ArchiveAboutContact

Month: February 2026

Special News

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ།

སྨིན་དྲུག་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ རྒྱ་གར་ཨ་སམ་མངའ་སྡེའི་ ས་གནས་ཀོག་ར་ཇཱར་ལུ་ཡོད་མི་ བོ་དོ་ལེན་ གཙུག་ལག་སློབ་སྡེའི་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ་ཨིན་པས།རྟགས་མ་དེ་ ཨུ་པན་ད་ར་ ནཱཐ་བྷྲ་མ་ བློ་གཏད་ལས་སྡེ་གིས་ ཕུལ་ཡོདཔ་ད་ དེ་ཡང་ བོ་དོ་མི་སྡེའི་ མ་འོངས་སྔོན་གཟིགས་ཅན་དང་ བྱམས་བརྩེ་ཅན་གྱི་དབུ་ཁྲིད་ བོ་དོ་ཕ་ ཨུ་པན་ད་ར་ ནཱཐ་བྷྲ་མའི་ མཚན་ཐོག་ལུ་ གཞི་བཙུགས་འབད་ནུག།

National News

སེཕ་ཕུ་ལས་སྡེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལུ་ ལག་ལེན་དངོས་བསྟར་གཞི་བཙུགས།

སྨིན་དྲུག་རྡོ་རྗེ།འབྲུག་གི་ཨང་གནས་ཅན་གྱི་ འཕྲུལ་ཆས་གནས་སྟངས་ གོང་འཕེལ་གཏང་ནི་ལུ་ ཕན་ཐབས་ལུ་དམིགས་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ སེཕ་ཕུ་ལས་སྡེ་ ༢ ཀྱིས་ གལ་གནད་ཅན་གྱི་ མཉམ་འབྲེལ་ལས་རིམ་ཅིག་ གསལ་བསྒྲགས་འབད་ཡི།སེཕ་ཕུ་ལས་སྡེ་དེ་ འཛམ་གླིང་ནང་གི་ དངུལ་འབྲེལ་ལས་སྡེ་ཚུ་ལུ་ གཙུག་སྡེའི་གནས་རིམ་ཅན་གྱི་ ཨང་ཅན་འཕྲུལ་ཆས་ཀྱི་ ཞབས་ཏོག་བྱིན་མི་ ལས་སྡེ་གཙོ་བོ་ཅིག་ཨིན་པས།མཉམ་འབྲེལ་དེ་གི་ཐོག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཙུག་སྡེའི་གནས་རིམ་ཅན་གྱི་ ཨང་ཅན་འཕྲུལ་ཆས་ གཞི་བཙུགས་འབད་དེ་ ལག་ལེན་དངོས་སུ་སྦེ་ འཐབ་ནི་ཨིནམ་ལས་ འབྲུག་རྒྱལ་ཁབ་འདི་ནང་ འགན་འཁྲི་ཅན་གྱི་ ཨང་ཅན་འཕྲུལ་རིག་གཞི་རྟེན་ གོང་འཕེལ་གཏང་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ གསར་བཏོན་འབད་མི་ གནས་ཚུལ་ནང་བཀོད་ནུག།

World News

མཐའ་ཡས་ལེན་གྱི་ བཙག་འཐུའི་ནང་ བློན་ཆེན་བགྲེསཔ་ཅིག་གིས་ཡང་ དོ་འགྲན་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་དོན་ལས་ སྐུལ་བསྒྲགས་འབདཝ་ད་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཨ་བྷི་སིཊ་ ཝེ་ཇ་ཇི་ཝ་དེ་ ལམ་འགྲུལ་འབད་ཚུ་གིས་ བཀག་ཐོག་ལས་ ཁོ་དང་གཅིག་ཁར་ དཔར་བཏབ་ནུག།ཨོགཛ་ཕོརཌ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ དཔལ་འབྱོར་མཁས་མཆོག་དེ་ སྲིད་དོན་ནང་ རྣམ་རྟོག་མེད་པར་ ལོག་འོང་མི་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ དགའ་ཚོར་སྐྱེདཔ་མ་ཚད་ ཐུགཔ་བཙོང་མི་ཅིག་གིས་ ཁྱོད་ ད་ལྟོ་ཡང་ ཧེ་མ་བཟུམ་སྦེ་ར་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ར་ མཐོང་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཡོདཔ་ཨིན་པས།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དམར་བསད།

བི་བི་སི།སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ ག་ཟའི་བྱང་དང་ ལྷོ་ཁ་ཐུག་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དེ་ཅིག་ དམར་བསད་འབད་ནུག།ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དྲག་ཐོག་དབང་བཙོངཔ་ཚུ་གིས་ བྱང་ཕྱོགས་ཁ་ཐུག་ལུ་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ དམག་མི་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ངན་ལན་འཇལ་ཡི་ཟེར་ཨིན་པས།

Online now: 3 Today: 4256 Total visitors: 6933