ArchiveAboutContact

Month: April 2026

World News

ཧོར་མུཛ་ལུ་ མཚོ་གྲུའི་རྒྱུན་ལམ་ བསྐྱར་བཟོའི་དོན་ལས་ ཡུ་ཨེཛ་གིས་ གྲོགས་རམ་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༤ པའི་ཚེས་ ༨ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་ལུ་ མཚོ་གྲུའི་རྒྱུན་ལམ་ བསྐྱར་བཟོ་འབད་ནིའི་དོན་ལས་ ཡུ་ཨེཛ་གིས་ གྲོགས་རམ་འབད་འོང་ཟེར་ཨིན་པས།དེ་ཡང་ སྲིད་འཛིན་ཌོ་ནཱལ་ཊཱམ་གྱིས་ ཨི་རཱན་གྱི་ ཡར་ཐོན་ཅན་གྱི་ གནས་སྟངས་ཚུ་ག་ར་ ཡར་ལོང་ར་མེདཔ་བཟོ་ནི་སྦེ་ ཉེན་བརྡ་འབད་བའི་ དུས་ཚོད་བཀོད་མི་དེ་ དུས་ཡུན་ཆུ་ཚོད་ ༢ མ་ལངམ་ཅིག་གི་ཧེ་མ་ ཨི་རཱན་གྱིས་ ཧོར་མུཛ་མཚོ་ལམ་ སྒོ་ཕྱེ་ནི་དང་གཅིག་ཁར་ བདུན་ཕྲག་ ༢ ཀྱི་རིང་ལུ་ ཕྱད་མདའ་མཚམས་འཇོག་གི་ ངོས་ལེན་ཡང་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། […]

World News

ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ བདུན་ཕྲག་ ༢ ཀྱི་རིང་ལུ་ དམག་འཛིང་མཚམས་འཇོག་འབད་ནི་སྦེ་ ཁ་འཆམ་བྱུང་པའི་ཤུལ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ མར་ཕབ་སྦོམ་སོང་ཡོདཔ།

བི་བི་སི། ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ བདུན་ཕྲག་ ༢ ཀྱི་རིང་ལུ་ དམག་འཛིང་མཚམས་འཇོག་འབད་ནི་སྦེ་ ཁ་འཆམ་བྱུང་པའི་ཤུལ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ མར་ཕབ་སྦོམ་སྦེ་ར་ སོང་ཡོདཔ་མ་ཚད་ བགོ་བཤའི་ཚོང་འབྲེལ་ཚུ་ཡང་ ཡར་སེང་སོང་ནུག། དེ་ཡང་ ཞུན་དག་མིན་པའི་ ས་སྣུམ་བེ་རེལ་རེ་ལུ་ བརྒྱ་ཆ་ ༡༥.༩ དེ་རེ་ མར་ཕབ་སོང་སྟེ་ ཌོ་ལར་ ༩༢.༣༠ ལུ་ ལྷོད་ཡོདཔ་ད་ ཡུ་ཨེཛ་ལུ་འབད་བ་ཅིན་ ཚོང་འབྲེལ་འཐབ་མི་ ས་སྣུམ་གྱི་ གོང་ཚད་དེ་ བརྒྱ་ཆ་ ༡༦.༥ དེ་ཅིག་འབདཝ་ད་ ཌོ་ལར་ ༩༣.༨༠ རེ་ལུ་ མར་ཕབ་སོང་ནུག། ཨིན་རུང་ སྤྱི་ཟླ་ ༢ པའི་ཚེས་ ༢༨ ལུ་ ཕྱད་མདའ་འགོ་མ་བཙུགས་པའི་ ཧེ་མ་དང་ཕྱདཔ་ད་ གོང་ཚད་མཐོ་དྲགས་སྦེ་ར་ གནས་ཡོད་མི་དེ་ཡང་ དེ་བསྒང་ ས་སྣུམ་བེ་རེལ་རེ་ལུ་ ཌོ་ལར་ ༧༠ དེ་རེ་སྦེ་ སྡོད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ […]

Online now: 19 Today: 934 Total visitors: 8154