ArchiveAboutContact

Month: July 2025

World News

ར་ཤི་ཡ་ལུ་ ས་ཡོམ་ཤུགས་ཅན་ རྐྱབ་མི་ལུ་བརྟེན་ཏེ་ རྒྱལ་ཁབ་གཞན་ཚུ་ནང་ མཚོ་རླབས་འཁྲུག་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ར་ཤི་ཡའི་ ཤར་ཕྱོགས་མཚོ་འགྲམ་ལུ་ ས་ཡོམ་ཤུགས་ཚད་ ༨.༨ འབད་མི་ཅིག་ རྐྱབ་ཡོད་མི་དེ་ སྤྱི་ལོ་ ༢༠༡༡ ལས་ ད་ཚུན་གྱི་བར་ན་ ཤུགས་ཆེ་ཤོས་ཅིག་ཨིནམ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ པེ་སི་ཕིག་ རྒྱ་མཚོའི་ས་ཁོངས་ ཧ་ཝའི་དང་ ཨ་ལཱཛ་ཀ་ ཡུ་ཨེཛ་ ཀེ་ན་ཌ་ ལྷོ་ཨ་མི་རི་ཀ་ཚུ་ནང་ མཚོ་རླབས་ཚུ་ འཁྲུག་དོ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༡༡ ལུ་འབད་བ་ཅིན་ རྒྱ་པཱན་ལུ་ ས་ཡོམ་ཤུགས་ཚད་ ༩ འབད་མི་ཅིག་རྐྱབ་པའི་ མཚོ་རླབས་ལུ་བརྟེན་ཏེ་ གནོད་སྐྱོན་ཚད་མེད་ཅིག་ བྱུང་ཡོདཔ་སྦེ་བཀོད་ནུག། དེ་ཡང་ མཚོ་རླབས་ཚུ་ལུ་བརྟེན་ཏེ་ གནོད་སྐྱོན་ག་དེ་སྦེ་ར་ བྱུང་ཡོད་མེད་ཀྱི་སྐོར་ལས་ མངོན་དཔག་འབད་མཚུགསཔ་ཅིག་ཨིན་རུང་ ས་ཁོངས་ལེ་ཤ་ཅིག་གི་ནང་ར་ མཚོ་རླབས་ཀྱི་ གནོད་སྐྱོན་ཚུ་གི་སྐོར་ལས་ སྙན་ཞུ་ཚུ་འབད་ནི་ འགོ་བཙུགས་ཡོད་རུང་ གནོད་སྐྱོན་གྱི་ ཚབས་ཆེ་ཧིང་དེ་ ཧེ་མ་ དོགས་པ་བསྐྱེད་དོ་བཟུམ་སྦེ་ར་ ཚབས་ཆེན་ར་མེདཔ་ཨིན་པས། པེ་སི་ཕིག་ མཐའ་འཁོར་གྱི་ མཁས་མཆོག་ཚུ་གིས་ […]

World News

མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ དམག་འཁྲུག་དེ་ མཚམས་འཇོག་འབད་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ དམག་འཁྲུག་དེ་ མཇུག་བསྡུ་ནིའི་དོན་ལས་ རྒྱལ་ཁབ་ ༢ ཀྱི་ དམག་སྡེ་འགོ་དཔོན་ ཚུ་གི་བར་ན་ གྲོས་བསྡུར་འབད་ཡོད་རུང་ མཐའ་ཡས་ལེན་གྱི་ དམག་མི་ཚུ་གིས་ ཀམ་བོ་ཌི་ཡའི་ དམག་མི་ཚུ་ལུ་ རྒྱལ་ཁབ་ ༢ ཀྱི་ ཞི་བདེའི་ཆིངས་ཡིག་ལས་ འགལ་བ་འབད་ཡོད་པའི་ ཉེས་འཛུགས་བཀལ་ནུག དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ ཤར་ལྷོ་ཨེ་ཤི་ཡའི་ ཁྱིམ་ཚང་རྒྱལ་ཁབ་ ༢ ཀྱི་ འགོ་ཁྲིདཔ་ཚུ་ མ་ལེ་ཤི་ལུ་སྦེ་ ཕྱད་ཐོག་ལས་ ཞི་བདེའི་གསུང་གྲོས་གནང་ཡོདཔ་ད་ འདས་པའི་བདུན་ཕྲག་ལས་ འགོ་བཙུགས་མི་ དམག་འཁྲུག་དེ་ནང་ ཞི་བའི་མི་སེར་ ༣༨ ལུ་ ཤི་རྐྱེན་དང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ རང་སོའི་ཁྱིམ་ནང་ལས་ཐོན་ཏེ་ བྱོག་འགྱོ་དགོཔ་ བྱུང་ཡོདཔ་ཨིན་པས། ཨིན་རུང་ དམག་འཁྲུག་དེ་ མཇུག་བསྡུ་ནི་སྦེ་ མོས་མཐུན་བྱུངམ་བཞིན་དུ་ […]

World News

ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ རྒྱལ་ཁབ་དེ་ རྡུལ་ཕྲན་ནུས་ཤུགས་ཀྱི་ རྒྱལ་ཁབ་ཅིག་སྦེ་ ངོས་ལེན་འབད་དགོཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱི་མོ་སྤུན་ ཀིམ་ཡོ་ཇོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཁོང་གི་རྒྱལ་ཁབ་དེ་ སྒྱུར་བཅོས་མ་རུང་བའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ རྒྱལ་ཁབ་སྦེ་ ངོས་ལེན་འབད་དགོ་ཟེར་ཨིན་པས། དེ་ཡང་ ཀོ་རི་ཡའི་ གཞུང་འབྲེལ་གནས་ཚུལ་ལྟེ་བ་གིས་ དཔར་བསྐྲུན་འབད་ཡོད་མིའི་ནང་ མ་འོངས་པ་ལུ་ གནད་དོན་ག་ཅི་དང་འབྲེལ་ཏེ་འབད་རུང་ བྱང་ཀོ་རི་ཡའི་ ལྕོགས་གྲུབ་དང་ སྲིད་འབྲེལ་གྱི་ གནས་སྟངས་ཚུ་ མཐའ་གཅིག་ཏུ་ སྒྱུར་བཅོས་བཏང་ཡོདཔ་སྦེ་བཀོད་ནུག། བྱང་ཀོ་རི་ཡ་དེ་ རྡུལ་ཕྲན་ནུ་ཤུགས་ཀྱི་ རྒྱལ་ཁབ་ཟེར་བའི་ གནས་ཚད་དེ་ཡང་ རྡུལ་ཕྲན་ནུས་ཤུགས་ལུ་ བཀག་ཆ་ཚབས་ཆེན་གྱི་ གནས་སྟངས་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ མངོན་པར་མཐོ་བའི་ ཁྲིམས་ལུགས་ཀྱི་སྒོ་ལས་ གཞི་བཙུགས་འབད་ཡོདཔ་ལས་ མི་སེར་ག་རའི་ བློ་འདོད་ཀྱི་ བརྡ་མཚོན་སྟོན་དོ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས། ཀམ་ཡོ་ཇོང་གིས་ བྱང་ཀོ་རི་ཡ་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ གདོང་ཐུག་འབད་དེ་ ཁེ་ཕན་ག་ནི་ཡང་མེདཔ་ལས་ ཡུ་ཨེཛ་གི་ཁ་ཐུག་ལས་ བསམ་མནོ་གསརཔ་གི་ཐོག་ལས་ འབྲེལ་དོན་གྱི་ ཐབས་ལམ་གཞན་ འཚོལ་དགོཔ་སྦེ་བཤད་ནུག། […]

Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་གྱི་ ས་མཚམས་འཁོར་ལམ་གྱི་ ཡོངས་ཁྱབ་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ སྲུང་སྐྱོབ་ལྷན་ཁག་ ས་མཚམས་འཁོར་ལམ་གྱི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་ར་གུ་སི་རི་ནི་ཝ་སན་དང་ མཇལ་ཕྲད་མཛད་གནང་ནུག། ས་མཚམས་འཁོར་ལམ་གྱིས་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་དང་ ཁྱིམ་ཚང་རྒྱལ་ཁབ་ དག་པ་ཅིག་གི་ འཁོར་ལམ་ཡོངས་འབྲེལ་ཚུ་ གོང་འཕེལ་བཏང་སྟེ་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས། དེ་ཡང་ ས་མཚམས་འཁོར་ལམ་གྱི་ འཛིན་སྐྱོང་ལས་འགུལ་ དཱན་ཏག་དེ་ སྤྱི་ལོ་ ༡༩༦༡ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

National News

དྲག་ཤོས་གཟིམ་དཔོན་ རྡོ་རྗེ་རྒྱལ་མཚན་གྱི་སྤུར་སྦྱང་།

སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་གཟིམ་དཔོན་ དྲག་ཤོས་རྡོ་རྗེ་རྒྱལ་མཚན་གཤགས་མིའི་ སྐུ་ཕུང་དེ་ རྒྱལ་ཁམས་ཀྱི་ སྤུར་སྦྱང་མཛད་ཡོདཔ་ད་ དེ་བསྒང་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ཁ་ཐུག་ལས་ ཆེ་བསྟོད་བསྟི་སྭ་ཞུ་སྟེ་ སྤུར་སྦྱང་གི་ མཛད་སྒོ་ཚུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མཛད་གནང་ནུག།དྲགོས་གཟིམ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སྤྱི་ལོ་ ༡༩༦༣ ལུ་ སྐུ་སྲུང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ འབྲུག་རྒྱལ་བཞི་པ་མཆོག་གི་ཞབས་སར་ ཕྱག་ཕྱིད་ཞུ་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༡༩༧༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ དཔོན་གཉིས་སྐལ་མའི་ གོ་གནས་ཐོག་ལུ་ འབུ་རས་དམརཔོ་ གནང་ཡོདཔ་ཨིན་པས།དྲག་ཤོས་ཀྱིས་ རྒྱལ་པོའི་གཟིམ་དཔོན་སྦེ་ ལོ་ངོ་ ༣༤ གི་རིང་ལུ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༢༠༢༡ ལོར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་ཡང་གནང་ནུག།དྲགོས་གཟིམ་དཔོན་ རྡོ་རྗེ་རྒྱལ་མཚན་དེ་ དགུང་ལོ་ ༨༣ བཞེས་པའི་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ གཤགས་ཡོད་པའི་གནས་ཚུལ།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་གྱི་དོན་ལུ་ འཛུལ་ཞུགས་འཁོར་ལམ་དང་ ཟམ་ཚུ་བཟོ་བསྐྲུན།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ མེ་ག་ཝཊི་ ༡,༡༢༥ འབད་མི་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་གྱི་དོན་ལུ་ འཛུལ་ཞུགས་འཁོར་ལམ་དང་ ཟམ་ཚུ་ བཟོ་བསྐྲུན་གྱི་ལཱ་དེ་ ཁག་འབག་ ༢ ལུ་སྤྲོད་ནུག། དེ་ཡང་ ཀེ་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་དང་ འཆི་མེད་ཨར་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་ལུ་ སྤྲོད་ཡོདཔ་བཞིན་དུ་ ཁག་འབག་གི་ གན་ཡིག་གུ་ མིང་རྟགས་ཚུ་ཡང་ ཐིམ་ཕུ་ལུ་ཡོད་མི་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ ཡིག་ཚང་ནང་སྦེ་ བཀོད་ཡོདཔ་ཨིན་པས། ཀེ་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་གྱིས་ དངུལ་ཀྲམ་ས་ཡ་ ༢༠༨ གནས་པའི་ ཀུ་རི་ཆུ་གུ་ལས་ཟམ་དང་ ཀུ་རི་ཆུ་ཕར་ལོགས་ལས་ མཐུད་སྦྲེལ་གྱི་ འཁོར་ལམ་ཚུ་ བཟོ་བསྐྲུན་འབད་ནི་དང་ ཀུ་རི་ཟམ་པའི་ལོགས་ལུ་ གློག་མེ་འཕྲུལ་ཁང་ཉེ་འདབས་ཀྱི་ འཁོར་ལམ་ཚུ་ གནས་གོང་དངུལ་ཀྲམ་ས་ཡ་ ༢༧༡ སྦེ་ འཆི་མེད་ཨར་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་གྱིས་ བཟོ་བསྐྲུན་འབད་ནི་སྦེ་ ཁག་འབག་ཐོག་སྤྲོད་ནུག། ཟམ་དང་ འཁོར་ལམ་དེ་ཚུ་གིས་ ཆུ་མཛོད་དང་ གློག་མེ་འཕྲུལ་ཁང་ ས་དོང་བརྐོ་ནི་ཚུ་གི་དོན་ལུ་ ཅ་ཆས་དང་ འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ནི་ལུ་ […]

World News

རྒྱ་ནག་གཞུང་གིས་ ཨ་ལོའི་སྐྱེས་ཚད་ ཡར་སེང་གི་དོན་ལས་ ཨ་ལོའི་ཕམ་ཚུ་ལུ་ མ་དངུལ་གྱི་གྲོགས་རམ།

བི་བི་སི། རྒྱ་ནག་གཞུང་གིས་ ཨ་ལོའི་སྐྱེས་ཚད་ ཡར་སེང་གི་དོན་ལས་ ལོ་བསྟར་བཞིན་དུ་ སྐྱེས་ལོ ༣ འོག་རྒྱུ་འབད་མི་ ཨ་ལོ་རེ་ལུ་ རྒྱ་ནག་གི་ཏི་རུ་ ཡུན་ ༣,༦༠༠ རེ་འབདཝ་ད་ ཡུ་ཨེཛ་ཌོ་ལཱར་ ༥༠༠ རེ་ གྲོགས་རམ་སྦེ་ འགོ་དང་པ་ བྱིན་དོ་ཡོདཔ་ཨིན་པས།དེ་ཡང་ ཀམ་མུ་ནིཛ་གཞུང་གིས་ ལོ་ངོ་བཅུ་ཕྲག་ ༡ གི་ཧེ་མར་ རྒྱ་ནག་ལུ་ སྐྱེས་ཚད་མར་ཕབ་ཀྱི་དོན་ལས་ ཨ་ལོ་གཅིག་ཟེར་མི་ རྩོད་རྙོག་ཅན་གྱི་ སྲིད་བྱུས་གཞི་བཙུགས་འབད་མི་དེ་ ད་རེས་ ཆ་མེད་བཏང་ནུག།གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མ་དངུལ་གྱི་ གྲོགས་རམ་དེ་གིས་ བཟའ་ཚང་ས་ཡ་ ༢༠ དེ་ཅིག་ལུ་ ཨ་ལོ་གསོ་སྐྱོང་གི་དོན་ལས་ ཟད་འགྲོ་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།འཛམ་གླིང་ནང་ དཔལའབྱོར་སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་ཨང་ ༢ པ་ཨིན་མི་ རྒྱ་ནག་ལུ་ མི་འབོར་གྱི་ དཀའ་ངལ་འཐོན་དོ་ཡོད་པ་ལས་ རྒྱ་ནག་གི་ མངའ་སྡེ་ལེ་ཤ་ཅིག་ནང་ དངུལ་ཕོགས་སྤྲོད་དེ་ ཨ་ལོ་ལེ་ཤ་སྦེ་ སྐྱེ་བཅུག་ནི་གི་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ སྲིད་བྱུས་དེ་ དུས་ཅི་གི་ […]

Online now: 28 Today: 2640 Total visitors: 2640