ArchiveAboutContact
National News

རྒྱལ་ཡོངས་ཚོགས་འདུའི་ནང་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་གི་གྲོས་འདེབས།

gyalchi · 1 min read

སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༩ པའི་ནང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ཚུ་གི་ དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ ༢༠༢༣ ཅན་མ་ སྙན་འབུལ་ཞུ་ཡི།
དངུལ་ཕོགས་ལྷན་ཚོགས་ ༦ པ་གིས་ གྲོས་འདེབས་ཕུལ་མི་ དངུལ་ཕོགས་ཡར་སེང་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ བསྒྱུར་བཅོས་མེད་པར་ ཆ་འཇོག་འགྲུབ་པ་ཅིན་ ཆེ་མཐོའི་སྡེ་རིམ་གྱི་ ལས་གཡོགཔ་ཚུ་ལུ་ བརྒྱ་ཆ་ ༥༥ རེ་དང་ ཆུང་རིམ་ལས་གཡོགཔ་ཚུ་ལུ་ བརྒྱ་ཆ་ ༧༤ དེ་རེ་ ཡར་སེང་འཐོབ་ནི་ཨིནམ་ད་ དངུལ་ཕོགས་ཡར་སེང་དེ་ནང་ དངུལ་ཕོགས་ལྷན་ཚོགས་ ༥ པ་དང་ ༦ པ་གིས་ བསྐྱར་བཟོ་འབད་མི་གཉིས་ཆ་ར་ ཚུད་དེ་ཡོདཔ་ཨིན་པས།
ཞི་གཡོགཔ་དང་ མི་མང་སྤྱི་གཡོགཔ་ ༢ ལས་ སྤྱི་གཡོགཔ་གི་གྲངས་སུ་ བློན་ཆེན་དང་ བློན་པོ་ སྤྱི་ཚོགས་ཀྱི་འཐུས་མི་ ཁྲིམས་སྤྱི་བློན་པོ་དང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ ཁྲིམས་སྡེའི་དྲང་དཔོན་དང་ ཁྲོམ་དཔོན་ ས་གནས་གཞུང་གི་འགོ་ཁྲིདཔ་ དཔྱེ་འབད་བ་ཅིན་ རྒཔོ་དང་ དམངས་མི་ ཁྲོམ་སྡེའི་འཐུས་མི་ཚུ་ ཚུདཔ་ཨིན་པས།
དངུལ་ཕོགས་ཡར་སེང་དེ་ ཞི་གཡོག་ནང་འབད་བ་ཅིན་ སྡེ་རིམ་མཐོ་ཤོས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་ དངུལ་ཀྲམ་ ༤༦,༠༠༠ ལྷགཔ་ཅིག་དང་ སྡེ་རིམ་དམའ་ཤོས་ ལག་ལེན་སྡེ་རིམ་ལུ་ དངུལ་ཀྲམ་ ༧,༨༠༠ ལྷགཔ་རེ་ འཐོབ་ནི་ཨིན་པས།
དེ་ཡང་ བློན་ཆེན་ལུ་ དངུལ་ཀྲམ་ ༩༥,༠༠༠ ལྷགཔ་ཅིག་དང་ བློན་པོ་ཚུ་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ དངུལ་ཀྲམ་ ༦༨,༠༠༠ ལྷགཔ་རེ་དང་ འཐུས་མི་ཚུ་ལུ་ ༣༦,༠༠༠ ལྷགཔ་རེ་ འཐོབ་ནི་ཨིནམ་ད་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་ལུ་ དངུལ་ཀྲམ་ ༧༥,༠༠༠ ལྷགཔ་ཅིག་དང་ འཐུས་མི་ཚུ་ལུ་ དངུལ་ཀྲམ་ ༤༠,༠༠༠ ལྷགཔ་རེ་ འཐོབ་ནི་ཨིན་པས།
དེ་ལས་ ཁྲོམ་དཔོན་ཚུ་ལུ་ མི་མང་སྤྱི་གཡོགཔ་ཚུ་དང་ འདྲ་མཉམ་སྦེ་ བརྒྱ་ཆ་ ༥༥ རེ་ འཐོབ་ནི་ཨིན་རུང་ རྒཔོ་ཚུ་ལུ་ ད་ལྟོ་ཡོད་མི་ དངུལ་ཕོགས་གུ་ བརྒྱ་ཆ་ ༥༨ རེ་དང་ དམངས་མི་ཚུ་ལུ་ བརྒྱ་ཆ་ ༥༩ རེ་ དེ་ལས་ ཁྲོམ་སྡེའི་འཐུས་མི་དང་ ཚོགས་པ་ཚུ་ལུ་ བརྒྱ་ཆ་ ༧༡ རེ་ འཐོབ་ནི་ཨིན་པས།
དེ་བཟུམ་སྦེ་ ཞི་གཡོག་ནང་ ཁྱད་ལཱ་ ༡ པ་ལས་ ༥ པ་ཚུན་ལུ་ བརྒྱ་ཆ་ ༥༨ ལས་ ༦༢ ཀྱི་བར་ན་དང་ བལྟ་སྐྱོར་པ་ ༡ པ་ལས་ ༥ པ་ཚུན་ལུ་ བརྒྱ་ཆ་ ༦༣ ལས་ ༧༠ ཚུན་གྱི་ གྲོས་འདེབས་ཕུལ་ཡོདཔ་ད་ ལག་ལེན་པ་ ༡ པ་ལས་ ༤ པ་ཚུན་གྱི་ ལས་གཡོགཔ་ཚུ་ལུ་ བརྒྱ་ཆ་ ༧༠ ལས་ ༧༤ ཚུན་ ཡར་སེང་འབད་ནི་གི་ གྲོས་འདེབས་ཕུལ་ནུག།
དེ་ལས་ གཞན་ཡང་ གེ་སར་རྒྱལ་པོ་གསོ་བའི་ཚན་རིག་ གཙུག་ལག་སློབ་སྡེ་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་ཚུ་གི་ དངུལ་ཕོགས་ཚུ་ཡང་ དྲང་སྙོམས་གླ་ཆ་ཟེར་མི་ རིམ་ལུགས་འོག་ལུ་བཙུགས་ཏེ་ འོས་འབབ་ཡོད་པའི་ བསྐྱར་བཟོ་ཚུ་གི་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ ༢༠༢༣ ཅན་མ་འདི་ སྤྱི་ཚོགས་ནང་ལས་ ཆ་འཇོག་འགྲུབ་པ་ཅིན་ ད་ཚུན་གྱི་བར་ན་ འགོ་མ་བཙུགས་པར་ཡོད་མི་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ བཅའ་ཁྲིམས་ ༢༠༢༢ ཅན་མ་དེ་ཡང་ འབྲེལ་མཐུན་ཐོག་ལུ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༧ པ་ལས་ བསྟར་སྤྱོད་འབད་ནི་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ ༢༠༢༣ ཅན་མ་འདི་ གསུང་གྲོས་གནང་ནིའི་དོན་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ ངོ་སྤྲོད་དང་ ཆ་འཇོག་གི་ གྲོས་དོན་ཕུལཝ་ད་ ད་རེས་ནངས་པར་ སྐྱ་ནམ་གྱི་ གོང་ཚད་ཡར་འཕར་དང་ མི་མང་ལས་གཡོགཔ་ཚུ་གི་ འགན་ཁུར་ལྕི་སུ་འགྱོ་བའི་ ནམ་དུས་ལུ་ དངུལ་ཕོགས་ཡར་སེང་འབད་དགོཔ་འདི་ ག་ནི་བ་ གལ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཞུ་ཡི།
དངུལ་ཕོགས་བསྐྱར་བཟོའི་ དམིགས་ཡུལ་དེ་ཡང་ མི་མང་ལས་གཡོགཔ་ཚུ་གིས་ རང་སོའི་དངུལ་ཕོགས་ཐོག་ལས་ འོས་འབབ་ཅན་གྱི་་ འཚོ་བའི་གནས་ཚད་ རྒྱུན་ སྐྱོང་འཐབ་ཚུགསཔ་ ངེས་བརྟན་བཟོ་ནི་དང་ མི་མང་ལས་གཡོགཔ་ཚུ་ སྔར་བ་ལྷག་པའི་ ལྕོགས་གྲུབ་ཅན་དང་ སྙིང་རུས་ཅན་གྱི་ཐོག་ལས་ མི་མང་གི་ ཞབས་ཏོག་གོང་འཕེལ་གཏང་ཐབས་ལུ་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 10 Today: 4138 Total visitors: 6815