ArchiveAboutContact

Month: January 2026

National News

ལུང་ནག་ནང་གི་ མི་སེར་ཚུ་གི་དོན་ལས་ ས་ཁ་མཐོ་སའི་ ཆུར་བརྟེན་གློག་མེ་ལས་འགུལ།

པདྨ་དབང་འདུས། འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ གཙོ་རིམ་ལས་སྣའི་འོག་ལུ་ ལུང་ནག་ནང་གི་ མི་སེར་ཚུ་ལུ་ གློག་མེ་སྤྲོད་ཐབས་ཀྱི་དོན་ལས་ ཆུར་བརྟེན་གློག་མེ་ཆུང་བའི་ ལས་འགུལ་ཅིག་ གཞི་བཙུགས་འབད་ནི་སྦེ་ཡོད་མིའི་ཐེད་ཁར་ མ་དངུལ་ཚུ་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་བརྒྱུད་དེ་ དངུལ་ཀྲམ༌ཐེར༌འབུམ༌ ༡.༥༠ རྒྱ་གར་གཞུང་ལས་ བྱིན་ནི་ཨིན་པས། མ་དངུལ་དེ་ནང་ ཆུར་བརྟེན་གློག་མེ་ཆུང་བའི་གུ་ ཉིན་དྲོད་གློག་མེ་དང་ རླུང་ཤུགས་གློག་མེའི་ ལས་འགུལ་ཚུ་ཡང་ ཚུད་ནི་དང་ ལས་འགུལ་དེ་ཚུའི་ སྙན་ཞུ་རྒྱསཔ་ཚུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ བཟོ་སྐྲིག་འབད་ཡོད་མི་དང་བསྟུན་ གློག་མེ་བཟོ་བསྐྲུན་ ལག་ལེན་འཐབ་ནི་གི་ འགན་ཁུར་དེ་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ལུ་ར་ སྤྲོད་ཡོད་རུང་ གློག་མེ་བཀྲམ་སྤེལ་གྱི་ལཱ་ཚུ་ འབྲུག་གློག་མེ་ལས་འཛིན་གྱིས་ ལག་ལེན་འཐབ་ནི་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྦྱོང་བརྡར་མཐར་འཁྱོལ་གྱི་ རྟེན་འབྲེལ་ནང་དབུ་བཞུགས།

པདྨ་དབང་འདུས། སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འཇིགས་མེད་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྦྱོང་བརྡར་སྤེལ་ཁང་ནང་ལས་ འགོ་དཔོན་དང་ འགག་གསར་ཚུ་གི་ སྦྱོང་བརྡར་མཐར་འཁྱོལ་གྱི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག། དེ་ཡང་ འགོ་དཔོན་སྦྱོང་བརྡར་ ཤོ་ཐེངས་ ༤༤ པའི་ འགོ་དཔོན་ཚུ་དང་ ཤོ་ཐེངས ༥༧ པའི་ དམག་གསར་ཚུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ནང་ འཛུལ་ཞུགས་ཀྱི་ བརྡ་མཚོན་སྟོནམ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ པོ་ལེན་གྱི་ ས་མཚམས་ལུ་དམིགས་ཏེ་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཅིག་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ ནེ་ཊོའི་འཐུས་མི་ པོ་ལེན་རྒྱལ་ཁབ་ཀྱི་ ས་མཚམས་ལུ་དམིགས་ཏེ་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཅིག་ བཏང་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ ཡུ་རོབ་ཀྱི་ ཉེན་སྲུང་ལུ་ འཇིགས་སྐུལ་གསརཔ་ཅིག་ ཐོན་པ་ལུ་བརྟེན་ཏེ་ འཛམ་གླིང་ནང་ གདོང་ལན་ཅན་ཅིག་ བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས། དེ་ཡང་ འདས་པའི་ཟླཝ་ནང་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་གྱི་ སྡོད་ཁྱིམ་གཅིག་ལུ་ གནོདཔ་བཀལ་ནི་སྦེ་ དཔའ་བཅམ་ཡོད་པའི་ གདོང་ལན་ལུ་ཨིནམ་སྦེ་ བཤད་ཡོད་རུང་ ཡུ་ཀེ་རེན་དང་ ཡུ་ཨེཛ་གིས་ ཁས་ལེན་འབད་མ་བཏུབ་པས་ཟེར་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

National News

དཱན་ཏག་ལས་འགུལ་དང་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་བར་ན་ ས་སྣུམ་བཀྲམ་སྤེལ་གྱི་ གོ་དོན་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ རྒྱ་གཞུང་ལམ་སེལ་ལས་སྡེ་ དཱན་ཏག་ལས་འགུལ་དང་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་བར་ན་ དཱན་ཏག་ལས་འགུལ་ལུ་ ལོ་ངོ་ ༡ གི་དོན་ལས་ ས་སྣུམ་པེ་ཊཱོལ་དང་ ཌི་ཛེལ་ཚུ་ བཀྲམ་སྤེལ་འབད་ནི་གི་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ད་ ཆིངས་ཡིག་དེ་གིས་ དཱན་ཏག་ལས་འགུལ་དང་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་བར་ན་ མཉམ་འབྲེལ་གྱི་ བརྡ་མཚོན་སྟོནམ་ཨིན་པས།    གོ་དོན་ཆིངས་ཡིག་ནང་གསལ་ རྒྱལ་ཁབ་ནང་ཡོད་མི་ དཱན་ཏག་ལས་འགུལ་གྱི་ སྣུམ་འཁོར་དང་ བཟོ་རིག་འཕྲུལ་ཆས་ ས་བརྐོ་རྡོ་སློག་གི་ འཕྲུལ་ཆས་ཚུ་གི་དོན་ལུ་ དགོས་མཁོ་ཡོད་པའི་ ས་སྣུམ་ཚུ་ བཀྲམ་སྤེལ་འབད་ནི་ཨིནམ་སྦེ་ འཁོད་དེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནངབཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༤ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༩ གི་དྲོ་པར་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ དམིགས་གཏད་བསྐྱེད་དེ་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ ༡༩ ལུ་ རྨ་སྐྱོན་བྱུང་ནུག། དེ་སྦེ་ རྨ་སྐྱོན་བྱུང་མི་ ༡༩ གི་གྲས་ལས་ ༡༤ ལུ་ སྨན་ཁང་ནང་སྦེ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ གནོད་འཚུབ་དེ་ནང་ སྡོད་ཁྱིམ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༨ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ ཨིཛ་རེལ་གྱིས་ ག་ཟ་ལུ་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ ཨ་ལོ་ ༤ བརྩིས་ཏེ་ མི་གྲངས་ ༨ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ ལྷོ་ཕྱོགས་ག་ཟ་ལུ་ མི་སེར་ཚུ་ སྐྱབས་བཅོལ་འབད་དེ་བཞག་མི་ གུར་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུལ་བཀལ་མིའི་ནང་ཡང་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

Online now: 5 Today: 757 Total visitors: 7977