ArchiveAboutContact
National News

འབྲུག་གི་སྒྲིག་བཀོད་ཤིང་ཆས་བརྟག་དཔྱད་དང་ ཞིབ་འཚོལ་མཐུན་རྐྱེན་དང་པ་ གཞི་བཙུགས་ཀྱི་དོན་ལས་ གོ་བརྡའི་ཆིངས་ཡིག།

· 1 min read

སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ ༢ ཀྱི་བར་ན་ འབྲུག་གི་སྒྲིག་བཀོད་ཤིང་ཆས་བརྟག་དཔྱད་དང་ ཞིབ་འཚོལ་ དེ་ལས་ གོང་འཕེལ་མཐུན་རྐྱེན་དང་པ་ གཞི་བཙུགས་འབད་ནི་གི་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག།
དེ་ཡང་ ཤིང་ཆས་གུ་ གཞི་བརྟེན་འབད་མི་ བཟོ་རིག་དང་ ཡུན་བརྟན་ཅན་གྱི་ བཟོ་སྐྲུན་ལམ་ལུགས་ནང་ ཞིབ་འཚོལ་དང་ ཤེས་ཡོན་ དེ་ལས་ གསར་བཏོད་ཚུ་ གོང་འཕེལ་ཐོག་ལས་ འབྲུག་གི་ཤིང་ཆས་ཐོན་ཁུངས་ཀྱི་ ལྕོགས་གྲུབ་ཡར་སེང་ལུ་ ཕན་ཐབས་འབད་ནི་ཨིན་པས།
འབྲུག་ལུ་ ནགས་ཚལ་གྱི་ ཐོན་ཁུངས་རྒྱ་ཆེ་ཏོག་ཏོ་ཡོད་རུང་ ལོ་བསྟར་བཞིན་དུ་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ ནང་འདྲེན་འབད་དོ་ཡོད་མིའི་གྲངས་སུ་ བཙོག་རླུང་ཀཱར་བོན་ཐོན་པའི་ ལྕགས་དང་ རྩི་འདམ་ཚུ་ ཚུདཔ་ཨིན་པས་ཟེར་བཀོད་ནུག།
འཕྲལ་ཁམས་ཀྱི་ ལོ་ཚུ་ནང་ དེ་བཟུམ་མའི་ ཅ་ཆས་ཀྱི་ཚབ་ལུ་ བཟོ་སྒྲིག་འབད་མི་ ཤིང་ཆས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ ཐོན་དོ་ཡོདཔ་ལས་ སྒྲིག་བཀོད་ཤིང་ཆས་མཐུན་རྐྱེན་གྱི་ གཞི་བཙུགས་འགན་ཁུར་དེ་ཡང་ ནགས་ཚལ་ཐོན་ཁུངས་གུ་ གཞི་བརྟེན་ཏེ་ དེ་བཟུམ་མའི་ འཐོན་རིམ་ཅན་གྱི་ ཚོང་ལམ་ནང་ བཅའ་མར་གཏོགས་ནི་ཡོདཔ་ བཟོ་ཐབས་ལུ་ཨིན་པས།
ད་རེས་ ཡུན་བརྟན་ཅན་གྱི་ བཟོ་བསྐྲུན་ལམ་ལུགས་སྐོར་ལས་ ཤེས་རྟོགས་དང་ མོ་བཏབ་ཀྱི་ལཱ་ཚུ་ ཡར་སེང་ཅན་སྦེ་ར་ འཐོན་དོ་ཡོདཔ་ལས་ འགན་ཁུར་དེ་ འགྲུབ་ཐབས་ལུ་ འབྲུག་ནང་འཁོད་ཀྱི་ ཤིང་ཆས་ཚུ་ སྤུས་ཚད་ཡར་སེང་ཐོག་ལས་ ནང་འཁོད་ཚོང་ལམ་དང་ ཡང་ཅིན་ ཕྱི་ཁའི་ཚོང་ལམ་ཚུ་ནང་ སྒྲིག་བཀོད་ཀྱི་དོན་ལུ་ ལག་ལེན་གྲ་སྒྲིག་འབད་དགོཔ་ཡོད་ཟེར་བཀོད་ནུག།
སྒྲིག་བཀོད་ཤིང་ཆས་བརྟག་དཔྱད་དང་ ཞིབ་འཚོལ་ གོང་འཕེལ་མཐུན་རྐྱེན་དེ་ ཕུན་ཚོགས་གླིང་ལུ་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་སྦེ་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་ཡང་ ཐོན་སྐྱེད་ཀྱི་ སྤུས་ཚད་དང་ ཉེན་སྲུང་ཚད་གཞི་ཚུ་ ཚུལ་མཐུན་ཡོད་པའི་ འབྲུག་གི་ཤིང་ཆས་བརྟག་དཔྱད་དང་ ཞིབ་འཚོལ་གྱི་ ལྕོགས་གྲུབ་ཡོད་མི་ མཐུན་རྐྱེན་ཉག་གཅིག་སྦེ་ བཟོ་བཏོན་འཕྲུལ་རིག་གི་ ཚོང་ལམ་བྱ་སྟབས་བདེ་ཏོག་ཏོ་བཟོ་མི་ གཙོ་བོ་སྦེ་ གནས་ནི་ཨིན་པས།
དེ་མ་ཚད་ མཐུན་རྐྱེན་དེ་གིས་ བཟོ་བཏོན་འཕྲུལ་རིག་གི་ ཅ་ཆས་ཚུ་ ངེས་སྦྱོར་འབད་ནི་ལུ་ དགོས་དོན་ཡོད་མི་ ཁྱིམ་བཟོ་དང་ བརྟག་དཔྱད་ལཱ་ཆ་ཚུ་ རྒྱུན་སྐྱོང་འཐབ་ནི་དང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་གིས་ ཤེས་ཡོན་གྱི་ ཆོས་ཚན་དང་ ཞིབ་འཚོལ་ལས་རིམ་གསརཔ་ཚུ་ གོང་འཕེལ་བཏང་སྟེ་ ཤིང་ཆས་བཟོ་རིག་ལས་སྡེའི་ནང་ མི་སྟོབས་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་བཀོད་ནུག།
འབྲུག་ལུ་ བཟོ་བཏོན་འཕྲུལ་རིག་ལས་སྡེ་ ཡར་འཕར་གྱི་དོན་ལུ་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལས་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ དེ་ཡང་ མ་རྩ་གཞི་བཙུགས་འབད་དེ་ ས་གནས་ཁར་ཡོད་མི་ ཐོན་ཁུངས་ཚུ་སྤྱོད་དེ་ ནང་འདྲེན་མར་ཕབ་ཐོག་ལས་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་གོང་འཕེལ་གྱི་ མཐོང་སྣང་དང་ ཚུལ་མཐུན་ཡོདཔ་སྦེ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨུཇ་ཝཱལ་དིབ་ ད་ཧཱལ་གྱིས་འབད་བ་ཅིན་ ད་རེས་ཀྱི་ མཉམ་འབྲེལ་དེ་གིས་ འབྲུག་གི་ ཤིང་ཆས་བཟོ་གྲྭ་གོང་འཕེལ་ནང་ གལ་ཆེ་བའི་ གོམ་པ་མདུན་སྤོའི་ རྟགས་མཚན་ཅིག་ཨིནམ་ད་ དེ་བཟུམ་མའི་ མཐུན་རྐྱེན་གཞི་བཙུགས་འབད་ནི་དེ་ ཡུན་བརྟན་ཅན་གྱི་ གོང་འཕེལ་ལུ་ ཁས་ལེན་ཡོད་པའི་ རྟགས་མཚན་ཡང་ཨིན་ཟེར་བཤད་ནུག།
ཁོ་གིས་འབད་བ་ཅིན་ ཞིབ་འཚོལ་དང་ གོང་འཕེལ་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ མཉམ་འབྲེལ་དེ་གིས་ ས་གནས་ཀྱི་ ཤིང་གི་ཐོན་ཁུངས་ཚུ་སྤྱོད་ནི་ གོང་འཕེལ་གཏང་ནི་གིས་མ་དོ་བར་ མ་འོངས་པའི་ བཟོ་བསྐྲུན་དོན་ལུ་ ཡུན་བརྟན་དང་ གསར་བཏོད་ཀྱི་ མདུན་ལམ་ཡང་ ལེགས་ཤོམ་བཟོ་འོང་ཟེར་ཨིན་པས།
དེ་ལས་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཌོག་ཊར་ཆོས་སྐྱིད་རྡོ་རྗེ་གིས་ ཤུལ་མའི་འབྲུག་གི་བཟོ་རིག་པ་དང་ ཞིབ་འཚོལ་པ་ཚུ་ ལྕོགས་གྲུབ་ཡོདཔ་ བཟོ་ནི་དང་ རྒྱལ་སྤྱིའི་གནས་རིམ་ནང་ ཤིང་ཆས་བཟོ་རིག་ གསར་བཏོད་འབད་ནི་ལུ་ ཐབས་ལམ་འཚོལ་ཞིབ་ཀྱི་དོན་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ལུ་ སྤྲོ་བ་སྦོམ་ཡོད་ཟེར་བཤད་ནུག།
དེ་མ་ཚད་ མཐུན་རྐྱེན་དེ་ཡང་ བཟོ་གྲྭའི་ཁྱད་ལཱ་འབད་མི་ཚུ་གི་བར་ན་ ཤེས་ཡོན་བརྗེ་སོར་དང་ མཉམ་འབྲེལ་འཐབ་སྟེ་ མཐར་ཐུག་ལུ་ འབྲུག་དང་ འཛམ་གླིང་ནང་ སླར་འབྱུང་ཅན་གྱི་ མ་འོངས་པ་ལུ་ ཕན་རླབས་ཆེ་ནི་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 14 Today: 4507 Total visitors: 7184