ལྷག་པ་གྲུབ་པ།
དཔལ་ལྡན་འབྲུག་པའི་ རྒྱལ་སྲུང་གི་ དཔྱད་ཡིག་ ༢༠༢༢ ཅན་མ་འདི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་རབས་ཅན་གྱི་ དཔྱད་ཡིག་འདི་ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་ཞིབ་པར་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་མ་ཚད་ དེ་བཟུམ་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ཡང་ གསུང་གྲོས་ཞིབ་པར་གནང་སྟེ་ ཆ་འཇོག་གྲུབ་ནུག།
རྒྱལ་སྲུང་ལས་རིམ་འདི་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་ཅིག་ཨིནམ་ད་ རྒྱལ་སྲུང་སྦྱོང་བརྡར་ནང་ འབྲུག་པའི་ན་གཞོན་ སྐྱེས་ལོ་ ༡༨ འབད་མི་ག་ར་གིས་ ལོ་ངོ་ ༡ གི་རིང་ལུ་ གཅིག་བསྡོམས་སྦྱོང་བརྡར་འབད་དགོ་ནི་ཨིནམ་ད་ སློབ་གྲྭའི་ནང་ཨིན་པ་ཅིན་ སློབ་རིམ་ ༡༢ པ་ མཇུག་བསྡུཝ་ཅིག་ སྦྱོར་བརྡར་འབད་དགོཔ་ཨིན་པས།
ལོ་ངོ་ ༡ གི་ སྦྱོང་བརྡར་དེ་ཡང་ རྨང་གཞིའི་དམག་སྦྱོང་དང་ འདི་གི་ཤུལ་ལས་ ཟླཝ་ ༩ གི་རིང་ལུ་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ འཕྲུལ་རིག་ལས་ འགོ་བཙུགས་ཏེ་ དམིགས་བསལ་གྱི་ རིག་རྩལ་སྦྱོང་བརྡར་དེ་ གློག་རྩིས་རྐྱབ་ནི་དང་ སོ་ནམ་ཚོང་འབྲེལ་གྱི་ ལཱ་དང་འབྲེལ་བའི་ རིག་རྩལ་གོང་འཕེལ་གཏང་ནི་གི་ སྦྱོང་བརྟར་ཚུ་ བྱིན་ནི་ཨིནམ་ད་ སྦྱོང་བརྡར་དེ་ སྤྱི་ལོ་ ༢༠༢༤ ལས་ འགོ་བཙུགས་ནི་གི་ ལས་རིམ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་གི་ གོ་རིམ་ ༣ ཡོད་མི་དེ་ཡང་ རྒྱལ་ཡོངས་ཞབས་ཏོག་སྦྱོང་བརྡར་དང་ རྒྱལ་ཡོངས་ཞབས་ཏོག་འགན་ཁུར་ རྒྱལ་ཡོངས་ཞབས་ཏོག་ ཟུར་འཇོག་ཚུ་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་ སྦྱོང་བརྡར་བ་ཚུ་གིས་ རྨང་གཞིའི་དམག་སྦྱོང་ ཟླ་ངོ་ ༣ དང་ ལོ་ངོ་ ༡ གི་རིང་ལུ་ གཅིག་བསྡོམས་སྦྱོང་བརྡར་འབད་དགོཔ་ད་ དེ་གི་ཤུལ་ལས་ སྒེར་དོན་གོང་འཕེལ་དང་ རང་མགོ་རང་འདྲོངས་ རྒྱལ་ཁབ་བདེ་སྲུང་ཚུ་ ཡར་དྲག་གཏང་ཐབས་ལུ་ ས་གོ་སོ་སོའི་ནང་ དམིགས་བསལ་རིག་རྩལ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ འབད་དགོཔ་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་འགན་ཁུར་ སྦྱོང་བརྡར་བ་ཚུ་གིས་ ལོ་ངོ་ ༡ གི་རིང་ལུ་ སྦྱོང་བརྡར་འདི་ མཇུག་བསྡུ་ཞིནམ་ལས་ རྒྱལ་སྲུངཔ་ཚུ་ སྐྱེས་ལོ་ ༣༥ མ་ལང་ཚུན་ ངེས་པར་དུ་འབད་དགོ་པའི་ འགན་ཁུར་དང་ ཁས་བླངས་ཀྱི་ཐོག་ལས་ འགན་ཁུར་འབག་ནིའི་ནང་ འབོད་བཀུག་འབད་ནི་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་ཟུར་འཇོག་ རྒྱལ་ཡོངས་ཞབས་ཏོག་འགན་ཁུར་ འབག་ཚར་ཞིནམ་ལས་ སྐྱེས་ལོ་ ༤༥ མ་ལང་ཚུན་ཚོད་ རྒྱལ་ཡོངས་ཞབས་ཏོག་གི་ མི་སྟོབས་ནང་ སྡོད་དགོཔ་མ་ཚད་ ལོ་དེ་ནང་ རྒྱལ་ཡོངས་ཞབས་ཏོག་གི་ འགན་ཁུར་འདི་ཚངམ་ལས་ འདི་གི་ཤུལ་ལས་ ཁོང་ར་གིས་ བདེ་སྲུང་ནང་ འཛུལ་ནི་གི་ ཁས་བླངས་ཡང་ འབད་ཆོག་ནི་ཨིན་པས།
རྒྱལ་སྲུང་ལས་བྱེད་ཚོགས་ཆུང་གི་འཐུས་མི་ དྲགོས་བསོད་ནམས་ཀུན་དགའ་གིས་ ཚོགས་ཁང་གཉིས་ཆ་རའི་ནང་ དཔྱད་ཡིག་འདི་གི་ ངོ་སྤྲོད་ཞུ་ཡོདཔ་མ་ཚད་ འཐུས་མི་ཚུ་གིས་ དོགས་བསལ་དང་ བསམ་འཆར་ཚུ་ཞུ་མིའི་ ལན་ཚུ་ཡང་ གསལ་བཤད་ཞུ་ནུག།
རྒྱལ་སྲུང་གི་ དམིགས་དོན་གཙོ་བོ་ར་ ན་གཞོན་ཚུ་གི་ ལྕོགས་གྲུབ་ཚུ་ མགྱོགས་དྲགས་སྦེ་ འགྱུར་འགྱོ་མི་ འཛམ་གླིང་ནང་ དངོས་སུ་སྦེ་ ལག་ལེན་འཐབ་ཐབས་ལུ་དང་ རྒྱལ་ཁབ་ཀྱི་ རེ་དོན་དང་ ཐུགས་འདུན་ཚུ་ལུ་ ཕན་ཐོགས་ནིའི་དོན་ལས་ ཁོང་གིས་ ཤེས་ཡོན་དང་ རིག་རྩལ་ བརྩི་མཐོང་ཚུ་ འཐོབ་ནི་ལུ་ མ་དངུལ་གྱི་ གྲོགས་རམ་དོན་ལུ་ཡང་ཨིན་ཟེར་ཞུ་ཡི།
འབྲུག་པའི་ན་གཞོན་རེ་རེ་བཞིན་གྱིས་ རྒྱལ་སྲུང་ལས་རིམ་གྱི་ དམིགས་ཡུལ་དེ་ ཧ་གོ་ཞིནམ་ལས་ ཁོང་རའི་སྐྱེས་སྟོབས་ཀྱི་ ལྕོགས་གྲུབ་དང་ ནུས་པ་ཚུ་ དངོས་སུ་སྦེ་ ལག་ལེན་འཐབ་སྟེ་ འབྲུག་གི་རྩ་བ་གསུམ་ལུ་ ཞབས་ཏོག་ཞུ་ནིའི་དོན་ལས་ འཐོན་སྐྱེད་ཅན་དང་ འོས་འབབ་ཅན་ཅིག་སྦེ་ འགྱུར་ནི་ལུ་ དམིགས་གཏད་བསྐྱེད་དགོཔ་ཨིན་པས།
དེ་མ་ཚད་ རྒྱལ་སྲུང་ལུ་བརྟེན་ཏེ་ རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབ་འདི་ བསྐལཔ་མ་སྟོང་གི་བར་ན་ གནས་ནི་དང་ ཆབ་སྲིད་གོང་ལས་གོང་དུ་འཕེལ་ནི་ དེ་ལས་ མི་སེར་གྱི་ ཞི་བདེ་དང་ དགའ་སྐྱིད་ཡར་དྲགས་གཏང་ནི་ལུ་ཡང་ ཁེ་ཕན་ཡོད་ཟེར་ཞུ་ཡི།
དེ་ལས་ གཞན་ཡང་ དྲགོས་བསོད་ནམས་ཀུན་དགའ་གིས་ རྒྱལ་སྲུང་སྦྱོང་བརྡར་དེ་ འགོ་བཙུགས་པའི་ཉིན་མ་ལས་ མི་ལོ་ ༡༠ གྱི་རིང་ལུ་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ན་གཞོན་ ༡༣,༠༠༠ དེ་རེ་ འོང་ནི་ཨིན་པའི་སྐོར་ལས་ཡང་ གསལ་བཤད་ཞུ་ཡོད་པའི་གནས་ཚུལ།
ཚོགས་ཁང་གཉིས་ཆ་རའི་ནང་ལས་ དཔལ་ལྡན་འབྲུག་པའི་ རྒྱལ་སྲུང་གི་ དཔྱད་ཡིག་ ༢༠༢༢ ཅན་མ་ཆ་འཇོག།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]