སྤྱི་ཟླ་ ༦ པའི་ཚེས་ ༢༣ ལས་ བུམ་ཐང་ཐར་པ་གླིང་ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ བདུན་ཕྲག་ ༢ ཀྱི་རིང་ལུ་ བཀའ་ཆོས་ཟབ་མི་ དབང་ལུང་ཁྲིད་ ༣ གནང་མི་དེ་ སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ ཁྲོམ་དབང་གནང་ཐོག་ལས་ གྲོལ་གནང་ཡོདཔ་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ བརྟན་བཞུགས་ཕུལ་ནུག།
དེ་ཡང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ གསུང་འབུམ་དང་ སྙིང་ཐིག་ཡ་བཞིའི་དབང་ལུང་ དེ་ལས་ མཛོད་བདུན་ལ་སོགས་པའི་ ལྗགས་ལུང་ཚུ་ གནང་ཡོདཔ་ད་ དེ་བསྒང་ བླ་སློབ་དང་ མཁན་སྤྲུལ་ དགེ་སློང་ ཨ་ནེམོ་ སྒོམ་ཆེན་ དད་ལྡན་མི་སེར་ཕོ་མོ་བསྡོམས་ ༥,༠༠༠ དེ་ཅིག་ ཆོས་ཞུ་ནིའི་དོན་ལས་ འཛོམས་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ ཀུན་མཁྱེན་ཀློང་ཆེན་གྱི་ གསུང་འབུམ་ཡོངས་རྫོགས་ཀྱི་ དབང་ལུང་ཁྲིད་ ༣ གནང་མི་དེ་ འགོ་དང་པ་ཨིནམ་ད་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ གསུང་འབུམ་དེ་ པོ་ཏི་ ༣༡ ཡོདཔ་ཨིན་པས།
སྔོན་གྱི་ལོ་རྒྱུས་ནང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ དུས་རབས་ ༡༤ པའི་ནང་ བོད་ལས་ བྲོས་ཟུར་མཛད་དེ་ བྱོན་ཞིནམ་ལས་ ཐར་པ་གླིང་ལུ་ དགེ་འདུན་གྱི་སྡེ་བཙུགས་ཏེ་ མི་ལོ་བཅུ་ཕྲག་ ༡ དེ་ཅིག་ བཞུགས་པའི་སྐབས་ལུ་ སྤྱིར་སྔ་འགྱུར་རྙིང་མ་དང་ ལྷག་པར་དུ་ རྫོགས་པ་ཆེན་པོའི་ ཆོས་ཀྱི་བསྟན་པ་ རྒྱ་ཆེ་ཏོག་ཏོ་སྦེ་ སྤེལ་གནང་ཡོདཔ་མ་ཚད་ ཚེ་ལས་འདས་མི་ མང་རབས་ཅིག་གི་ རྣམ་ཤེས་ཚུ་ ཐར་པའི་ལམ་ལུ་ འདྲེན་གནང་ནི་དེ་གིས་ དགོན་པ་དེ་གི་མིང་ཡང་ ཐར་པ་གླིང་ཟེར་ དར་ཁྱབ་སོང་ནུག།
ཀུན་མཁྱེན་ཀློང་ཆེན་དེ་ སྤྱི་ལོ་ ༡༣༠༨ ལུ་ བོད་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་ལུ་ ཡབ་བསྟན་པ་སྲུང་དང་ ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་ ༢ ཀྱི་སྲས་ལུ་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༥ ལས་ སྐུ་ཡོན་གསན་སྦྱངས་ འགོ་བཙུགས་ཏེ་ ཀརྨ་པ་རང་བྱུང་རྡོ་རྗེ་དང་ ས་སྐྱ་བདག་ཆེན་ རྙིང་མའི་རིག་འཛིན་ ཀུ་མཱ་རཱ་ཛ་ལ་སོགས་པ་ མཁས་གྲུབ་མང་རབས་ཅིག་ སློབ་དཔོན་སྦེ་བསྟེན་ཏེ་ མདོ་སྔགས་ཀྱི་ གཞུང་ལུགས་ཡོངས་རྫོགས་བཞེས་ཏེ་ མཁས་པའི་གོ་འཕང་ལུ་ མཐར་སོན་མཛད་ནུག།
དེ་ལས་ མཁའ་འགྲོ་རྡོ་རྗེ་འཕགས་མོའི་ ལུང་བསྟན་དང་འཁྲིལ་ཏེ་ ཀློང་ཆེན་རབ་འབྱམས་མཆོག་ དགུང་ལོ་ ༤༢ ལུ་ འབྲུག་རྒྱལ་ཁབ་ནང་ ཞབས་ཀྱིས་བཅགས་ཏེ་ ཆོས་ཀྱི་སྡེ་གླིང་ ༨ གཞི་བཙུགས་གནང་ཡོད་མི་ཚུ་ཡང་ བུམ་ཐང་ཐར་པ་གླིང་དང་ ཤིང་མཁར་བདེ་ཆེན་གླིང་ སྟང་ཨོ་རྒྱན་ཆོས་གླིང་ དབང་འདུས་ཕོ་བྲང་གི་ ས་གནས་ངན་ལུང་འདྲེ་ཆགས་གླིང་དང་ མཁོ་ཐང་རིན་ཆེན་གླིང་ ཤར་ཀུན་བཟང་གླིང་ སྤ་རོ་བསམ་གཏན་གླིང་ ཀུར་སྟོད་ཀུན་བཟང་གླིང་ཚུ་ཨིན་པས།
ཀུན་མཁྱེན་ཀློང་ཆེན་མཆོག་ ཐར་པ་གླིང་ལུ་བཞུགསཔ་ད་ མཚན་དྲི་མེད་འོད་ཟེར་ ཞུ་ཡོདཔ་ད་ དེ་སྦེ་ ཀུན་མཁྱེན་ལུ་ མཚན་གྱི་རྣམ་གྲངས་ ལེ་ཤ་ཅིག་ཡོད་མི་དེ་ཡང་ ཀློང་ཆེན་རབ་འབྱམས་དང་ ཀློང་གསལ་དྲི་མེད་ རྡོ་རྗེ་གཟི་བརྗིད་ རྡོ་རྗེ་སེམས་དཔའ་ དྲི་མེད་འོད་ཟེར་ བློ་གྲོས་མཆོག་ལྡན་ ཚུལ་ཁྲིམས་བློ་གྲོས་ ངག་གི་དབང་པོ་ པདྨ་ལས་གྲོལ་ སྣ་ཚོགས་རང་གྲོལ་ བསམ་ཡས་པ་ཟེར་ ཞུ་ཡོད་པའི་སྐོར་ལས་ ཀུན་གསལ་ནང་བཀོད་ནུག།
ཀུན་མཁྱེན་ཀློང་ཆེན་གྱི་ གསུང་རྩོམ་ཚུ་ཡང་ ཕྱི་གནས་ཐུན་མོང་གི་སྐོར་ བསྟན་བཅོས་ ༩༥ དང་ ནང་གི་གནས་རྒྱ་ཆེཝ་ བསྟན་བཅོས་ ༡༠༨ གསང་བའི་རིག་གནས་སྟོན་པའི་ བསྟན་བཅོས་ ༣༠ འབདཝ་ད་ ཆོས་ཚན་བསྡོམས་ ༢༥༣ ཡོད་ཟེར་ཨིན་པས།
དེ་བསྒང་ ཀུན་མཁྱེན་ཀློང་ཆེན་གྱིས་ བཀའ་ཆོས་ཚུ་ གནང་མི་དང་བསྟུན་ཏེ་ བཀའ་སྲུང་ཨེ་ཀ་ཛ་ཏི་གིས་ ཤོག་གུའི་ཁས་བླངས་དང་ དམ་ཅན་རྡོ་རྗེ་ལེགས་པ་གིས་ སྣག་ཚའི་ཁས་བླངས་འབདཝ་ལས་ གཟའ་ར་ཧུ་ལ་གིས་ ཡིག་ཐོག་ལུ་ བཀོད་ཡོདཔ་མ་ཚད་ ཁོང་མ་གཟའ་དམ་གསུམ་གྱིས་ འཇིག་རྟེན་འདི་ནང་ ཡོངས་སུ་གྲགས་པའི་ ཀུན་མཁྱེན་ཀློང་ཆེན་གྱི་ གསུང་འབུམ་ཉེན་སྲུང་དང་ ཆོས་དར་ཁྱབ་བཏང་ཐོག་ལས་ ཐར་པའི་གོ་འཕང་མ་ཐོབ་ཚུན་ འཛིན་སྐྱོང་སྤེལ་གསུམ་འབད་ནི་གི་ ཁས་བླངས་ཡང་ཕུལ་ནུག།
ཀུན་མཁྱེན་ཀློང་ཆེན་མཆོག་ འབྲུག་ལུ་ མི་ལོ་བཅུ་ཕྲག་ ༡ དེ་ཅིག་ བཞུགས་པའི་ཤུལ་ལས་ བོད་ལུ་ ལོག་བྱོན་ཏེ་ དགུང་ལོ་ ༥༦ སྤྱི་ལོ་ ༡༣༦༣ ལུ་ བསམ་ཡས་ཆིམས་ཕུ་ལུ་ དགོངས་པ་ཆོས་དབྱིངས་ལུ་ ཞི་བར་གཤེགས་ཡོདཔ་ད་ དེ་ལས་ དུས་རབས་ ༡༥ པའི་ནང་ ཀློང་ཆེན་རབ་འབྱམས་མཆོག་གི་ ཡང་སྲས་དེ་ གཏེར་སྟོན་པདྨ་གླིང་པའི་ སྐུ་ངོ་བོར་བཞེས་ཏེ་ འབྲུག་རྒྱལ་ཁབ་ནང་ བྱོན་གནང་ཡོད་པའི་གནས་ཚུལ།
བུམ་ཐང་ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ གསུང་འབུམ་དང་ མཛོད་བདུན་ལ་སོགས་པའི་ དབང་ལུང་ཁྲིད་ ༣ གནང་ཡོདཔ།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]