ArchiveAboutContact
National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ ༦ གིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

gyalchi · 1 min read

ཨྱོན་ཚེ་རིང་།

སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ བཀྲིས་ཆོས་རྫོང་གི་ ཀུན་རའི་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཇར་མ་ནི་དང་ ཨར་ཇིན་ཊི་ན་ མཐའ་ཡས་ལེན་ ཀུས་བཱ་ ཨིཛ་རེལ་ ཀོ་ལོམ་བི་ཡ་ རྒྱལ་ཁབ་ ༦ གི་ གཞུང་ཚབ་ཚུ་གིས་ རང་སོའི་ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།

དེ་ཡང་ རྒྱ་གར་གྱི་རྒྱལ་ས་ ནིའུ་དྷི་ལི་ལུ་ གནས་སྡོད་ཐོག་ལས་ ཝཱལ་ཊར་ ཇེ་ ལིན་ནར་དེ་ འབྲུག་ལུ་ ཇར་མཱན་གྱི་ གཞུང་ཚབ་དང་པ་ཨིནམ་ད་ ལིན་ནར་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༣ པའི་ཚེས་ ༣ ལུ་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ ཇར་མ་ནི་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ནིའུ་དྷི་ལི་ལུ་ གནས་སྡོད་ཐོག་ལས་ འབྲུག་ལུ་ ཧུ་གོ་ཇ་ཝིར་ གོབ་བི་དེ་ ཨར་ཇིན་ཊི་ནའི་ གཞུང་ཚབ་ ༤ པ་ཨིནམ་ད་ གོབ་བི་དེ་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༣ པའི་ཚེས་ ༤ ལུ་ ཨར་ཇིན་ཊི་ནའི་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ ཨར་ཇིན་ཊི་ན་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

དེ་ལས་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ གནས་སྡོད་ཐོག་ལས་ མ་ཀ་ཝ་དི་ སུ་མིཏ་མོར་དེ་ འབྲུག་ལུ་ མཐའ་ཡས་ལེན་གྱི་ གཞུང་ཚབ་ ༡༢ པ་ཨིནམ་ད་ སུ་མིཏ་མོར་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ མཐའ་ཡས་ལེན་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༡༩༨༩ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

ད་རུང་ ནིའུ་དྷི་ལི་ལུ་ གནས་སྡོད་ཐོག་ལས་ ཨ་ལེ་ཇཱན་ཌོ་ སི་མཱན་ཀཱཛ་ མ་རིན་དེ་ འབྲུག་ལུ་ ཀུས་བཱའི་གཞུང་ཚབ་ ༣ པ་ཨིནམ་ད་ མ་རིན་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ ཀུས་བཱའི་རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

དེ་མ་ཚད་ ནིའུ་དྷི་ལི་ལུ་ གནས་སྡོད་ཐོག་ལས་ ན་འོར་གི་ལཱོན་དེ་ཡང་ འབྲུག་ལུ་ ཨིཛ་རེལ་གྱི་ གཞུང་ཚབ་ ༡ པ་ཨིནམ་ད་ གི་ལཱོན་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ ཨིཛ་རེལ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

ནིའུ་དྷི་ལི་ལུ་ གནས་སྡོད་ཐོག་ལས་ མ་རི་ཡ་ན་ པ་ཆེ་ཀོ་ མཱོན་ཊེཛ་དེ་ཡང་ འབྲུག་ལུ་ ཀོ་ལོམ་བི་ཡའི་ གཞུང་ཚབ་ ༤ པ་ཨིནམ་ད་ མཱོན་ཊེཛ་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ གཞུང་ཚབ་སྦེ་ བསྐོ་བཞག་འབད་ནུག།

འབྲུག་དང་ ཀོ་ལོ་བི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལུ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཞུང་ཚབ་ཚུ་གིས་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ ཕྱི་འབྲེལ་བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་ཐོག་ལས་ མཐུན་འབྲེལ་དང་ རྒྱལ་ཁབ་ཕན་ཚུན་ལུ་ཕན་པའི་ གསུང་གྲོས་ཚུ་ གནང་ཡི་ཟེརཨིན་པས།

སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡ པ་ལས་ ད་ཚུན་གྱི་རིང་ལུ་ གཞུང་ཚབ་ཀྱི་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 15 Today: 1043 Total visitors: 8263