ArchiveAboutContact
National News

ཕྱི་འབྲེལ་བློན་པོའི་ འགོ་ཁྲིད་ཐོག་ལུ་ འབྲུག་གི་འཐུས་མི་སྡེ་ཚན་གྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ ཚོགས་ཐེངས་ ༧༧ པ་འི་ནང་གྲལ་གཏོགས།

gyalchi · 1 min read

ཡིག་ཚང་ལས་བྱེདཔ།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེའི་ འགོ་ཁྲིད་ཐོག་ལུ་ འཐུས་མི་ ༧ འབད་མི་ སྡེ་ཚན་ཅིག་གིས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ ཚོགས་ཐེངས་ ༧༧ པ་དང་འབྲེལ་ཏེ་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལས་ ༢༨ ཚུན་ བརྩི་བསྲུང་འབད་མི་ ཆེ་མཐོའི་གནས་རིམ་གྱི་ བདུན་ཕྲག་ནང་ གྲལ་གཏོགས་འབད་ཡོདཔ་ད་ དེ་བསྒང་ བློན་པོ་གིས་ མི་སྡེའི་ལས་རིམ་ དག་པ་ཅིག་དང་ རྒྱལ་སྤྱིའི་བརྡ་བརྒྱུད་ཐོག་གི་ དྲིས་ལན་ཚུ་ནང་ གྲལ་གཏོགས་འབད་ཡོདཔ་མ་ཚད་ ནིའུ་ཡོག་དང་ ཝ་ཤིང་ཊཱོན་ཌི་སི་ལུ་ འབྲུག་པའི་མི་སྡེ་ཚུ་དང་ཡང་ ཕྱད་གནང་ནུག།
སྤྱི་ཟླ་ ༩ པའི་ཚེས་ ༢༣ གྱི་ཕྱི་རོ་ ཁྲུས་འབབ་དང་ འབྲུག་ལུ་ ལྟ་བཤལ་ལས་དོན་ བསྐྱར་ལོག་འགོ་བཙུགས་པའི་ ཉིནམ་དང་འབྲེལ་ཏེ་ འབྲུག་ལྟ་བཤལ་ཚོགས་སྡེའི་ ཁྲི་འཛིན་ཡང་ཨིན་མི་ ཕྱི་འབྲེལ་བློན་པོ་གིས་ ནིའུ་ཡོག་ལུ་ཡོད་མི་ འབྲུག་པའི་མི་སྡེ་དང་ ཕྱད་གནང་པའི་ཁར་ བློན་པོ་གིས་ འབྲུག་ལུ་ ལྟ་བཤལ་ལོག་སྟེ་ར་ འགོ་བཙུགས་ནི་དང་ ལྟ་བཤལ་གྱི་ སྲིད་བྱུས་གསར་པའི་སྐོར་ལས་ བརྡ་དོན་སྤྲོད་ཐོག་ལུ་ “འབྲུག་-ཡིད་ཆེས་” ཟེར་མི་ ངོ་རྟགས་གསརཔ་ ངོས་ལེན་གྲུབ་པའི་ ཁུངས་དང་ དགོས་པ་ཚུ་གི་སྐོར་ལས་ཡང་ གསལ་བཤད་གནང་ཡོདཔ་ཨིན་པས།
དེ་བསྒང་ ནིའུ་ཡོག་ལུ་ཡོད་མི་ འབྲུག་མི་ ༣༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ལྟ་བཤལ་བསྐྱར་ལོག་ འགོ་བཙུགས་ནི་དང་འབྲེལ་ཏེ་ དམིགས་བསལ་གྱིས་ གྲ་སྒྲིག་འབད་ཡོད་མི་ ལྟ་བཤལ་གྱི་ ཅ་ཆས་ཚུ་ཡང་ གྲེམས་སྟོན་འབད་བའི་ཤུལ་ལུ་ མི་མང་གྲལ་གཏོགས་ཀྱི་ དྲི་བ་དྲིས་ལན་ཅིག་ འགོ་འདྲེན་འཐབ་མིའི་ནང་ མི་ངོམ་ལེ་ཤ་ཅིག་གིས་ ལྟ་བཤལ་གྱི་ སྲིད་བྱུས་གསརཔ་དང་ ཁུངས་དང་ དགོས་པ་ཚུ་ གསལ་བཤད་གནང་མི་ལུ་ བཀྲིན་ལེགས་སོ་ཕུལ་ཏེ་ ཁོང་གི་ལས་མགྲོན་དང་ མཉམ་རོགས་ཚུ་ལུ་ དྲིས་ལན་ཚུ་ འཇལ་ནིའི་ནང་ ཕན་ཐོགས་ནི་ཨིན་པས་ཟེར་ཞུ་ནུག།
དེ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༢༥ གི་ཕྱི་རོ་ ནིའུ་ཡོག་ལུ་ཡོད་མི་ འབྲུག་མི་སྤྱི་བསྡོམས་ཚོགས་པ་དང་ ཕྱད་གནང་སྟེ་ གནད་དོན་གཙོ་བོ་ ལྟ་བཤལ་གྱི་ སྲིད་བྱུས་གསརཔ་དང་ གཞན་ཡང་ འབྲུག་གི་གོང་འཕེལ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ འབྲུག་མི་སྤྱི་བསྡོམས་ཚོགས་པའི་ བཀོད་ཁྱབ་འགན་འཛིན་པ་ཚུ་གིས་ བློན་པོ་གིས་གསུངས་མི་ གནད་དོན་ཚུ་ལུ་ བཀྲིན་ལེགས་སོ་ ཕུལཝ་དང་འབྲེལ་ཏེ་ ཁོང་གིས་ཡང་ གོ་སྐབས་ཐོབ་པའི་ དུས་སྐབས་ཚུ་ནང་ བརྡ་དོན་དེ་ཚུ་ ཁྱབ་སྤེལ་འབད་ནི་ཨིན་ཟེར་ ཞུ་ཡོདཔ་ཨིན་པས།
བློན་པོ་གིས་ ལྟ་བཤལ་དང་འབྲེལ་བའི་ ཞལ་འཛོམས་ཁག་དག་པ་ཅིག་ར་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ འཛམ་གླིང་ལྟ་བཤལ་གྱི་ ཉིནམ་དང་འབྲེལ་ཏེ་ བི་བི་སི་གིས་ཡང་ བློན་པོ་དང་གཅིག་ཁར་ དྲི་བ་དྲིས་ལན་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ བློན་པོ་གིས་ ཡུན་བརྟན་ཅན་གྱི་ ལྟ་བཤལ་དང་ ལྟ་བཤལ་གྱི་འཐུས་ཡར་སེང་ དེ་ལས་ བཙོག་རླུང་ཀར་བཱོན་ཐོན་ཚད་ དམའ་མཐའ་ལུ་ བཞག་ནིའི་དོན་ལས་ གནས་གོང་མཐོ་བའི་གྲངས་ཉུང་གི་ སྲིད་བྱུས་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།
བློན་པོ་གིས་ ཨ་མི་རི་ཀའི་ ལམ་འགྲུལ་དང་ ལམ་འགྲུལ་གྱི་ གནད་དོན་ཚུ་གི་སྐོར་ལས་བྲིས་མི་ ཡོངས་གྲགས་ཅན་གྱི་མི་ངོམ་ པི་ཊར་གི་རིན་བ་རག་དང་གཅིག་ཁར་ཡང་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་གནང་ཡོདཔ་ད་ འབྲུག་གི་ཁྱད་ཆོས་ཅན་གྱི་ ལྟ་བཤལ་ཉམས་མྱོང་གི་སྐོར་ལས་ འབྲུག་གི་ལོ་རྒྱུས་ཚུ་ འབྲི་ནིའི་ལས་འགུལ་ཅིག་ འགོ་བཙུགས་ཐབས་ལུ་ པི་ཊར་བ་རག་དང་ ཁོ་གི་སྡེ་ཚན་དེ་ འབྲུག་འོང་ཐབས་ཡོད་མེད་ཀྱི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་མ་ཚད་ ལྟ་བཤལ་གྲོས་སྟོན་པ་ ཇཱོན་མའི་སི་ལར་དང་ འབྲུག་གཞི་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་ མའི་ཀེལ་ཕི་ལིབ་དང་ཡང་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་གནངམ་ད་ འཛམ་གླིང་རི་དྭགས་མ་དངུལ་གྱི་ མདོ་ཆེན་གོངམ་ བདེ་ཆེན་རྡོ་རྗེ་ཡང་ཡོདཔ་ཨིན་པས།
འབྲུག་གི་གཞི་སྒྱུར་བརྩོན་ཤུགས་ཀྱི་སྐོར་ལས་ ཁྱབ་སྤེལ་གྱི་དོན་ལུ་ ནིའུ་ཡོག་དང་ ནིའུ་ཇར་སིའི་ ཀ་མི་ཤ་ནརཛ་པོརཊ་ཨོ་ཐོ་རི་ཊི་གི་ ཁྲི་འཛིན་འོགམ་ ཇེ་ཕིར་ལིན་ཕོརཌ་དང་ དམིགས་བསལ་ལུ་ དགོས་མཁོ་ཡོད་པའི་ ཨ་ལོ་ཚུ་གི་ཐོན་ཁུངས་ གཞི་བཙུགས་འབད་མི་ གྲོགས་མཁས་མཆོག་ ཨམ་ཏོན་དར་ལིན་ཕོརཌ་ ༢ ཀྱིས་ བློན་པོའི་དོན་ལུ་ ནིའུ་ཡོག་ མེ་ཊོ་པོ་ལི་ཊཱན་སྡེ་ཁང་ནང་སྦེ་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་མིའི་ནང་ ཨ་མི་རི་ཀའི་ དབང་འཛིན་དང་ ལས་འཛིན་ཁག་གི་ དབུ་འཛིན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ བློན་པོ་གིས་ ཝ་ཤིང་ཊཱོན་ཌི་སི་ལུ་ དུས་ཡུན་ཐུང་ཀུ་ཅིག་གི་ གཟིགས་སྐོར་གནངམ་ད་ འབྲུག་པའི་མི་སྡེ་དང་ འཛམ་གླིང་རི་དྭགས་མ་དངུལ་གྱི་ མདོ་ཆེན་གོངམ་ཚུ་གིས་ ཕེབས་བསུ་ཞུ་ཐོག་ལས་ འབྲུག་མི་སྡེ་ཚན་གྱིས་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ བློན་པོ་དང་ འཐུས་མི་སྡེ་ཚན་དེ་ འབྲུག་ལུ་ ལོག་བྱོན་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 3 Today: 4182 Total visitors: 6859