ArchiveAboutContact

Month: September 2026

World News

ག་ཟ་ལུ་ དམག་འཁྲུག་གིས་ གནོད་སྐྱོན་རྐྱབ་སྟེ་ཡོད་མི་ སྒྲིང་ཁྱིམ་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༢༠ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ས་གནས་ཀྱི་ སྲོག་སྐྱབས་སྡེ་ཚན་ཚུ་གིས་ ག་ཟའི་ས་ཁོངས་ནང་ དམག་འཁྲུག་གིས་ གནོད་སྐྱོན་རྐྱབ་སྟེ་ཡོད་མི་ སྒྲིང་ཁྱིམ་ཅིག་ རམ་ཡར་སོངཔ་ལས་ ཨ་ལུ་ཚུ་རྩིས་ཏེ་ མི་གྲངས་ ༢༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ལེ་ཤ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་སྦེ་ བཤདཔ་ཨིན་པས། དེ་ཡང་ ག་ཟ་ཁྲོམ་སྡེ ཏཱལ་ཨཱལ་ཧ་ཝའི་ ས་ཁོངས་ནང་ ཐོག་ཚད་ལེ་ཤ་ཡོད་མི་ སྒྲིང་ཁྱིམ་དེ་ རམ་འགྱོ་བའི་ཤུལ་ལུ་ ས་རུག་རྡོ་རུག་ཚུ་གི་ནང་ལས་ ཤི་མིའི་ཕུངམོ་ཚུ་དང་ མ་ཤི་བར་ལུས་མི་ཚུ་ འཚོལ་ཞིབ་འབད་དོ་ཡོདཔ་སྦེ་བཀོད་ནུག། ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ ཧེ་མ་ལས་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཚུ་ ཉེན་སྲུང་མེད་པའི་སྐོར་ལས་ ཉེན་བརྡ་འབད་ཡོད་རུང་ བཟའ་ཚང་ ༡༠ དེ་ཅིག་ སྒྲིང་ཁྱིམ་དེ་ནང་ར་ སྡོད་ནུག་ཟེར་ཨིན་པས། ག་ཟ་ལུ་ ཨིཛ་རེལ་གྱིས་ ཅ་ཆས་ཚུ་ བཀག་ཆ་འབད་མི་ལུ་བརྟེན་ཏེ་ ཧ་མཱཛ་གིས་ འགོ་འདྲེན་འཐབ་མི་ ཞི་བའི་སྲུང་སྐྱོབ་ཞབས་ཏོག་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ འཚོལ་ཞིབ་ཀྱི་ལཱ་ཚུ་ ལག་པ་གིས་འབད་ཡོད་རུང་ […]

World News

གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ཁྲོམ་སྡེའི་མེ་བསད་དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོཛ་ཨེན་ཇི་ལེཛ་གི་ ཟུར་ཁྲོམ་ཅིག་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། དེ་སྦེ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་ གནས་ཚུལ་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ཊེ་ལེ་མཱན་ཌུ་ ༥༢ ཟེར་མིའི་དོན་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་བསྒང་ ས་གནས་དེ་ཁར་ཡོད་མི་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ ལེ་ཤ་ཅིག་ལུ་ཡང་ ཐུག་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ནུག།

Online now: 36 Today: 130 Total visitors: 2807