ArchiveAboutContact

Month: June 2025

Special News

རྒྱ་གར་ཨཱ་མེ་ད་བཱད་ལུ་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་གི་དོན་ལས་ བསྔོ་བ་སྨོན་ལམ།

སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ ཀུན་རྭ་ནང་སྦེ་ རྒྱ་གར་ཨཱ་མེ་ད་བཱད་ལུ་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ དམིགས་བསལ་གྱི་ བསྔོ་བ་སྨོན་ལམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ སྨོན་ལམ་དེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་མཆོག་ མི་དབང་རྒྱལ་བཙུན་རྣམས་ དབུ་བཞུགས་ཐོག་ལས་ མར་མེ་སྟོང་མཆོད་ ཕུལ་གནང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ བློན་ཆེན་ངོ་ཚབ་དང་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ འབྲུག་བཞུགས་རྒྱ་གཞུང་སྐུ་ཚབ་ སྲིད་སྐྱོང་མི་སྡེའི་ འཐུས་མི་ཚུ་གིས་གཙོས་པའི་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ རྒྱ་གར་གཞུང་གི་ འགོ་དཔོན་ཚུ་གིས་ཡང་ བསྔོ་བ་སྨོན་ལམ་གྱི་ ལས་རིམ་ནང་ གྲལ་གཏོགས་འབད་ནུག། དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་མཆོག་གིས་ རྒྱ་གར་གཞུང་དང་ རྒྱ་གར་གྱི་ མི་སེར་ཚུ་ལུ་ སེམས་གསོའི་གསུང་འཕྲིན་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།

World News

ཨེ་ཡར་ཨིན་ཌི་ཡ་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་ ༢༧༠ ལུ་ ཡར་སེང་སོང་ཡོདཔ།

རོའི་ཊརཛ། རྒྱ་གར་ལུ་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་དེ་ མི་གྲངས་ ༢༧༠ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མིའི་ ཕུངམོ་དེ་ཚུ་ རྩིས་སྤྲོད་འབད་ནི་ལུ་ཡང་ དུས་ཡུན་འགོར་ཡོདཔ་ལས་ བཟའ་ཚང་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།གནམ་གྲུ་བོ་ཡིང་ ༧༨༧-༨ ནང་ མཁའ་འགྲུལཔ་ ༢༤༢ སྡོད་ཡོདཔ་ད་ གནམ་གྲུ་དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ བི་རི་ཊེན་གྱི་ གེཊ་ཝིག་གནམ་ཐང་ལུ་ འཕུར་འགྲུལ་འབད་ནི་སྦེ་ ཨཱ་མེ་ད་བཱད་ གནམ་གྲུ་ཐང་ལས་ འཕུར་ཚརཝ་ཅིག་ར་ སྒྲིང་ཁྱིམ་ཅིག་གུ་བུད་དེ་ མེ་འབར་ནུག།སྤྱི་ཟླ་ ༦ པའི་ཚེས་ ༡༤ ཚུན་ལུ་ གནམ་གྲུ་ཐུག་རྐྱེན་གྱི་ ས་གོ་ནང་ལས་ ཕུངམོ་ ༢༧༠ ཐོབ་ཡོདཔ་ད་ གནམ་གྲུ་དེ་ སྤྱི་ལོ་ ༢༠༢༢ ལུ་ ཊ་ཊ་སྡེ་ཚན་གྱིས་ རྒྱ་གར་གཞུང་ལས་ རྩིས་ལེན་ཏེ་ སྔར་བ་ལྷགཔ་སྦེ་ བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་བར་ན་ ཐུག་རྐྱེན་དེ་གིས་ མིང་གཏམ་ལུ་ ཐོ་ཕོག་ནུག།ད་རེས་ […]

Online now: 7 Today: 682 Total visitors: 7902