ArchiveAboutContact

Month: September 2026

Special News

དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས།

མི་དབང་རྒྱལ་བཙུན་མཆོག་གིས་ སྤྱི་ཟླ་ ༩ པའི་ཚེས་ ༡༡ ལུ་ འབྲུག་གི་ཁས་བླངས་རིག་རྩལ་ཁང་ནང་ གསོལ་རས་ཀྱི་ རྟེན་འབྲེལ་ཅིག་ བརྩི་ཐོག་ལས་ སྤྱི་ལོ་ ༢༠༢༦ ལོའི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ གནང་ཡོདཔ་ཨིན་པས། རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཧི་མ་ལ་ཡའི་ ལམ་སྲོལ་གྱི་ བཟོ་རྣམ་དང་ ཐབས་རིག་ཚུ་གི་ སེམས་སྐུལ་ཐོག་ལུ་ ཐོན་རིམ་ཅན་གྱི་ དེང་དུས་ཀྱི་རིག་རྩལཔ་ཚུ་ལུ་ གནང་སྲོལ་ཡོདཔ་སྦེ་བཀོད་ནུག། དེ་ཡང་ སྤྱི་ལོ་ ༢༠༢༤ ལུ་ གཞི་བཙུགས་འབད་མི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཌོ་ལར་ ༣༠,༠༠༠ རེ་ ཐོབ་དོ་ཡོདཔ་ད་ འདས་དང་མ་འོངས་གཉིས་ཆ་རའི་ནང་ རིག་རྩལ་གྱི་ ཁེ་ཕན་ཡོད་པའི་ རིག་རྩལཔ་དྲག་ཤོས་ཚུ་ རྒྱལ་སྤྱིའི་དྲང་དཔོན་ཚུ་དང་ རུ་བིན་མིའུ་ཛི་ཡམ་གྱི་ ལས་གཡོགཔ་ཚུ་གིས་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

World News

སཱའུ་དི་ཨ་ར་བི་ཡ་གིས་ མར་ཁུའི་དུང་ལམ་ གལ་ཅན་ཅིག་ སྒོ་བསྡམས་ཡོདཔ།

བི་བི་ཧི། སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ ཨི་རག་ལས་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་བའི་ཤུལ་ལུ་ སཱའུ་དི་ཨ་ར་བི་ཡ་གིས་ མར་ཁུའི་དུང་ལམ་ གལ་ཅན་ཅིག་ སྒོ་བསྡམས་ཡོདཔ་ཨིན་པས། དེ་ཡང་ ཨི་རག་གིས་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ ཤར་ནུབ་དུང་ལམ་ལུ་ མཁའ་དམག་འཕྲུལ་ཆས་ཌྲཱོན་ཚུ་གིས་ གནོད་འཚུབ་བཀལ་མི་དེ་ ཨི་རཱན་གྱི་ ས་མཚམས་ལུ་ཡོད་པའི་ མངའ་སྡེ་ཅིག་ལས་ བྱུང་ཡོདཔ་སྦེ་ ངོས་ལེན་འབད་ནུག།

National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ངག་དབང་བསྟན་འཛིན་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམ་ཡོདཔ།

རང་ཟླ་ ༧ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཉིན་མའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ངག་དབང་བསྟན་འཛིན་མཆོག་ སྤ་རོ་འབྲང་རྒྱས་དགོན་པའི་ སྒྲུབ་ཁང་ནང་སྦེ་ དགོངས་པ་ཆོས་དབྱིངས་ལུ་ ཐིམ་ཡོདཔ་ད་ ད་རེས་ འོད་གསལ་གྱི་ ཐུགས་དམ་ངང་ལུ་ བཞུགས་ཏེ་ཡོདཔ་ཨིན་པས། དེ་ཚེ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་འདུན་འདུས་པ་རྒྱ་མཚོ་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མཆོད་མེ་སྟོང་མཆོད་ཕུལ་ཏེ་ བསྔོ་སྨོན་དང་ གསོལ་འདེབས་ཚུ་གནང་ནུག།

World News

སྣུམ་འཁོར་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་ ༥ ལུ་ ཤི་རྐྱེན་དང་ ༤༠ དེ་ཅིག་ལུ་རྨ་སྐྱོན།

བི་བི་སི། སུ་ཡིཛ་ཨཱལ་པཱཛ་གི་ ཤར་ལྷོ་ཁ་ཐུག་ལུ་ བལྟ་བཤལ་པའི་ སྣུམ་འཁོར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ ༤༠ དེ་ཅིག་ལུ་ རྨ་སྐྱོན་སྦོམ་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༠ གྱི་ ཕྱི་རོ་ཁམས་ཅིག་ཁར་ ཌཱཆ་བལྟ་བཤལ་པའི་ སྣུམ་འཁོར་བཱཛ་དེ་ ག་ར་འུ་བཱན་ཌེན་ ལུང་ཕྱོགས་ནང་ སུ་ཅེཆ་དང་ ཟེར་ནེཛ་གི་བར་ན་ འཁོར་ལམ་གྱི་ ལཱ་འབད་སའི་ ས་ཁོངས་ཅིག་ནང་ ལམ་འོག་ལས་མར་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ཨིན་པས། དེ་བསྒང་ རྨ་སྐྱོན་བྱུང་མི་ཚུ་ག་ར་ ཉེན་སྐྱོབ་གནམ་གྲུ་ ཧེ་ལི་ཀོབ་ཊར་ཚུ་ནང་སྦེ་ སྨན་ཁང་ཚུ་ནང་ བསྐྱལ་ཡོདཔ་སྦེ་ སུ་ཡིཛ་ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།

National News

རྩི་རང་གྲྭ་ཚང་གི་ བླམ་གནས་བརྟན་སྐུ་བགྲེས་ དགོངས་པ་རྫོགས་ཡོདཔ།

རང་ཟླ་ ༧ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ རྩི་རང་གི་ བླམ་གནས་བརྟན་སྐུ་བགྲེས་ ངག་དབང་དཔལ་བཟང་མཆོག་ དགུང་ལོ་ ༨༦ གི་ཐོག་ལུ་ བླམ་རང་གི་གཟིམ་ཅུང་ནང་སྦེ་ གཤགས་ཡོདཔ་ཨིན་པས།དེ་ཚེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ འཕགས་པའི་དགེ་འདུནམ་ཚུ་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མཆོད་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་ཚུ་གནང་ནུག།

Online now: 34 Today: 1393 Total visitors: 4070