སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་ འགོ་འབྱེད་རྟེན་འབྲེལ་ མཛད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་འདི་ དགའ་ཏོག་ཏོ་དང་ འབྱོར་པ་ཆེ་ཏོག་ཏོ་བཟོ་ནི་ མ་འོངས་ཉེན་སྲུང་ཚུ་གི་དོན་ལུ་ ལམ་སྟོན་སྦེ་ བཟོ་སྒྲིག་འབད་དེ་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ བློན་པོ་ལྷན་རྒྱས་ཀྱིས་ དབུ་གཙོས་པའི་ གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ ཟུང་ཕྱོགས་དང་ རྒྱལ་སྤྱིའི་གོང་འཕེལ་མཉམ་རོགས་ཚུ་གིས་མ་ཚད་པར་ དངུལ་འབྲེལ་གཙུག་སྡེ་དང་ ཞི་བའི་མི་སྡེ་ སྒེར་སྡེ་ཁག་གི་ ངོ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པ་ལས་ སྤྱི་ལོ་ ༢༠༢༩ སྤྱི་ཟླ་ ༦ པ་ཚུན་གྱི་ འཆར་གཞི་ ༡༣ པ་འདི་ སྤྱི་ལོ་ ༢༠༣༤ ལུ་ འབྲུག་རྒྱལ་ཁབ་འདི་ འབབ་ཁུངས་མཐོ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དཔལ་འབྱོར་ལུ་ བསྒྱུར་ནི་གི་ ཡུན་རིང་འཆར་སྣང་ནང་འཁོད་ ཐབས་བྱུས་ཅན་ཅིག་སྦེ་ སྒྲིག་བཀོད་འབད་དེ་ཡོདཔ་ཨིན་པས།
ཡོངས་རྫོགས་ཅན་གྱི་ འཆར་གཞི་འདི་གིས་ འཕྲོ་མཐུད་དེ་ར་ དཔལ་འབྱོར་གོང་འཕེལ་དེ་ མཐའ་འཁོར་གནས་སྟངས་ ཡུན་བརྟན་དང་ སྔར་ཁྱུན་ལམ་སྲོལ་ཉམས་སྲུང་ མི་སྡེ་ཡར་འཕེལ་ཚུ་ དོ་མཉམ་ལམ་སྲོལ་ རྒྱུན་སྐྱོང་འཐབ་ཐོག་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གཞི་སྒྱུར་དང་ མི་སེར་ཚུ་གི་དོན་ལུ་ གོ་སྐབས་ཡར་དྲག་དང་ ཉེན་སྲུང་ཚུ་ནང་ གཙོ་བོར་བཟུང་ནི་ཨིན་པས།
འཆར་གཞི་འདི་གིས་ སྤྱི་ལོ་ ༢༠༢༩ འཐོནམ་ད་ འབྲུག་གི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་དེ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༥ དང་ ངོ་རྐྱང་འཐོན་སྐྱེད་ཡོངས་འབོར་དེ་ ཡུ་ཨེཛ་ཌོ་ལར་ ༦,༡༧༤ ལུ་ ཡར་སེང་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
འཆར་གཞི་ ༡༣ པའི་ ཐབས་བྱུས་ཅན་གྱི་ དམིགས་གཏད་དེ་ཡང་ སྤྱི་ལོ་ ༢༠༢༩ འཐོནམ་ད་ རྒྱལ་ཁབ་འདི་ གསར་བཏོད་དང་ ཡུན་བརྟན་ལུ་ གཞི་བརྟེན་འབད་དེ་ འབབ་ཁུངས་མཐོ་བའི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༥ འབད་མིའི་ རྒྱལ་ཁབ་ལུ་ བསྒྱུར་ནི་དང།
གསོ་བ་དང་ ཤེས་རིག་ མི་སྡེ་ཉེན་སྲུང་ཚུ་ སྤུས་ཚད་མཐོ་དྲགས་དང་ གོ་སྐབས་འདྲ་མཉམ་ཐོག་ལས་ འཕྲོད་བསྟེན་དང་ལྡན་པའི་ འཐོན་སྐྱེད་ཅན་གྱི་ མི་སྡེ་ལུ་བསྒྱུར་ནི།
རྒྱལ་ཁབ་ཀྱི་ རང་དབང་དང་ ས་ཁོངས་ཀྱི་དྲང་བདེན་ སྲུང་སྐྱོབ་ གཅིག་བསྒྲིལ་ བདེ་ཉམས་ སྟོབས་ཤུགས་ དེ་ལས་ དཔལ་འབྱོར་ཚུ་ ཉེན་སྲུང་དང་ བཙན་ཐབས་འབད་ནི།
མགྱོགས་ཤུགས་ཅན་གྱི་ དཔལ་འབྱོར་ཡར་འཕར་ གཞི་སྒྱུར་དང་ མི་སེར་གྱི་ འཚོ་བ་ལེགསསྒྱུར་ལུ་ མཐུན་རྐྱེན་སྦྱར་ནི་ཡོད་པའི་ གཞི་སྒྱུར་ཅན་དང་ བློ་གཏད་རུང་བའི་ གཞུང་སྐྱོང་གི་ གནས་སྟངས་ཡོདཔ་ བཟོ་ནི་ཚུ་ཨིན་པས།
དམིགས་གཏད་དེ་ཚུ་ བསྒྲུབ་ནིའི་དོན་ལུ་ འཆར་གཞི་ ༡༣ པའི་ འཆར་དངུལ་བགོ་བཀྲམ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༥༡༢.༢༨༣ གྱི་ ཚོད་རྩིས་བཀོད་དེ་ཡོད་མི་དེ་ འཆར་གཞི་ ༡༢ པ་དང་ཕྱདཔ་ད་ བརྒྱ་ཆ་ ༦༣ གྱིས་ ཡར་སེང་ཨིན་པས།
འཆར་གཞིའི་དམིགས་གཏད་ཚུ་ཡང་ རྒྱལ་ཡོངས་ལས་རིམ་ཁག་ ༨ ཀྱི་ཐོག་ལས་ བསྒྲུབ་ནི་དང་ ལས་རིམ་དེ་ཚུ་ གཞུང་གི་ལས་སྡེ་ཚུ་དང་ ས་གནས་གཞུང་ དེ་ལས་ འབྲེལ་ཡོད་གོང་འཕེལ་མཉམ་རོགས་ཚུ་གི་ མཉམ་འབྲེལ་བརྩོན་ཤུགས་སྒོ་ལས་ ཤོ་སྙོམས་དང་ ཕན་ཚུན་འབྲེལ་གནད་ཅན་གྱི་ དམིགས་དོན་ཚུ་གི་བར་ན་ འབྲེལ་མཐུན་ཡོདཔ་ ངེས་གཏན་བཟོ་ཐོག་ལས་ བསྒྲུབ་ནི་ཨིན་པས།
འཆར་གཞི་ ༡༣ པ་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༢ པ་ལས་ཚུར་ གཞུང་གི་བཀོད་རྒྱའི་འོག་ལུ་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་གིས་ འགོ་ཁྲིད་འབད་དེ་ གཞུང་སྐྱོང་ཡན་ལག་བཞི་དང་ ས་གནས་གཞུང་ གོང་འཕེལ་མཉམ་རོགས་ སྒེར་སྡེ་ སྲིད་དོན་ཚོགས་པ་ སྤྱི་ཚོགས་ཀྱི་འཐུས་མི་ ཞི་བའི་མི་སྡེ་ལས་ཚོགས་ དེ་ལས་ འབྲེལ་ཡོད་ཁེ་གྱོང་འབག་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་དམ་ཟབ་ཀྱི་སྒོ་ལས་ བཟོ་སྒྲིག་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།
མི་རྗེ་བློན་ཆེན་མཆོག་གིས་ འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་ འགོ་འབྱེད་རྟེན་འབྲེལ།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]