དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་དང་འཁྲིལཝ་ད་ གཞུང་དབང་ལས༌འཛིན༌ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཏན་འཇགས་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་དེ་ རང་སོའི་དངུལ་ཕོགས་ཚད་གཞི་ དམའ་མཐའ་གུ་ བརྒྱ་ཆ་ ༤༦ ལས་ བརྒྱ་ཆ་ ༧༢ ཀྱི་བར་ན་ འཐོབ་ནི་ཧིནམ་ད་ དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ འཐོབ་ནི་ཨིན་པས།
མ་གཞི་ དངུལ་རྩིས་ལྷན་ཁག་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ དངུལ་ཕོགས་ཡར་སེང་གི་སྐོར་ལས་ གསལ་བསྒྲགས་ཅིག་ བཏོན་ཡོད་རུང་ བདུན་ཕྲག་ ༡ གི་རྒྱབ་ལས་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་དང་ གཞུང་དབང་ལས་འཛིན་ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་མིའི་ནང་ལས་ གཞུང་དབང་ལས་འཛིན་ཚུ་གིས་ དངུལ་ཕོགས་ཡར་སེང་གི་ གྲོས་འདེབས་རེ་ མདོ་ཆེན་བཀོད་ཚོགས་ཀྱི་ གནང་བའི་ཐོག་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ གི་ཧེ་མར་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་དགོ་པའི་ བཀོད་རྒྱ་བཏང་ནུག།
དངུལ་ཕོགས་བསྐྱར་བཟོ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་དང་ འབྲུག་གི་རྒྱལ་ཡོངས་དངུལ་ཁང་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ༢ ཀྱི་ གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༨༥,༥༠༠ ཡོད་མི་དེ་ གཞུང་དབང་ལས་འཛིན་ གཞན་ཚུ་དང་ཕྱདཔ་ད་ མཐོ་སུ་ཡོདཔ་ལས་ ཁོང་ལུ་ ཟླ་རིམ་སྟབས་གཅིག་ཁར་སྦེ་ དངུལ་ཀྲམ་ ༥༡,༣༠༠ རེ་ ཡར་སེང་འཐོབ་ནི་ཨིན་པས།
གཞུང་དབང་ལས་འཛིན་གཞན་ཚུ་གི་ གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༧༥,༠༠༠ རེ་ཡོད་མི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་ལུ་ ཟླ་རིམ་སྟབས་གཅིག་ཁར་སྦེ་ དངུལ་ཀྲམ་ ༤༥,༠༠༠ རེ་ ཡར་སེང་འབད་ནུག།
དེ་ལས་ གཏན་འཇགས་ལས་བྱེདཔ་ཚུ་གི་ གོ་གནས་སྡེ་རིམ་ ༡ པ་ལས་ ༡༩ གི་བར་ན་ ཟླ་རིམ་གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༥༥,༥༨༠ ལས་ དངུལ་ཀྲམ་ ༡༠,༡༨༠ གི་བར་ན་འབད་མི་ཚུ་ལུ་ ཟླ་རིམ་སྟབས་གཅིག་ཁར་སྦེ་ དངུལ་ཀྲམ་ ༢༥,༣༢༥ ལས་ དངུལ་ཀྲམ་ ༧,༣༠༠ གི་བར་ན་ ཡར་སེང་འཐོབ་ནི་ཨིན་པས།
དངུལ་རྩིས་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ དངུལ་ཕོགས་ཀྱི་སྒྲིག་གཞི་ བསྐྱར་བཟོ་འབད་བའི་ཤུལ་ལུ་ ད་རེས་ དངུལ་ཕོགས་ཀྱི་ ཚད་གཞི་མཐོ་ཚད་ཁར་ ལྷོད་དེ་ཡོད་མི་ཚུ་ལུ་ རང་སོའི་དངུལ་ཕོགས་ཟེར་ དངུལ་ཕོགས་ཁ་སྐོང་ ཐོབ་སྲོལ་ཡོད་མི་ཚུ་ འཕྲོ་རྒྱུན་གཅད་ནི་ཨིནམ་ད་ ད་ལས་ཕར་ དངུལ་ཕོགས་ཀྱི་ཚད་གཞི་ མཐོ་ཚད་ལས་རྒལ་བའི་ དངུལ་ཕོགས་མི་འཐོབ་ནི་ཨིན་པས།
ངལ་གསོ་དངུལ་སྒྱུར་གྱི་ཐེད་ཁར་ ཟླཝ་གཅིག་གི་ གཞི་རྟེན་དངུལ་ཕོགས་ ཐོབ་སྲོལ་ཡོད་མི་དེ་ སྔར་ག་ཨིནམ་སྦེ་ ལས་འཛིན་རང་སོའི་ ནང་འཁོད་ཀྱི་ ལཱ་གཡོག་ སྒྲིག་གཞི་དང་འཁྲིལ་ཏེ་ འཐོབ་ནི་ཨིན་རུང་ ལོ་བསྟར་བཞིན་དུ་ ངལ་གསོར་འགྲུལ་བསྐྱོད་ཀྱི་འཐུས་ མཐོ་ཤོས་དངུལ་ཀྲམ་ ༡༥,༠༠༠ རེ་དང་ དམའ་ཤོས་རང་སོའི་ཟླ་རིམ་གཞི་རྟེན་དངུལ་ཕོགས་ ༢ ལས་ དམའ་ཤོས་ཐོབ་སྲོལ་ཡོད་མི་དེ་ འཕྲོ་རྒྱུན་བཅད་དེ་ བགོ་བཤའི་ཐོག་ལུ་ ཟླ་རིམ་དངུལ་ཕོགས་ནང་ དཔྱ་བགོ་བཀོད་དེ་བཟོ་ནུག།
དེ་ཡང་ གོ་གནས་སྡེ་རིམ་ ༡༡ པ་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུན་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ ༡,༢༥༠ རེ་ འཐོབ་ནི་དང་ གོ་གནས་སྡེ་རིམ་ ༡༢ ལས་ ༡༩ གི་བར་ན་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ ༡,༢༠༥ ལས་ དངུལ་ཀྲམ་ ༨༥༠ གི་བར་ན་ འཐོབ་ནི་ཨིན་པས།
གོ་གནས་ཀྱི་ཆེད་དུ་བཀོད་པའི་ སྣུམ་འཁོར་དེ་ཡང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་རྐྱངམ་གཅིག་ལུ་ འཐོབ་ནི་དང་ གྲུབ་འབྲས་གུ་ གཞི་བརྟེན་འབད་བའི་ འགྱུར་ཁྱད་ཅན་གྱི་ སེམས་ཤུགས་མཐུན་རྐྱེན་དེ་ ལོ་བསྟར་གཞི་རྟེན་དངུལ་ཕོགས་ལས་ མཐོ་ཤོས་བརྒྱ་ཆ་ ༢༥ ཚུན་ འཐོབ་ནི་ཨིན་མི་དེ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ འདྲ་མཉམ་ཨིནམ་ད་ གཞུང་དབང་ལས་འཛིན་ཚུ་གི་ གྲུབ་འབྲས་ཚུ་ བཀོད་ཚོགས་ཀྱིས་ ཐག་གཅད་ནི་ཨིན་པས།
དངུལ་ཕོགས་བསྐྱར་བཟོའི་ནང་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ ལས་འཛིན་རང་སོའི་ ནང་འཁོད་སྒྲིག་གཞི་ལྟར་དུ་ རང་འཇགས་བཞག་ཡོད་རུང་ ཐུགས་བརྩེའི་གསོལ་རས་ཀྱི་ཐེད་ཁར་ ཤི་རྐྱེན་དང་ ཁག་འབག་ཐོག་གི་ ལས་བྱེདཔ་ཚུ་ལུ་མ་གཏོགས་ གཞན་ཚུ་གི་དོན་ལས་ སྒྲིག་ལོ་ ༡༠ ཚང་དགོཔ་ཨིན་པས།
འཐུས་ཚུ་གི་ཐེད་ཁར་ ལས་བྱེདཔ་ག་ར་ལུ་ ཟླ་རིམ་བཞིན་དུ་ ཁང་གླའི་འཐུས་ ཟླ་རིམ་དངུལ་ཕོགས་ལས་ བརྒྱ་ཆ་ ༢༠ རེ་ འཐོབ་ནི་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་ལུ་ ཁང་གླའི་ཐོབ་ལམ་མེདཔ་ཨིན་རུང་ ཁག་འབག་གི་འཐུས་ གཞི་རྟེན་དངུལ་ཕོགས་ དམའ་མཐའ་ལས་ བརྒྱ་ཆ་ ༦༠ རེའི་ འོག་རྒྱུ་འཐོབ་ནི་དང་ ལས་གཡོགཔ་གཞན་ཚུ་གི་དོན་ལུ་ རང་སོའི་འཛིན་སྐྱོང་དང་ བཀོད་ཚོགས་ཀྱིས་ ཐག་གཅད་ནི་ཨིན་པས།
དུས་ཐེབས་ཀྱི་ ལཱ་འབད་དགོ་མི་ཚུ་ལུ་ དུས་ཐེབས་ཀྱི་འཐུས་ཚུ་ འཐོབ་ནི་ཨིནམ་ད་ དེ་ཡང་ ཡིག་ཚང་གི་ཉིནམ་ཚུ་ནང་ ཆུ་ཚོད་ ༣ རེ་དང་ ངལ་གསོའི་སྐབས་ལུ་ ཆུ་ཚོད་ ༥ ཚུན་གྱི་ དུས་ཐེབས་ཀྱི་འཐུས་ཚུ་ འཐོབ་ནི་ཨིན་རུང་ བརྒྱུད་འབྲེལ་གྱི་འཐུས་དེ་ འདྲ་མཉམ་མེད་པའི་ ཚོར་སྣང་ལུ་བརྟེན་ཏེ་ འཕྲོ་རྒྱུན་བཅད་ནུག།
དེ་བཟུམ་སྦེ་ ད་རེས་ དངུལ་སྤྲོད་ལེན་ཚུ་ ཡོངས་འབྲེལ་ཐོག་ལས་ ལག་ལེན་འཐབ་ནི་དེ་གིས་ དངུལ་རྐྱང་ལག་ལེན་གྱི་ འཐུས་ཚུ་ཡང་ ཆ་མེད་བཏང་སྟེ་ སྐྱེལ་འདྲེན་གྱི་འཐུས་དང་ སྡེ་རིམ་དང་ ཆེད་དུ་འབྲེལ་བའི་འཐུས་ཚུ་ དམིགས་བསལ་གྱི་ དགོས་མཁོ་དང་འཁྲིལ་ཏེ་ རང་འཇགས་བཞག་ཡོད་པའི་གནས་ཚུལ།
གཞུང་དབང་ལས་འཛིན་ཚུ་ལུ་ དངུལ་ཕོགས་བརྒྱ་ཆ་ ༤༦ ལས་ ༧༢ ཀྱི་བར་ན་ཡར་སེང་།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]