ArchiveAboutContact
བློ་ཟེ།

བློ་ཟེ་དགའ་བའི་འཛུམ་ཟེར།

gyalchi · 1 min read

ཡར་དགུང་ཧིང་ཡས་ཀྱི་ཚལ་ལུ། །ལེགས་རུང་བཏོག་པར་མི་ལྷོད། །རང་ས་གཞི་མས་ཀྱི་ངང་ལྷ། །མངར་རུང་ཟ་བར་མི་ལྷོད། །མངར་སྐྱུ་ལྡན་པའི་ཧུམ་པ། །ས་ཕྱོགས་འདི་ཁར་མིན་ནུག །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨིན་ཆུང་བུམོ། །བྱད་དང་ངོ་རིས་ཡོད་རུང་། །སྔོན་ལས་ཀྱིས་བསྐོས་པའི་སྨིན་ཆུང་། །ས་ཕྱོགས་འདི་ཁར་མིན་འདུག །

ཤར་ཁོ་ཐང་ལ་ཡི་ལ་ཐར་ན། །གླང་བདག་ཅན་གཅིག་དང་བདག་མེད་གཉིས། །བདག་ཅན་དཔོན་གྱི་འཐབ་གླང་ཨིན། །བདག་མེད་ཕྱུག་པོའི་རྨོ་གླང་འབད། །གླང་རྭ་དཀར་མདངས་དང་ལྡན་མི་འདི། །སྒརཔ་རང་གི་རྨོ་གླང་འབདན། །ཁྱོད་གཡུས་ཀྱི་སྨིན་ཆུང་བུམོ་གིས། །གཏམ་ལོ་རྒྱུས་ག་དེ་ཟེར་ནི་སྨོ། །

ས་སྒང་གི་སྟོང་ཕུ་མགོ་གསུམ་འདི། །རྩེ་ཕོད་ཀ་རྒྱགས་པའི་དུས་ཚོད། །བྱ་ཐང་ཀ་རལ་པའི་སེམས་གསོ། །སྐེདཔ་ཨ་ཐང་མངར་བའི་དུས་ཚོད། །ནོར་རྫིབ་དམངས་ཀྱི་སེམས་གསོ། །རྩཝ་མེ་ཕྱེ་སྤོག་པའི་དུས་ཚོད། །ནང་གི་ཨ་མའི་སེམས་གསོ། །ད་སྟོང་ཕུ་ར་ལས་འབོག །དམར་བའི་མེ་གིས་འཚིགས། །གནག་པའི་སོལ་མོར་གྱུརཝ་ལས། །ཁྱོད་སེམས་གསོ་འབད་མི་མིན་འདུག །ཕམ་ཤོས་ཁྱོད་རང་ཨིན་མས། །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨིན་ཆུང་བུམོ་འདི། །རང་ལོ་ན་གཞོན་པའི་དུས་ཚོད། །སྟག་ཤར་དམངས་ཀྱི་སེམས་གསོ། །རང་ལོ་ན་རྒས་པའི་དུས་ཚོད། །རྒན་རྒས་འཁར་་བར་དཔྱང་། །ཁ་ཨོམ་ས་མ་ནི་བགྱངམ་ད། །ཁྱོད་སེམས་གསོ་འབད་མི་མིན་འདུག །ཕམ་ཤོས་ཁྱོད་རང་ཨིན་མས། །

ངི་གཉའ་སྟོད་དར་གྱི་ར་ཅུང་། །ང་ར་ཅུང་ལེགས་པའི་དུས་ཚོད། །ཟམོ་རང་གི་བཟང་གོས་འབད་ཡི། །ད་རག་ཅུང་རྒས་པར་གྱུརཝ་ལས། །ཆུ་ཁྱུ་གཟར་ལས་ཁྱུ། །སྤང་གསེར་ཤོག་སྤང་ལུ་བརྡལ་བཞག་ཡོད། །མཉམ་རོགས་ཁྱོད་ཀྱིས་འཐུ་སྟེ། །ཁྱོད་ཐོབ་ཅི་མནོ་སྟེ་སེམས་དགའ་རུང་། །ངིའི་ལགཔ་ལས་ཤོར་རུང་བློ་མི་འཁོལ། །

ང་ཆུ་ཆེན་བརྒལ་དགོ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །རང་ཟམ་ལྕགས་ཆུ་གིས་འབག་སོངཔ་ལས། །མ་བརྒལ་བྱ་ཐབས་མིན་འདུག །བྱ་ཁུ་བྱུག་འཕུར་དགོ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །རང་གཤོག་སྒྲོ་རླུང་གིས་གཡབ་ལས། །མ་འཕུར་བ་ཡང་འཐབ་མིན་འདུག །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །ང་འཐབ་གེ་རྒྱགས་གེ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །ཉིནམ་ད་རེས་གདོང་བསྐོར་རྐྱབ་སྟེ། །ང་མ་འཐབ་བྱ་ཐབས་མིན་འདུག །

ཐགས་འཐག་པ་རྒྱ་ནག་ལྕགས་རི་འཐག །ཐགས་རྒྱ་ནག་ལྕགས་རི་འཐགཔ་ད། །ཡར་ཁྲི༌གདུགས༌མགོ༌ཡུག༌འཁོར༌རུང༌འཁོར། །མར༌དཀར༌གསལ༌སྐྱོ༌མ༌བཙུགས༌རུང༌བཙུགས། །ཐགས༌ལྕགས༌རི༌འདི༌རང༌འཐག༌ནི༌ཨིན། །དཔྱེ༌མ༌ཤེསན༌འདི༌དང༌ཆ༌འདྲཝ༌ཅིག །ཆུ༌དབོགས༌པའི༌ཤུལ༌ལུ༌ཧོ༌མ༌སློང༌། །མར༌མཚོ༌སྨན༌རྒྱལམོ༌མི༌དགྱེས༌པས། །མར༌མཚོ༌སྨན༌རྒྱལམོ༌མ༌དགྱེས༌རུང༌། །ཆུ༌རྒྱ༌མཚོ༌མར༌ལས༌དབོག༌ནི༌ཨིན།

རི༌ཕར༌གྱི༌རི༌དང༌ཚུར༌གྱི༌རི། །རི༌ཕར༌གྱི༌རི༌འདི༌གསེར༌གྱི༌རི།  །རི༌ཚུར༌གི༌རི༌འདི༌དངུལ༌གྱི༌རི། །རང༌གསེར༌རི༌གྱེན༌གྱི༌རྩ༌བར། །ཟོང༌དཀར༌བ༌དགའན༌ཁ༌ཤ༌འདུག །དམར༌བ༌དགའན༌དམར༌ཁྲ༌འདུག །སེར༌བ༌དགའན༌གསེར༌ཁྲ༌འདུག །ཟོང༌འདི༌ཚུ༌གོང༌ཚད༌མཐོཝ༌མིན༌པས། །སྒརཔ༌བློ༌འདོད༌མེད༌པར༌བཞག༌བཞགཔ༌ཨིན། །

ཤར༌དཀར༌པོའི༌བྱེ༌དར༌རུད༌ཆད། །བལྟཝ༌མིག༌གིས༌བང༌ཐང༌རྫོགས༌རུང༌། །རང༌སེམས༌ཀྱིས༌ཁོ༌ཐག༌མ༌ཆོད། །དཔྱེ༌མ༌ཤེསན༌འདི༌དང༌ཆ༌འདྲཝ༌ཅིག གཡུས༌བཟང༌ལྡན༌པའི༌སྨིན༌ཆུང༌། །མཇུག༌ལས༌དང༌གནམ༌བསྐོས༌མེད༌རུང༌། །ཕྲལ༌ངི༌སེམས༌ཁྱོད༌ལུ༌ཆགས༌ཆི། །

ཤིང༌ཙན༌དན༌སྡོང༌པོའི༌འགུ༌ལས། །བྱ༌ལྷ༌བྱ༌ཁུ༌བྱུག༌སྔོན༌མོ། །ཁྱོད༌མི༌སྡོད༌བོད༌ཁམས༌བསྐོར༌ནི༌ལོ། །བསྐོརན༌བསྐོར༌བར༌སོང༌ཟེར༌ང༌སླབ༌ཅི། །ཡར༌གཤོག༌སྒྲོ༌ལེགས༌ཚེ༌ཁྱོད༌རང༌འབག །དགོནམ༌བྱང༌ཐང༌ལཱ༌ལས༌གཤག༌དགོ༌པས། །ཕོད༌ཀོ༌ཟུང༌གཅིག༌གཡུས༌ལུ༌བཞག །འཕྲལ༌ཚོ༌མ༌སྒར༌པའི༌རྟེན༌འབྲེལ༌ཨིན། །དཔྱེ༌མ༌ཤེསན༌འདི༌དང༌ཆ༌འདྲཝ༌ཅིག  །ཁྱོད༌གཡུས༌ཀྱི༌སྨིན༌ཆུང༌བུམོ༌འདི། །ཁྱོད༌མི༌སྡོད༌རྫོང༌ཆེན༌བསྐོར༌ནི༌ལོ། །བསྐོརན༌བསྐོར༌བར༌སོང༌ཟེར༌ང༌སླབ༌ཅི། །འཕྲལ༌ན༌བཟའ༌ལེགས༌ཚེ༌ཁྱོད༌རང༌འབག །མར༌རྫོང༌ཆེན༌བསྐོར༌ས༌དགོ༌པས། །བློ༌རིག༌ཟུང༌གཅིག༌གཡུས༌ལུ༌བཞག། །མཇུག༌སྨིན༌ཆུང༌ལོག༌པའི༌རྟེན༌འབྲེལ༌ཨིན། །

ཡར་ལྷ་ས་ཁྲོམ་གྱི་སྦུག་ལུ། །ཚོང་མིང་ཅན་གཅིག་དང་མིང་མེད་གཉིས། །མིང་མེད་བརྒྱ་དང་སྟོང་ཡང་འདུག །མིང་མེད་བརྒྱ་དང་སྟོང་འདི། །ཡར་ཁྲོམ་གྱི་སྦུག་ལུ་ཡལ་སོང་ཡི།

མིང་ཡོད་པ་ཉི་ཤུ་རྩ་བརྒྱད་མས། །ཉི་ཤུ་རྩ་བརྒྱད་སླ་ལས། །ཟོང་ཧོ་ཁྲ་ཨིནམ་ངོ་མ་ཤེས། །ཟོང་ཧོ་ཁྲ་བཙོང་མི་ཚོང་ཁང་འདི། །ས་ག་ཏེ་ཕྱོགས་ལུ་ཆ་བཞག་ནི་སྨོ། །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །གཡུས་བཟང་བདེ་མོའི་ཕྱོགས་ལུ། །ཚོང་མིང་ཅན་གཅིག་དང་མིང་མེད་གཉིས། །མིང་མེད་བརྒྱ་དང་སྟོང་ཡང་འདུག །མིང་མེད་བརྒྱ་དང་སྟོང་འདི། །ནཱ་གཡུས་བཟང་ཁྲ་མོར་ཡལ་སོང་ཡི། །མིང་ཡོད་པ་ཉི་ཤུ་རྩ་བརྒྱད་མས། །ཉི་ཤུ་རྩ་བརྒྱད་སླ་ལས། །རང་ཚོ་མ་ཨིནམ་ངོ་མ་ཤེས། །ང་ཚོ་མ་སྐྱེས་པའི་ཡུམ་ཆེན། །ས་ག་ཏེ་ཕྱོགས་ལུ་ཆ་བཞག་ནི་སྨོ། །

ཆུ་ཅིག་དྲངས་ཅིག་ཆུ་ཅིག་དྲངས། །ཆུ་ཅིག་བོད་ཁམས་ཡས་ལས་དྲངས། །ལྷ་སར་སྒོ་ཁར་རྫོང་ཅིག་འཁྱིལ། །རྫོང་གཅིགཔ་འདི་ལུ་གཟར་གསུམ་དཔག གཟར་གཅིག་མཚན་ལྡན་བླ་མའི་གཟར། །གཟར་གཅིག་དབང་ཆེན་དཔོན་པའི་གཟར། །གཟར་གཅིག་མཉམ་རོགས་གཞོན་པའི་གཟར། །མཚན་ལྡན་བླ་མའི་གཟར་ལས་ཧུབ་གཅིག་འཐུང་། །བྱིན་རླབས་ཆེ་བའི་ཆུ་རང་མས། །དབང་ཆེན་གཟར་ལས་ཧུབ་གཅིག་འཐུང་། །ཁ་དབང་ཆེ་བའི་ཆུ་རང་མས། །མཉམ་རོགས་གཟར་ལས་ཧུབ་གཅིག་འཐུང་། །དག་སྣང་ཆེ་བའི་ཆུ་རང་མས། །

མར་རྒྱ་ནག་གསེར་ཁྲི་གྱལ་ཁར། །བུ་མོ་རྒྱ་བཟའ་འདྲཝ་གཅིག་ཐགས་འཐག་དེས། །ཐགས་ཆེ་ཡང་འཐག་ཅིག་ཆུང་ཡང་འཐག །ཐགས་ཆེ་བ་དཔོན་པའི་ན་བཟང་འཐག །ཆུང་མ་ཨ་ལོའི་བགོ་ཅུང་འཐག །ཐགས་དེ་ཚུ་ག་ར་འཐག་ནུག་པ། །ངིའི་བླ་མའི་ན་བཟའ་མ་འཐག་པས། །ངིའི་བླ་མའི་ན་བཟའ་འཐགན། །བུམོ་ཁྱོད་ཡང་སངས་ཆུང་རྒྱས་ནི་མས། །

མགརཝ་རྒྱང་ཀ་ལེགས་པའི་དུང་ཚང་ན། །དུང་ཆེ་ཡང་བརྡུང་ཅིག་ཆུང་ཡང་བརྡུང་། །ཆེ་བ་དཔོན་པོའི་ཕྱག་བཤེད་བརྡུང་། །ཆུང་བ་ཨ་ལོའི་གྱི་ཅུང་བརྡུང་། །གྱི་འདི་ཚུ་གེ་ར་བརྡུངས་ནུག་པ། །ངིའི་བླ་མའི་ཕྱག་གྲི་བརྡུངན། །མགརཝ་ང་ཡང་སངས་ཆུང་རྒྱས་ནི་མས། །

རི་ཕར་གྱི་རི་དང་ཚུར་གྱི་རི། །ཉིན་ནུབ་མེད་པར་གདོང་སྐོར་ཨིན། །གཏམ་ཁ་སླབ་གསུང་གཏམ་མེད་མི་འདི། །ཆུམོ་གཙང་ཆབ་ཆུ་མོས་ལེནམ་ཨིན། །ཡངན་གམང་ཆབ་རྐ་ལས་བསྒྱུར་དགོ་པས། །ཡངན་ཆུ་མོར་ཟམ་ལྕགས་བསྣར་དགོ་པས། །རང་གཙང་ཆབ་རྐ་ལས་བསྒྱུར་བར། །རང་ཤེད་དང་སྦུངས་ཀྱིས་མི་ལྕོགས་པས། །ཐབས་དང་ཤེས་རབ་སྟོན་ཏེ། །ད་ཆུ་མོར་ཟམ་ལྕགས་བསྣར་ད་གེ །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །གཡུས་ཀྱི་སྨིན་ཆུང་བུམོ་གི་གཅིག། །རྫོང་གི་ཚོ་མ་སྒརཔ་གི་གཉིས། །ཉིན་ནུབ་མེད་པར་གདོང་སྐོར་ཨིན། །གཏམ་ཁ་སླབ་གསུང་གཏམ་མེད་མི་འདི། །ཁོང་ཡབ་ཡུམ་གཉིས་ཀྱིས་ལེནམ་ཨིན། །བཀའ་དང་གྱོས་བསྐོར་བསྡུར་ཏེ།་།ད་ཡབ་ཡུམ་ཆོས་ལུ་གཏང་ད་གེ །

མཐོཝ་ཤར་ཕྱོགས་བཀྲིས་ལ་ལས། །སྐརམ་མེ་ཆག་ལྡནམ་གཅིག་ཤར་ཡོད། །ཁྱོད་དཀར་གསལ་གཡུ་ཆུང་དྲུག་དཀར་གྱིས། །སྐརམ་མེ་ཆག་བརྒྱད་ཀྱི་མདངས་མ་ཐེག། །ང་ཤརན་དྲོད་དང་ལྡནམ་ཅི། །ཡར་ནམ་མཁའི་སྦུག་ལས་ཤར་གེ །

ང་གཡུས་ཀྱི་སྨིན་ཆུང་བུམོ་འདི། །ཡར་བཞེངས་པ་ཡབ་དང་ཡུམ་གྱིས་བཞེངས། །ནང་གཟུངས་ཤམ་བྱ་དཀར་ཅུང་བཙུགས། །ལུས་ལུ་དམར་ཁྲ་དཀྱི་ར་དཀྱིས། །སྐེདཔ་མེ་ཏོག་ཚོ་མས་སྒོར། །སྐེ་ལུ་གཟི་དང་བྱུ་རུ་བཏགས། །རྒྱབ་སྒོར་ཚེ་མཆོད་རྟེན་དཀར་ཅུང་འདྲ། །མར་སྡོད་ཚེ་བལ་ཁུག་ཁྲ་ཆུང་འདྲ། །ཡར་ལོང་ཚེ་ལྕང་མ་ལྕུག་ཤིང་འདྲ། །གདོང་སྒོར་ཚེ་ཨེ་ཏོག་མེ་ཏོག་འདྲ། །ཁྱོད་རྫོང་གི་ཚོ་མ་སྒར་པ་གིས། །བཤགས་སྦྱང་ཕུལ་རུང་མི་རེ་ག །

ས་བོད་ཀྱི་ཡར་ཀླུང་མཚོ་ཁ། །བཀྱག་ལེགས་པའི་གཡུ་ཆུང་དྲུག་དཀར་གྱི། །བཀྱག་ཡང་ལེགས་ཅིང་ལུང་ཡང་བཙན། །བཀྱག་ལེགས་པའི་ཕུ་ཐག་ཆོད་སོང་རུང་། །ལུང་བཙན་པའི་ཕུ་ཐག་ཆོད་མ་ཚུགས། །ད་ལོག་སྟེ་ཕུ་ཐག་བཅད་གེ་་མས། །

ཡར་ལྷུང་ཚོ་བཀྲིས་དགོན་པ་ལུ། །ཤིང་མི་སྐྱེས་དགུ་སྐྱེས་ལྷ་ཤིང་སྐྱེས། །ལྷ་ཤིང་འདི་གུ་ཨོ་རོག་ཆགས། །ང་ལྷ་བྱ་ཆགས་ས་ཨིན་མནོ་བ། །ཁྱོད་ཨོ་རོ་ཟུར་ལས་ལྡིངས་ཆི་ནུག །དགའན་ཨོ་རོ་ཁྱོད་ར་སྡོད་སྨ་རེད། །ང་ལྷ་བྱ་ནམ་མཁར་ལྡིང་ཆི་ནི། །

ཤིང་གུ་མའི་ཤིང་གི་རྩེ་ལས། །བྱ་ཚེ་རིང་མགྲིན་སྐད་རྐྱབ་དོ་ལོ། །སྐད་རྐྱབ་སྟེ་ཟེརན་འདི་རང་དགའ། །བྱ་ཁྱོད་ཀྱི་སྤུ་ཁྲ་གཞའ་རིས་དང་། །མི་ངི་གི་སེམས་ཀྱི་སྣ་ལྔ་གཉིས། །ད་གཞའ་རིས་སྡེ་ལྔ་སྒྲིགསན། །གཏམ་ལོ་རྒྱུས་ག་དེ་ཟེར་ནི་མས།།

ཤིང་སྤོས་དཀར་བསངས་ཤིང་སྟོང་ཕུ་འདི། །ཕྱི་ཨོམ་གྱིས་མ་བཤལ་མདངས་དཀར་བས། །རྩཝ་སྤུད་ཀྱིས་མ་ཟ་དྲི་ཞིམ་པས། །ཁྱོད་ཤིང་ཆེན་འདི་ལས་མི་འགྱུར་ག །ཁྱོད་ཤིང་ཆེན་འདི་ལས་མ་འགྱུརན། །བྱ་ང་ར་ཆགས་ས་འདི་བཏུབ་པས། །

ས་འདི་ལས་མར་མར་བལྟ་ཚེ། །མར་རྒྱ་ནག་པདྨའི་ཐང་ལུ། །ཤིང་དཔག་བསམ་ལྗོན་ཤིང་གཡས་ལས་སྦེ། །ཙན་དན་སྡོང་པོ་གཡོན་ལས་སྦེ། །ལྷ་ཤིང་ཤུག་པ་མགོ་སྦྱེལ་རྐྱབ། །ཤིང་ཁྱོད་ར་སེམས་ཁར་གན་མནོ་རུང་། །བྱ་ང་རང་ཆགས་ས་འདི་བཏུབ་པས། །

རི་ཨེ་གསལ་མི་གསལ་གསལ་བའི་རི། །རི་ཨེ་མཐོ་མི་མཐོ་མཐོ་བའི་རི། །མཐོ་བའི་རི་ལས་མར་བལྟ་ཚེ། །མར་རྒྱ་ནག་གསེར་ཁྲི་གྱལ་ཁར། །བུམོ་རྒྱ་བཟའ་འདྲཝ་ཅིག་ཐངམ་བརྡལ་དེས། །ཐངམ་བརྡལ་བ་གཡུ་དང་བྱུ་རུ་བརྡལ། །ཐང་བཟོ་པད་སྐོར་ཅན་མ་བཙུགས། འཁོར་བ་རྨ་བྱ་ཟུང་ཅིག་འཁོར། །ཏི་ཏི་ཟེར་ཏེ་ཚུར་མི་འབོ། །ཏི་ཏི་ཟེར་ཏེ་ཚུར་འབོ་ན། །ཟམོ་རང་ཡང་ནོར་འདོད་ཆེ་ཆེ་འདྲ། །ཞཱ་ཞཱ་ཟེར་ཏེ་ཕར་མི་བདའ། །ཞཱ་ཞཱ་ཟེར་ཏེ་ཕར་བདའ་ན། །ཟམོ་རང་ཡང་སྙིང་རྫེ་ཆུང་ཆུང་འདྲ། །

Comments are closed.

Related

བློ་ཟེ།

བློ་ཟེ་དགའ་བའི་མེ་ཏོག།

ཡར་ཚལ་ནང་ལེ་ཀོ་མིག་དམར་ཅིག །ཡར་སྒང་གི་སྟོང་སྟོང་བྱ་པོ་གཉིས། །བྱ་བྱ་ལུས་ཐོབ་འདྲན་འདྲ་ཨིན། །ནམ་དུས་བཟུང་བ་ང་ལྷག་པས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་གི་གཅིག །ང་རྫོང་གི་ཚོ་མ་སྒར་པ་གཉིས། །མི་ལུས་ཐོབ་འདྲན་འདྲ་ཨིན། །སྐྱེསཔ་ཕོ་ལུས་ཐོབ་པ་ང་ལྷགཔས། །བྱ་ལུས་མ་ཐོབ་བྱལུས་ཐོབ། །བྱ་ལྟས་ཕངས་ལུས་ལུ་ཐོབ་ལས་འདི། །ཆུངམ་སྒོང་རྡོག་ཙམ་ལས་ཡལ་སོངམ་དྲག །དཔྱེ་མ་ཤེས་འདི་དང་ཆ་འདྲཝ་ཅིག །མི་ལུས་མ་ཐོབ་མི་ལུས་ཐོབ། །ཟམི་བུད་མེད་ལུས་ལུ་ཐོབ་ལས་འདི། །ཡུམ་ཨ་མའི་ལུས་ལས་ཡལ་སོངམ་དྲག །ཁྱོད་ངོ་རིས་དཔོན་གྱི་བུམོ་ལེགས་པས། །རང་ལྟ་དགོ་རང་གི་བརྩེ་མཛའ་བདེ། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །དགའཝ་བརྩེ་ལུ་དགའཝ་དམ་ཚིག་ཨིན། །ཁྱོད་དམ་ཚིག་མེད་པའི་བརྩེ་མཛའ་འབདན། །ཁྱོད་ལྷ་བས་ལེགས་རུང་ང་མིན་དགོ ། བྱ་འཕུར་བ་བྱ་མདངས་ཕོ་གཅིག་འཕུར། །ང་ཆགས་ས་ག་ངོ་མ་ཤེས་པར། །མར་པ་སངས་སྒོ་གཟར་ཐོག་ལུ་ཆགས། །བུམོ་ཨ་ཐང་རིག་འཛིན་པདྨོ་གིས། །མཇུག་ཚདཔ་བྱ་བཏུབ་པས་མནོ་སྟེ། །རྐང་ཐག་ཟུང་གཅིག་བཏགས་ད་ཡི། །བྱ་བཙུགས་མའི་ཀུ་ཏོའི་ནང་ལུ། །བྱ་རིན་ཆེན་སྲོག་དང་འབྲལ་ནི་མས། །ཁྱོད་རིན་ཆེན་སྲོག་དང་འབྲལ་རུང་འབྲལ། །ང་རྐང་ཐག་རྩ་ལས་མི་གཏང། །ཕུ་ཡས་ཀྱི་བྲག་དམར་ལོགས་ལས། །གྱང་ཐོག་གསུམ་གུ་ལས་མར་མི་བུད། །མར་བུད་རུང་བལ་གྱི་གཞུང་ནང་ཨིན། །བལ་གྱི་གཞུང་ནང་བུད་བར། །མི་ང་ལུ་གན་ཡང་འབད་མི་ཚུགས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཡར་རི་མགོ་ཇ་ཤིང་གང་རུང། །ཇ་བཟོ་ཇ་ཐབ་ཁར་མི་བཀལ། །མར་རི་མཇུག་རྒྱ་མཚོ་འཁྱིལ་རུང། །ང་ཇ་ཆུ་མཚོ་ལས་མི་དབོག །ངི་ཡབ་ཆེན་ནོར་དད་ཆེ་སྟེ། །ཡར་གཡག་ནོར་ལ་ཁར་ཡོད། །ཡུམ་ཆེན་སེམས་བསྐོར་མཁས་ཏེ། །མར་ཚོང་དཔོན་རྒྱ་ལུ་ཡོད། །ཇ་ཇ་རིལ་ལོགས་ལས་སྤོག་སྟེ་བཏབ། །མར་ཤེད་སྐེད་པ་བཏོག་སྟེ་བཙུག །ཇ་གར་སླ་མར་གྱིས་བཟོ་ནི། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །ཁྱོད་བྱད་དང་ངོ་རིས་ཡོད་ཟེར། །ཁྱོད་ར་ཨིན་ཟེར་མ་མནོ། །ཁྱོད་བྱད་དང་ངོ་རིས་ཡོད་རུང། །གཉེན་གྲོགས་གཉིས་ཀྱི་བར་ན། […]

gyalchi
བློ་ཟེ།

བློ་ཟེ་དགའ་བའི་མེ་ཏོག།

ངི་གཉའ་སྟོད་དར་གྱི་ར་ཅུང་། །ང་ར་ཅུང་ལེགས་པའི་དུས་ཚོད། །ཟམོ་རང་གི་བཟང་གོས་འབད་ཡི། །ད་རག་ཅུང་རྒས་པར་གྱུརཝ་ལས། །ཆུ་ཁྱུ་གཟར་ལས་ཁྱུ། །སྤང་གསེར་ཤོག་སྤང་ལུ་བརྡལ་བཞག་ཡོད། །མཉམ་རོགས་ཁྱོད་ཀྱིས་འཐུ་སྟེ། །ཁྱོད་ཐོབ་ཅི་མནོ་སྟེ་སེམས་དགའ་རུང་། །ངིའི་ལགཔ་ལས་ཤོར་རུང་བློ་མི་འཁོལ། ། ང་ཆུ་ཆེན་བརྒལ་དགོ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །རང་ཟམ་ལྕགས་ཆུ་གིས་འབག་སོངཔ་ལས། །མ་བརྒལ་བྱ་ཐབས་མིན་འདུག །བྱ་ཁུ་བྱུག་འཕུར་དགོ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །རང་གཤོག་སྒྲོ་རླུང་གིས་གཡབ་ལས། །མ་འཕུར་བ་ཡང་འཐབ་མིན་འདུག །དཔྱེ་མ་ཤེསན་འདི་དང་ཆ་འདྲཝ་ཅིག །ང་འཐབ་གེ་རྒྱགས་གེ་མནོཝ། །བསམ་དང་ཡིད་ལུ་མེདཔ་ཨིན། །ཉིནམ་ད་རེས་གདོང་བསྐོར་རྐྱབ་སྟེ། །ང་མ་འཐབ་བྱ་ཐབས་མིན་འདུག ། ཐགས་འཐག་པ་རྒྱ་ནག་ལྕགས་རི་འཐག །ཐགས་རྒྱ་ནག་ལྕགས་རི་འཐགཔ་ད། །ཡར་ཁྲི༌གདུགས༌མགོ༌ཡུག༌འཁོར༌རུང༌འཁོར། །མར༌དཀར༌གསལ༌སྐྱོ༌མ༌བཙུགས༌རུང༌བཙུགས། །ཐགས༌ལྕགས༌རི༌འདི༌རང༌འཐག༌ནི༌ཨིན། །དཔྱེ༌མ༌ཤེསན༌འདི༌དང༌ཆ༌འདྲཝ༌ཅིག །ཆུ༌དབོགས༌པའི༌ཤུལ༌ལུ༌ཧོ༌མ༌སློང༌། །མར༌མཚོ༌སྨན༌རྒྱལམོ༌མི༌དགྱེས༌པས། །མར༌མཚོ༌སྨན༌རྒྱལམོ༌མ༌དགྱེས༌རུང༌། །ཆུ༌རྒྱ༌མཚོ༌མར༌ལས༌དབོག༌ནི༌ཨིན། རི༌ཕར༌གྱི༌རི༌དང༌ཚུར༌གྱི༌རི། །རི༌ཕར༌གྱི༌རི༌འདི༌གསེར༌གྱི༌རི།  །རི༌ཚུར༌གི༌རི༌འདི༌དངུལ༌གྱི༌རི། །རང༌གསེར༌རི༌གྱེན༌གྱི༌རྩ༌བར། །ཟོང༌དཀར༌བ༌དགའན༌ཁ༌ཤ༌འདུག །དམར༌བ༌དགའན༌དམར༌ཁྲ༌འདུག །སེར༌བ༌དགའན༌གསེར༌ཁྲ༌འདུག །ཟོང༌འདི༌ཚུ༌གོང༌ཚད༌མཐོཝ༌མིན༌པས། །སྒརཔ༌བློ༌འདོད༌མེད༌པར༌བཞག༌བཞགཔ༌ཨིན། ། ཤར༌དཀར༌པོའི༌བྱེ༌དར༌རུད༌ཆད། །བལྟཝ༌མིག༌གིས༌བང༌ཐང༌རྫོགས༌རུང༌། །རང༌སེམས༌ཀྱིས༌ཁོ༌ཐག༌མ༌ཆོད། །དཔྱེ༌མ༌ཤེསན༌འདི༌དང༌ཆ༌འདྲཝ༌ཅིག གཡུས༌བཟང༌ལྡན༌པའི༌སྨིན༌ཆུང༌། །མཇུག༌ལས༌དང༌གནམ༌བསྐོས༌མེད༌རུང༌། །ཕྲལ༌ངི༌སེམས༌ཁྱོད༌ལུ༌ཆགས༌ཆི། ། ཤིང༌ཙན༌དན༌སྡོང༌པོའི༌འགུ༌ལས། །བྱ༌ལྷ༌བྱ༌ཁུ༌བྱུག༌སྔོན༌མོ། །ཁྱོད༌མི༌སྡོད༌བོད༌ཁམས༌བསྐོར༌ནི༌ལོ། […]

gyalchi
བློ་ཟེ།

བློ་ཟེ་དགའ་བའི་མེ་ཏོག།

ཁྱོད་གཡུས་ཀྱི་སྨིན་ཆུང་བུམོ་འདི། །ས་ཕྱོགས་ག་ལས་འོང་འོངམ་སྨོ།། ཁྱོད་མིང་ལུ་ག་ཅི་ཟེརཝ་སྨོ། །ཁྱོད་སྨིན་ཆུང་བུ་མོའི་ལོ་རྒྱུས། །ཚོ་མ་ང་ལུ་སླབ་གནང་མས།།སྒརཔ་རང་དང་སེམས་ཀྱི་རེ་བ་ལུ། །བུམོ་ཁྱོད་ཀྱི་ལོ་རྒྱུས་དྲིས་མི་འདི།། འཕྲལ་ཧིང་གཏམ་བཤད་རུང་བཤད་ངོ་བདེ། །མཇུག་གཉེན་གྲོགས་བསྡོམ་རུང་བསྡོམ་ངོ་བདེ།།ཚོ་མ་ངེད་ཀྱི་ལོ་རྒྱུས། །སྨིན་ཆུང་ཁྱོད་ལུ་བཤད་པ་ཅིན། །བྱིན་རླབས་ཅན་གྱི་རྫོང་ཆེན། །རྫོང་སྤུངས་ཐང་བདེ་ཆེན་བཞེངས་མི། །སྤྲུལ་པའི་བཟོ་བོ་བ་ལིབ། །གཡུས་བ་ལིས་གཡུས་ལས་ཨིན་མས། །ང་ཡང་བ་ལིབ་གཡུས་ལས་ཨིན། །ངེད་མིང་འདི་ཁྱོད་ལུ་སླབ་པ་ཅིན། །ངེད་མིང་ཀུན་ལེགས་ཚེ་རིང་ཨིན།།ས་སྒང་གི་ཨེ་ཏོག་མེ་ཏོག་གཅིག །ཡར་གངས་ཀྱི་ཆུ་དཀར་མེ་ཏོག་གཉིས། །མར་ལྡུམ་ར་སེར་ཤོག་མེ་ཏོག་གསུམ། །རྩཝ་སྐྱེས་ས་མ་གཅིག་སོ་སོར་ཨིན། །ཚེ་སྔོན་གྱི་སྨོན་ལམ་རྒྱ་ཆེ་སྟེ། །ཡར་འཛོམས་ས་མཆོད་བཤམས་ཁྲ་མོར་མས། །འཛོམས་བྲལ་བ་མེད་པའི་སྨོན་ལམ། །ཡར་དཀོན་མཆོག་གསུམ་ལས་ཞུ་གེ་མས། །

gyalchi
Online now: 3 Today: 4074 Total visitors: 6751