐད་ཀར་གྱི་ མ་དངུལ་རྒྱབ་སྐྱོར་མ་གནང་རུང་ ཡུན་བརྟན་སྦེ་ གནས་ཚུགས་ནི་ཨིན་པའི་ཁར་ ལཱ་གཡོག་གི་ གོ་སྐབས་དང་ ལས་བྱེདཔ་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ཚུ་ཡང་ གཞུང་གཡོགཔ་ཚུ་དང་ དབྱེ་བ་མེདཔ་སྦེ་ བྱིན་ཚུགས་ནི་གི་ འོས་འབབ་འདུག།
ཀུན་གསལ་འདི་ སྤྱི་ལོ་ ༡༩༦༥ ལོར་ འགོ་དང་པ་ འབྲུག་རྒྱལ་ཁབ་རང་གི་ ཆོས་སྐད་ཐོག་ལུ་ གཞི་བཙུགས་གནང་ཡོད་རུང་ དེང་སང་ རྫོང་ཁའི་ཀུན་གསལ་དེ་ ཉིན་བསྟར་གསར་ཤོག་ལས་ བདུན་རིམ་གསར་ཤོག་ལུ་ མར་ཕབ་འབད་མི་དེ་ རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ལུ་ གུས་ཞབས་དང་ དག་སྣང་མེདཔ་བཟུམ་ཅིག་གི་ ཚོར་སྣང་བྱུངམ་ཨིན་པས།
དེ་བཟུམ་སྦེ་ གཞུང་གི་འགོ་དཔོན་ཚུ་གིས་ཡང་ རྫོང་ཁའི་གསར་ཤོག་ལུ་ གསལ་བསྒྲགས་ལ་སོགས་པའི་ རྒྱབ་སྐྱོར་མེད་མི་དེ་ཡང་ གཞུང་ཞབས་ལས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ རྒྱལ་ཁབ་ཀྱི་ ངོ་རྟགས་ངོ་མ་སྦེ་ ངེས་པར་དུ་ གོང་འཕེལ་གཏང་དགོ་པའི་ ཐུགས་དགོངས་དང་ དེ་དང་བསྟུན་པའི་ བཀའ་ཤོག་གནང་མི་ཚུ་ལུ་ཡང་ བརྩི་བཀུར་དང་ དག་སྣང་མེད་པའི་ རྟགས་མཚན་སྟོནམ་མིན་ན་མནོ་བའི་ དོགས་ཟོན་འདུག།
དེ་ལས་ རྫོང་ཁའི་ཀུན་གསལ་གྱི་དོན་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ལས་ ལོགས་སུ་སྦེ་ མ་དངུལ་གྱི་ རྒྱབ་སྐྱོར་ལེན་མིའི་ཐེད་ཁར་ཡང་ བགོ་བཤའ་འཆང་མི་ཚུ་ལུ་ ཁེ་སང་ཚུ་ བགོ་བཀྲམ་འབད་ཚུགསཔ་ད་ རྫོང་ཁའི་གསར་ཤོག་ནང་ ལཱ་འབད་མི་ ལས་བྱེདཔ་ཕུད་རྡོག་ ༣ ལུ་ དངུལ་ཕོགས་ག་ཅི་སྦེ་ བྱིན་མ་ཚུགསཔ་ཨིན་ན་མནོ་བའི་ བསམ་འཆར་བཀོད་ནི་གི་ གཞི་ཅིག་ལུ་ཡང་ གྱུར་ཡོདཔ་ཨིན་པས།
གཞུང་ཞབས་ལས་ སྒེར་གྱི་གསར་ཤོག་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་མི་དེ་ དཔར་བསྐྲུན་ལྷན་ཐབས་སྦེ་ འགོ་བཙུགས་ཡོདཔ་ལས་ རྒྱང་བསྒྲགས་རེ་ཌི་ཨོ་ཚུ་ལུ་ ཁྱབ་ཚད་མེདཔ་ད་ དེ་བཟུམ་སྦེ་ གློག་བརྙན་བཟོ་གྲྭ་ཚུ་ལུ་ གཞུང་ལས་ རྒྱབ་སྐྱོར་གནང་མི་ལུ་ཡང་ གསར་ཤོག་ཚུ་གི་ཧོངས་ལས་ ཉོག་བཤད་བཀོད་ནི་གི་ འོས་འབབ་མེདཔ་ཨིན་པའི་གནས་ཚུལ།
ཀུན་གསལ་གྱིས་ སྒེར་སྡེའི་གསར་ཤོག་ཚུ་གི་སྐོར་ལས་ བདེན་ཁུངས་མེད་པའི་ འཐོར་གཏམ་སྤེལ་མི་ལུ་དོགས་སེལ།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]
