ArchiveAboutContact

Month: June 2026

National News

སྤ་རོ་སྟག་ཚང་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་།

གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ ཡོན་ཏན་སྡེ་ཚན་གྱི་ དགེ་འདུན་པ་ཚུ་གིས་ སྤ་རོ་སྟག་ཚང་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་ གནང་དོ་ཡོདཔ་ཨིན་པས། དེ་ཡང་ གནམ་ལོ་མེ་རྟ་ཟླཝ་ ༥ པའི་ཚེས་ ༩  སྤྱི་ཟླ་ ༦ པའི་ཚེས་ ༢༣ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༢༡ གི་རིང་ལུ་ དགོངས་འདུས་སྒྲུབ་ཆེན་དང་ ཚེ་དཔག་མེད་སྒྲུབ་ཆེན་ཚུ་ གནང་དོ་ཡོདཔ་ད་ སྒྲུབ་ཆེན་དེ་ཚུ་ རང་ཟླ་ ༥ པའི་ཚེས་ ༢༩ སྤྱི་ཟླ་ ༧ པའི་ཚེས་ ༡༣ ཚུན་ གནང་ནི་ཨིན་པས།

World News

ཨི་རཱན་གྱིས་ ཧོར་མུཛ་མཚོ་ལམ་གྱི་ དབང་ཚད་དེ་ ཨི་རཱན་ལུ་ཡོད་པའི་ བདེན་ཁུངས་བཤད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཨི་རཱན་གྱིས་ ཧོར་མུཛ་མཚོ་ལམ་ལས་ གྲུ་བཏང་ནི་གི་ དབང་ཚད་དེ་ ཨི་རཱན་ལུ་ཡོད་པའི་ བདེན་ཁུངས་བཤད་ཡོདཔ་མ་ཚད་ ག་ལཱཕ་རྒྱལ་ཁབ་ཚུ་ལུ་ ཡུ་ཨེཛ་གི་ ཕྱོགས་བཟུང་འབད་ནི་མེད་པའི་ ཉེན་བརྡ་ཡང་འབད་ནུག ཨི་རན་གྱིས་ ཡུ་ཨེཛ་དང་ ག་ལཱཕ་རྒྱལ་ཁབ་ ༦ གིས་ མཉམ་འབྲེལ་གསལ་བསྒྲགས་འབད་མི་ལུ་ བར་འཛུལ་འབད་མི་དང་ འགན་ཁུར་མེདཔ་ དེ་ལས་ འདྲོག་བཅུག་མི་ཟེར་མི་ལུ་ ལན་གསལ་བཤད་ཡོདཔ་ད་ དེ་ཡང་ ཨི་རན་གྱིས་ ག་ལཱཕ་རྒྱལ་ཁབ་ཀྱི་ གྲུ་ཚུ་ལུ་ འཐུས་སྤྲོད་དགོཔ་སྦེ་ ཡང་བསྐྱར་སླབ་ཡོད་རུང་ ངོས་ལེན་མ་འབདཝ་ཨིན་པས།

National News

ཅ་ཆས་དང་ ཞབས་ཏོག་ཁྲལ་ དགོངས་ཡངས་ཁ་སྐོང་།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ དངུལ་རྩིས་ལྷན་ཁག་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ ནོར་མར་གསརཔ་དང་ ཆུམ་གྱི་རིགས་མ་འདྲཝ་ཚུ་ དེ་ལས་ ཚོད་དོར་མར་ཁུའི་རིགས་དང་ རང་སྒུལ་རྐང་ཁྲི་འཁོར་ལོ་ཅནམ་ཚུ་ལུ་ ཅ་ཆས་དང་ ཞབས་ཏོག་ཁྲལ་དེ་ མི་ཕོག་ཟེར་ཨིན་པས། དེ་ཡང་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ འཕྲི་སྣོན་བཅའ་ཁྲིམས་ ༢༠༢༦ ཅན་མ་དང་འཁྲིལ་ཏེ་ ཧེ་མའི་གསལ་བསྒྲགས་ཀྱི་ དོན་མཚམས་ ༢ པའི་ནང་ བཀོད་དེ་ཡོད་མི་ ཆ་གནས་སྤེལ་ཚེས་དང་ འབྲེལ་དོན་གྱི་སྐོར་ལས་ དོགས་སེལ་གྱི་དོན་ལུ་ཨིན་ཟེར་བཀོད་ནུག།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ མེ་ག་ཝཊི་ ༡༠༤ འབད་མི་ དྭངས་ཆུ་གློག་མེ་ལས་འགུལ་དེ་ ཀཱར་བཱོན་ཐོན་ཁུངས་སྒེར་སྡེ་ཚད་འཛིན་དང་གཅིག་ཁར་ མཉམ་འབྲེལ་གོང་འཕེལ་གྱི་ ཆིངས་ཡིག་གུ་ མིང་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ ཀཱར་བཱོན་ཐོན་ཁུངས་སྒེར་སྡེ་ཚད་འཛིན་དང་གཅིག་ཁར་ མེ་ག་ཝཊ་ ༡༠༤ འབད་མི་ དྭངས་ཆུ་གློག་མེ་ལས་འགུལ་དེ་ མཉམ་འབྲེལ་ཐོག་ལས་ གོང་འཕེལ་གཏང་ནིའི་དོན་ལུ་ བགོ་བཤའ་འཆང་དོན་གྱི་ ཆིངས་ཡིག་གུ་ མིང་རྟགས་བཀོད་ནུག། དེ་ཡང་ མི་རྗེ་བློན་ཆེན་མཆོག་གི་ སྐུ་མདུན་ལུ་སྦེ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་དང་ ཀཱར་བོན་ཐོན་ཁུངས་སྒེར་སྡེ་ཚད་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨ་བྷི་ནབ་ཀུ་མར་ཇ་ལཱན་གྱིས་ བཀོད་ཡོདཔ་ཨིན་པས། བགོ་བཤའ་འཆང་དོན་གྱི་ ཆིངས་ཡིག་དེ་གིས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བོན་ཐོན་ཁུངས་སྒེར་སྡེ་ཚད་འཛིན་གྱིས་ དྭངས་ཆུ་གློག་མེ་ལས་འགུལ་དེ་ དམིགས་བསལ་གྱི་ དགོས་དོན་ཐབས་ལམ་བརྒྱུད་དེ་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནི་ལུ་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་གྱི་སྒྲིག་བཀོད་ ཚུལ་མཐུན་བཟོཝ་ཨིན་ཟེར་བཀོད་ནུག།

World News

ཏཱ་ཡེ་ཝཱན་དང་ རྒྱ་པཱན་གྱི་ ས་ཁོངས་ཆ་ཤས་ཅིག་ལུ་ རླུང་འཚུབ་དང་ ཆརཔ་གིས་གནོད་སྐྱོན།

རོའི་ཊརཛ། ཏཱ་ཡེ་ཝཱན་གྱི་ ལྷོ་ཕྱོགས་དང་ བྱང་ཕྱོགས་ཁ་ཐུག་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ མི་སེར་ས་ཡ་ ༥ ལྷགཔ་ཅིག་ ལཱ་འབད་མ་ཚུགས་པར་ ལུས་ཡོད་པའི་ཁར་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་པཱན་ལུ་ཡང་ ས་རུད་དང་ ཆུ་རུད་ཚུ་ ཐོན་ཡོད་པའི་ ཉེན་བརྡ་འབད་ནུག། ད་རེས་ རྒྱ་པཱན་གྱི་ ལྷོ་ཕྱོགས་མཚོ་གླིང་ རིའུ་ཀིའུ་ཟེར་མིའི་ ཉེ་འདབས་ལུ་ རླུང་འཚུབ་དྲག་པོ་ཅིག་ འཕུ་མི་དེ་ ཏཱ་ཡེ་ཝཱན་ལུ་ ཐད་ཀར་དུ་ མ་ལྷོད་རུང་ ཀའོ་སི་ཡུང་དང་ ཏའི་ནཱན་ པིང་ཏུང་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

Online now: 36 Today: 130 Total visitors: 2807